Tibetan Royal Year of 2151 | Year of the Wood Dragon

རྡོ་རྗེ་བཀྲིས་ལགས་དང་ཁོང་གི་སྲིང་མོ་མགོན་པོ་སྐྱིད་ལགས་རྣམ་གཉིས་ལ་འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཕུལ་བ།

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

ཁ་སང་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་མོ་ནི་དེ་སྔ་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་རྒྱ་གཞུང་གི་བཙོན་ཁང་ནང་སྐུ་གྲོངས་པའི་ཉིན་མོ་ཡིན་པ་དང་བསྟུན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ International Tibet Network གིས་གོ་སྒྲིག་ཞུས་དོན་ལྟར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་སྐུ་འདས་གྲོངས་སུ་གྱུར་ནས་ལོ་ངོ་ ༨ འཁོར་བའི་རྗེས་དྲན་ཉིན་མོར་སྲུང་བརྩི་ཞུས་སོང་བ་དང་སྦྲགས། ཕྱི་ལོ་ ༢༠༢༣ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐེངས་ ༨ པ་དེ་རྒྱ་ནག་གཞུང་གིས་ཚེ་བཙོན་ཁྲིམས་ཐག་བཅད་ཡོད་པའི་བོད་ཀྱི་འབྱོར་ལྡན་ཚོང་པ་དང་སྤྱི་ཚོགས་ཞབས་ཞུ་བ་རྡོ་རྗེ་བཀྲིས་ལགས་དང་ཁོང་གི་སྲིང་མོ་མགོན་པོ་སྐྱིད་ལགས་རྣམ་གཉིས་ལ་ཕུལ་སོང་།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས། དེ་བཞིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ཟུང་འབྲེལ་གྱིས་གོ་སྒྲིག་ཞུས་པའི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སློབ་མ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས། དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་དབང་ལྡན་སྐྱབས་ལགས། བོད་དོན་རྒྱབ་སྐྱོར་བ་དང་ས་གནས་མི་མང་སོགས་ནས་མཉམ་ཞུགས་གནང་སོང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་རྗེས་དྲན་ལས་རིམ་ཐོག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྙིང་སྟོབས་གཟེངས་རྟགས་འདི་ཁོང་གཉིས་ལ་འབུལ་ལམ་ཞུ་དགོས་དོན་གཙོ་བོ་ནི་རྡོ་རྗེ་བཀྲིས་ལགས་ལྟ་བུར་མཚོན་ན་གཞན་ཕན་སྒྲུབ་མཁན་གྱི་གང་ཟག་ཞིག་ཡིན་པ་དང། མགོན་པོ་སྐྱིད་ལགས་ཀྱིས་ཉེ་དུས་ནང་རྒྱ་ནག་གིས་རྡོ་རྗེ་བཀྲིས་ལགས་ལ་མ་ཉེས་ཁ་གཡོགས་བྱས་པ་དང་། ཁོང་ལ་དྲང་བདེན་གྱི་ཁྲིམས་ཐག་གཅོད་ཀྱི་མེད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ཁོང་འཕྲལ་མར་གློད་བཀྲོལ་ཡོང་ཐབས་སུ་བོད་ཀྱི་རྒྱལ་ས་ལྷ་སའི་མི་དམངས་ཁྲིམས་ཁང་གི་མདུན་དུ་ཞུ་གཏུག་དང་དྲ་ཐོག་ལས་འགུལ་གཅིག་རྗེས་གཉིས་མཐུད་ཀྱིས་རྡོ་རྗེ་བཀྲ་ཤིས་ལགས་ལ་ཁྲིམས་འགལ་ཐོག་ནས་བཙོན་འཇུག་བྱས་པའི་གྱོད་དོན་ལ་བསྐྱར་ཞིབ་དགོས་པའི་དགོས་འདུན་ཆེད་བཏོན་གྱིས་འཚེ་མེད་ཞི་བའི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་སོགས་འགྲེལ་བརྗོད་གནང་སྟེ་ཁོང་རྣམ་གཉིས་ལ་གཟེངས་རྟགས་དེ་ཕུལ་བ་ཞིག་ཆགས་ཡོད་ཅེས་གསུངས་སོང་།

སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གིས་བོད་ནང་དུ་དྲག་གནོན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་ཁྲོད་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་མངོན་གསལ་དང་སྦྲགས། སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་རྒྱ་ནག་གཅིག་གི་སྲིད་བྱུས་བརྒྱུད་བོད་ཀྱི་ཆོས་རིག་དང་མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་བཟོ་བཞིན་ཡོད་སྐོར་གསུངས་སོང་།

ལྷག་དོན་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་གྱི་ལས་འགུལ་བ་གང་བྱུང་དུ་འཛིན་བཟུང་བྱེད་བཞིན་ཡོད་པར་འཐེར་འདོན་གྱིས་བོད་དེ་ད་ལྟའི་ཆར་ཛ་དྲག་གི་གནས་སྟངས་ནང་ལྷུང་ཡོད་པ་གསུངས་སོང་།

