Tibetan Royal Year of 2151 | Year of the Wood Dragon

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཉི་འོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་མཇལ་མོལ་གནང་འདུག

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཉི་འོང་གྲོས་ཚོགས་སུ་བཅར་ནས་ཉི་འོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Shimomura Hakubun ལགས་དང་མཇལ་མོལ་གྱིས་སང་ལོར་ཉི་འོང་ཁུལ་དུ་ཚོགས་གཏན་འཁེལ་བའི་རྒྱལ་སྤྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་གནད་དོན་གཙོས་རྒྱ་ནག་གཞུང་གིས་མདོ་སྨད་མགོ་ལོག་ཁུལ་གྱི་སྒེར་གཉེར་སློབ་གྲྭ་གྲགས་ཅན་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་གྱིས་སྒོ་རྒྱག་ཏུ་བཅུག་པའི་གནད་དོན་སོགས་ཀྱི་སྐོར་ལ་ཞུ་གཏུག་གནང་འདུག

དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཟླ་བ་འདིའི་ཚེས་ ༢༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཉི་འོང་གི་རྒྱལ་ས་ཊོག་ཁྱོར་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༩ ནས་ཟླ་བ་ ༨ པའི་ཚེས་ ༡ བར་ཁུལ་དེར་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད་ཁ་སང་ཕྱི་ཚེས་ ༣༠ ཉིན་ཉི་འོང་གྲོས་ཚོགས་སུ་བཅར་ནས་ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Shimomura Hakubun ལགས་ཀྱིས་གཙོས་པའི་དྲུང་ཆེ། དེ་བཞིན་རྒྱུན་ལས་ཁག་ཅིག་དང་མཇལ་མོལ་གྱིས་ད་བར་བོད་དོན་རྒྱབ་སྐྱོར་ལྷོད་མེད་གནང་རྒྱུ་གཙོས་ཕྱི་ལོ་ ༢༠༢༢ ལོར་ཉི་འོང་གྲོས་ཚོགས་གོང་འོག་གཉིས་ནས་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིས་ཐན། ཧོང་ཀོང་བཅས་ཀྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྐོར་ལ་བསྒྲགས་གཏམ་སྤེལ་བ་དང་། ལྷག་པར་འདི་ལོའི་ཕྱི་ཟླ་ ༡ ནང་རྒྱལ་ཚོགས་ཀྱི་ཉན་ཞིབ་ཐོག་ཉི་འོང་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་གླེང་སློང་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

མ་ཟད་ལོ་རྗེས་མར་ཉི་འོང་གྱི་རྒྱལ་ས་ཊོག་ཁྱོ་ཁུལ་དུ་ཚོགས་གཏན་འཁེལ་བའི་རྒྱལ་སྤྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་སྐྱོང་ཡོང་བ་སྙན་སེང་ཞུས་པ་ལྟར་ཞལ་བཞེས་ཐོབ་ཅིང་། མཇལ་མོལ་ཐོག་རྒྱ་ནག་གཞུང་གིས་མདོ་སྨད་མགོ་ལོག་ཁུལ་གྱི་སྒེར་གཉེར་སློབ་གྲྭ་གྲགས་ཅན་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་གྱིས་སྒོ་རྒྱག་ཏུ་བཅུག་པའི་གནད་དོན་སོགས་ཀྱི་སྐོར་ལ་ཞུ་གཏུག་གནང་འདུག

ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Shimomura Hakubun ལགས་དང་མཇལ་མོལ་གནང་སྐབས་གཞན་ཡང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉེ་འཆར་ཨ་རིའི་གཞུང་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་གལ་གནད་དང་དེའི་ནང་དོན་སོགས་ཀྱི་སྐོར་ངོ་སྤྲོད་དང་སྦྲགས། ཉི་འོང་གཞུང་ནས་ཀྱང་དེ་ལྟ་བུའི་ཁྲིམས་ཡིག་ཞིག་གཏན་འབེབས་གནང་རྒྱུའི་གཞེན་སྐུལ་གནང་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་བོད་དུ་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་མེད་པ་བཟོ་རྒྱུའི་སླད་ཉི་འོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཉི་འོང་གི་གཞུང་ལ་འབོད་སྐུལ་ཞུས་པའི་བརྒྱུད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།