Tibetan Royal Year of 2151 | Year of the Wood Dragon

བོད་བསང་ཆུའི་ཁུལ་དུ་ཆུའི་འཇིག་པའི་ཁྲོད་བོད་མི་ལྔ་འདས་གྲོངས་སུ་གྱུར་བ་གཙོས་མི་རྒྱུ་གཉིས་ཀར་གནོད་འཚེ་ཕོག་འདུག

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

རྒྱ་ནག་གཞུང་གིས་དབྱེ་བའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཟེར་བའི་བསང་ཆུ་རྫོང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འཁྲིས་གྲོང་སྡེ་ཁག་གཅིག་ལ་ཆར་ཞོད་ཤིན་ཏུ་ཆེ་བ་བབས་པར་བརྟེན་ས་རུད་དང་ཆུའི་འཇིག་པ་ཆེས་ཆེར་བྱུང་སྟབས། ཆུའི་འཇིག་པའི་ཁྲོད་བོད་མི་ ༥ འདས་གྲོངས་དང་མི་ ༢༠ ཙམ་ལ་རྨས་སྐྱོན་ཕོག་ཡོད་པར་མ་ཟད་ནོར་ལུག་མང་པོ་འཆི་སྐྱོན་གྱི་གནོད་འཚེ་ཕོག་འདུག

དེའང་ཉེ་ལམ་བོད་མདོ་སྨད་ཁུལ་གྱི་ས་གནས་འདྲ་མིན་ཁག་གཅིག་ལ་ཆར་ཞོད་ཆེས་ཆེར་བབས་པའི་རྐྱེན་གྱིས་ཆུ་ལོག་བྱུང་སྟེ་ས་གནས་ཀྱི་གཞུང་ལམ་དང་སྡོད་ཁང་མང་པོར་གནོད་འཚེ་ཕོག་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་ལྟར། གནོད་འཚེ་ཤུགས་ཆེར་ཕོག་ཡུལ་ས་གནས་གཙོ་བོ་ནི་བསང་ཆུ་རྫོང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འཁྲིས་གྲོང་སྡེ་ཁག་དང་བསང་ཁོག་དང་རྒན་གྱ། ཨ་མཆོག་དང་འབོ་ར། སྒྱིས་ཚང་དང་དམེ་ཤུལ། རྒྱ་སྒར་ཐང་། གཙོས་ཁོག་སོགས་ཆགས་ཀྱི་འདུག

བོད་ནས་ཕྱིར་འགྱར་བྱུང་བའི་བརྙན་ཐུང་ལ་གཞིགས་ཚེ། ཐེངས་འདིའི་འབྱུང་བའི་གོད་ཆག་ལས་ཆུའི་འཇིག་པའི་ཁྲོད་གོང་གསལ་ བོད་བསང་ཆུའི་ཁུལ་དུ་རྟེན་གཞི་བྱས་པའི་འབྲོག་ཁྱིམ་ཁག་གི་འབྲོག་མི་ ༥ འདས་གྲོངས་དང་མི་ ༢༠ ཙམ་ལ་རྨས་སྐྱོན་ཕོག་ཡོད་པར་མ་ཟད་ནོར་ལུག་དུ་མ་ཆུས་འཁྱེར་ཞིང་། གཞུང་ལམ་དང་སྡོད་ཁང་མང་པོར་གནོད་འཚེ་ཕོག་ཡོད་པར་བརྟེན། དུད་ཚང་ ༧༦ གནས་སྐབས་རིང་ས་གནས་གཞན་དུ་གནས་སྤོ་ཟིན་ཡོད་སྐོར་མཐོང་རྒྱུ་འདུག

རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གཅིག་དང་སྤྱི་ཚོགས་དྲ་རྒྱའི་ཐོག་ཐོན་པའི་བརྙན་པར་དང་འདྲ་པར་ཕྱིར་འགྱར་བྱུང་ཁག་ལ་གཞིགས་ན། ཟླ་བ་འདིའི་ཕྱི་ཚེས་ ༡༡ བོད་བསང་ཆུ་རྫོང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འཁྲིས་གྲོང་སྡེ་ཁག་དང་བསང་ཁོག་དང་རྒན་གྱ། ཨ་མཆོག་དང་འབོ་ར། སྒྱིས་ཚང་དང་དམེ་ཤུལ། རྒྱ་སྒར་ཐང་། གཙོས་ཁོག་སོགས་ལ་ཆུ་རུད་དང་ས་རུད་བྱུང་ནས་ས་གནས་མང་ཚོགས་ཀྱི་སྡོད་ཁང་དང་སྒོ་ཕྱུགས། ནོར་ཟོག་བཅས་པར་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པའི་ཁོངས་ནས་འབྲོག་མི་ ༢ རྐྱེན་འདས་དང་མི་ ༢ གར་སོང་ཆ་མེད་དུ་འགྱུར་འདུག་པར་མ་ཟད། མི་ ༧ ལ་རྨས་སྐྱོན་ཕོག་ཡོད་པར་བརྟེན་དུད་ཁྱིམ་ ༧༦ གི་མི་གྲངས་ ༣༣༦ གནས་སྤོས་ཏེ་མྱུར་སྐྱོབ་སླད་དུ་ས་གནས་སྲིད་གཞུང་གི་ངལ་སེལ་རོགས་སྐྱོར་རུ་ཁག་དང་སྤྱི་བདེ། མེ་གསོད་རུ་ཁག་སོགས་སྡེ་ཚན་སོ་སོའི་འབྲེལ་ཡོད་མི་སྣ་གནོད་འཚེ་ཕོག་པའི་ཡུལ་དངོས་ལ་ཆེད་བཅར་གྱིས་གནོད་འགོག་གི་བྱ་འགུལ་སྤེལ་བཞིན་པ་མ་ཟད། གཞུང་ལམ་དང་གློག ཟམ་པ་སོགས་བསྐྱར་གསོའི་ལས་འགུལ་སྤེལ་བཞིན་ཡོད་སྐོར་གནས་ཚུལ་སྤེལ་འདུག

དེའི་བར་ན་དེ་རིང་༸རོང་ཆེན་ཀིརྟི་རིན་པོ་ཆེ་མཆོག་གིས་ཆར་ཞོད་ཀྱི་གནོད་འཚེ་ཕོག་ཡུལ་ཧོར་གཙང་ཤིང་ཆེན་སྡེ་པ་གཙོས་ཀན་ལྷོ་ས་ཁུལ་གྱི་མང་ཚོགས་རྣམས་ལ་ཐུགས་སྨོན་དང་གདུང་སེམས་མཉམ་བསྐྱེད་ཡོད་པའི་གསུང་འཕྲིན་ཞིག་གནང་འདུག

རྩ་བའི་བོད་ནང་དུ་ས་གནས་སྲིད་གཞུང་གིས་མང་ཚོགས་རྣམས་ལ་ཆར་ཞོད་ཆེ་བའི་དབྱར་དུས་དང་བསྟུན་ནས་ཆུའི་འཇིག་པ་ལས་གཡོལ་ཐབས་སུ་སྔོན་བརྡ་བཏང་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།