སྲིད་སྐྱོང་མཆོག་གིས་རྡོ་རྗེ་བཀྲ་ཤིས་ལགས་དང་མགོན་པོ་སྐྱིད་ལགས་རྣམ་གཉིས་ད་ལྟའི་ཆར་རྒྱལ་སྤྱིའི་ཁྲོད་བོད་ཀྱི་འཐབ་རྩོད་ཐད་དཔང་རྟགས་གཙོ་གྲས་སུ་ཆགས་ཡོད་པར་མངོན་གསལ་དང་འབྲེལ། ཁོང་རྣམ་གཉིས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ལ་ཡི་རང་བསྔགས་བརྗོད་གནང་སྟེ་རྡོ་རྗེ་བཀྲ་ཤིས་ལགས་གང་མགྱོགས་གློད་བཀྲོལ་དང་ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེར་ཡོད་པ་སོགས་གསུངས་ཡོད།

རྩ་བའི་རྡོ་རྗེ་བཀྲིས་ལགས་ནི་གཞན་ཕན་ལ་འབད་མཁན་གྱི་བོད་མི་ཚོང་པ་གྲགས་ཅན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་ས་གནས་ཆབ་སྲིད་འགོ་ཁྲིད་ཁག་གཅིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱེད་བཞིན་ཡོད་པར་ཉེས་མིང་བཏགས་ནས་འཛིན་བྱུང་ཡོད་པ་དེ་ལྟར་ཡང་། ད་བར་ནག་ཉེས་རྩ་བ་ནས་ཁུངས་སྐྱེལ་མ་ཐུབ་པ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ལྷ་སར་རྒྱ་ནག་གི་ཁྲིམས་ཁང་ནས་གསང་བའི་ངང་ཁྲིམས་ར་ཚོགས་ཏེ་རྡོ་རྗེ་བཀྲ་ཤེས་ཀྱིས་བུ་ལོན་གཡོ་ལེན་བྱས་ཡོད་པའི་ཉེས་འཛུགས་ཀྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། རྡོ་རྗེ་བཀྲི་ཤིས་ལགས་ཀྱི་སྲིང་མོ་མགོན་པོ་སྐྱིད་ལགས་ཀྱིས་ཉེ་བའི་དུས་ཡུན་ནང་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་མདུན་དུ་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་ཞུ་གཏུག་རིམ་པ་གནང་ཡོད་ཀྱང་དེ་དག་ལ་ངོས་ལེན་བྱེད་ཀྱི་མེད་པར་ངོ་རྒོལ་དུ་མ་གནང་ཡོད་པ་རེད།

སྐབས་དེར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་དབང་ལྡན་སྐྱབས་ལགས་ཀྱིས་རྡོ་རྗེ་བཀྲིས་ལགས་དང་མགོན་པོ་སྐྱིད་ལགས་རྣམ་གཉིས་དང་འབྲེལ་གནས་ཚུལ་མཁོ་སྤྲོད་ཡོང་བར་བོད་ནང་འབྲེལ་བ་གནང་མུས་ཡིན་པ་དང་། དེ་རིང་མགོན་པོ་སྐྱིད་ལགས་ཀྱིས་རང་ཉིད་ཀྱི་གཅུང་པོ་གློད་བཀྲོལ་ཡོང་ཆེད་བོད་ཀྱི་རྒྱལ་ས་ལྷ་སར་སླར་ཡང་ལས་འགུལ་སྤེལ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་སྐོར་འགྲེལ་བརྗོད་གནང་སོང་།

མཛད་སྒོ་ཐོག་རྡོ་རྗེ་བཀྲ་ཤིས་ལགས་དང་མགོན་པོ་སྐྱིད་ལགས་རྣམ་གཉིས་དངོས་སུ་ཕེབས་ཐུབ་ཀྱི་མེད་ཀྱང་སྐབས་དེར་མགོན་པོ་སྐྱིད་ལགས་ཀྱིས་བརྙན་པར་བརྒྱུད་གསུང་བཤད་གནང་བ་ཞིག་གཟིགས་འབུལ་ཞུས་སོང་བའི་ནང་ཁོང་གིས་རྒྱ་ནག་གི་རྩ་ཁྲིམས་དང་ས་གནས་ཀྱི་བཅའ་ཁྲིམས་གང་དུའང་རྒྱ་ནག་གི་དཔོན་རིགས་དང་མི་སེར་དཀྱུས་མ་དེ་བཞིན་རྒྱ་རིགས་དང་བོད་རིགས་བཅས་ལ་ཁྲིམས་ཀྱི་ཐོག་ནས་འདྲ་མཉམ་ཡིན་པ་བཀོད་ཡོད་པ་དེ་ལྟར་ཡང་། ཁོང་གི་གཅུང་པོ་གློད་བཀྲོལ་ཡོང་ཐབས་སུ་ཞུ་གཏུག་ལན་མང་གནང་སྐབས་དངོས་སུ་དེ་ལྟར་མེད་པར་སྐྱོན་བརྗོད་བསྐྱར་ནན་གནང་འདུག

དེ་བཞིན་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྙན་པར་བརྒྱུད་འདི་ལོའི་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་སྙིང་སྟོབས་གཟེངས་རྟགས་དེ་ཁོང་རྣམ་གཉིས་ལ་གནང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་སླད་མར་བོད་མི་ཡོངས་ནས་བོད་ཀྱི་རྩ་དོན་ཆེད་ནུས་པ་མཉམ་སྤུངས་གནང་དགོས་གནད་ཆགས་ཡོད་སྟབས་དེ་ལྟར་གནང་རོགས་ཞེས་རེ་སྐུལ་གནང་འདུག

འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སློབ་མ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་འདི་ལྟ་བུའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གཟེངས་རྟགས་དེས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་རྣམས་ལ་སྙིང་སྟོབས་འཕེལ་བར་བློ་སྤོབས་ཤིག་སྦྱིན་གྱི་ཡོད་པ་དང་བོད་མི་ཚོར་སེམས་ཤུགས་འཕར་མ་ཞིག་བསྐྲུན་ཡོད་པ་སོགས་མངོན་གསལ་གནང་ཡོད།

གཞི་རྩའི་ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་དགོངས་རྫོགས་རྗེས་དྲན་གྱི་དུས་ཚིགས་སྲུང་བརྩི་དང་བསྟུན་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་ཞེས་སྲུང་བརྩི་ཞུས་ཏེ། བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་གཅིག་ལ་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་འབུལ་བཞེས་གནང་གི་ཡོད་པ་དང་། འདི་ལོའི་དམ་པ་ཁོང་གི་དགོངས་རྫོགས་རྗེས་དྲན་འདི་ནི་ལོ་བརྒྱད་འཁོར་བའི་རྗེས་དྲན་ཞིག་ཆགས་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༢༢ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐེངས་ ༧ པ་དེ་བོད་ནང་གི་བོད་མི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་གྲགས་ཅན་ཨ་ཉག་སེང་སྒྲ་ལགས་སུ་ཕུལ་ཡོད་པ་རེད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༥༠ ཟླ་ ༩ ཚེས་ ༢༥ ཉིན་ལི་ཐང་རྫོང་བདེ་སྐྱིད་གྲོང་དུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་གྱི་སྟེང་ལི་ཐང་དགོན་ཆེན་དུ་ཆོས་སྒོར་ཞུགས་ཡོད་པ་དང་། ཕྱི་ལོ་ ༡༩༨༢ ལོར་རྒྱ་གར་དུ་ཕེབས་ཏེ་༸གོང་ས་མཆོག་གི་བཀའ་དགོངས་ལྟར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕེབས་ཡོད་པ་དང་། ཕྱི་ལོ་ ༡༩༨༣ ལོར་༸གོང་ས་མཆོག་ནས་དགེ་བཤེས་ཨ་དམ་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཕྱག་རྟགས་མཛད་ཅིང་མཚན་ལ་བསྟན་འཛིན་བདེ་ལེགས་ཞེས་གསོལ། ཕྱི་ལོ་ ༡༩༨༧ ལོར་ཕ་ཡུལ་གྱི་སེར་སྐྱ་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱིར་བོད་དུ་ཕེབས་ཏེ་བོད་ཀྱི་ཆོས་རིག་འཛིན་སྐྱོང་གི་ཕྱག་ལས་རྒྱ་ཆེར་གནང་བ་མ་ཟད་བོད་ཀྱི་རང་བྱུང་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་གཅེས་སྲུང་གི་ལས་འགུལ་སྤེལ་བ། དེ་བཞིན་བོད་ཁུལ་དུ་རྒན་གསོ་ཁང་དང་ད་ཕྲུག་སློབ་གྲ་ཆེད་འཛུགས་ཀྱིས་སྤྱི་ཚོགས་ལ་ཕན་པའི་རླབས་ཆེན་གྱི་ཕྱག་ལས་རྒྱ་ཆེར་གནང་ཡོད་ནའང་། རྒྱ་ནག་གིས་ཁོང་གྲོང་ཁྱེར་ཁྲིན་ཏོའུ་རུ་འགལ་རྫས་གས་གཏོར་གྱི་དོན་རྐྱེན་ཞིག་ལ་བསྙད་བཏངས་ནས་འཛིན་བཟུང་བྱས་ཏེ་ཕྱི་ལོ་ ༢༠༠༢ ནས་བཟུང་མི་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་དེ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བར་བརྟེན།  ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༡༢ ཉིན་ཁོང་རྒྱ་ནག་གི་བཙོན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་པ་རེད། འབྲེལ་ཡོད་པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།