Tibetan Royal Year of 2151 | Year of the Wood Dragon

བོད་མི་སུད་ཚོང་བ་དུད་ཚང་ ༧༨ ཀྱིས་མར་རྩ་མཉམ་འཇོག་ཐོག་ནང་མི་གཅིག་ལྟར་ཚོང་ལས་གཉེར་བཞིན་པ།

Tibetan News Headlines

  • Anyone who cares about  human rights and democracy must work together to fight authoritarian regime: Chemi Lhamo at Geneva Summit
  • Tibetan Schools achieve outstanding result in CBSE board, 2 makes it for Excellence award
  • China’s greed for Lithium is killing the Tibetan plateau
  • Dharamshala holds 24th regional Tibetan freedom movement election
  • MPs rebuke AFP for allowing Chinese police into Australia

རེས་གཟའ་ལྷག་པ། ༢༠༢༤།༠༥།༡༥

  • རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་ཡོངས་རྫོགས་མཉམ་རུབ་གནང་དགོས་པའི་སྐུལ་མ་གནང་འདུག
  • འདི་ལོའི་བོད་པའི་སློབ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཆེས་བཟང་ཤོས་དེ་ཡིན་པ་གསུངས་སོང་།
  • རྒྱ་ནག་གིས་གཞི་རྒྱ་ཆེ་བའི་ Lithium གཏེར་ལས་བསྔོག་འདོན་རྐྱེན་པས་བོད་ཀྱི་ཁོར་ཡུག་གཏོར་བཤིག་འགྲོ་བཞིན་པ།
  • སྐབས་ ༢༤ པའི་རྡ་ས་ས་གནས་རང་བདེ་ཚོགས་ཆུང་གི་དངོས་གཞིའི་འོས་བསྡུ་གནང་འདུག
  • རྒྱ་ནག་ཉེན་རྟོག་པས་ཨོསྟྲེ་ལི་ཡར་ཆེད་བསྐྱོད་ཀྱིས་རྒྱ་རིགས་མི་སེར་ཞིག་འཛིན་བཟུང་བྱས་པར་སེམས་འཚབ།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནི་མི་ཚོགས་ཀྱི་གྲངས་འབོར་ཆེས་ཤིན་ཏུ་ནས་མང་བའི་གྲོང་ཁྱེར་ཆེ་གྲས་ཤིག་དང་། མི་འབོར་ས་ཡ་བཅུ་གཅིག་ལྷག་ཡོད་པའི་གྲོང་ཁྱེར་དེའི་ནང་དགུན་དུས་སུད་ཚོང་གི་འཚོ་ཐབས་ལ་བརྟེན་ནས་ཚོང་གཉེར་གནང་མཁན་བོད་མིའི་ཁྲོམ་ས་གཅིག་ཡོད་པ་དེ་ནི་ལཱལ་ཀི་ལའི་ཁྲོམ་ས་དེ་ཆགས་ཀྱི་ཡོད་པ་རེད།

ལཱལ་ཀི་ལའི་ཁྲོམ་ས་དེའི་ཁོངས་སུ་རྒྱུན་ལྡན་ཡིན་ན་དུད་ཚང་ ༡༣༨ ཀྱིས་དགུན་དུས་སུད་ཚོང་གཉེར་གྱི་ཡོད་པ་དེ་ལྟར་ཡང་། འདི་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་ས་གནས་ཀྱི་འབྲེལ་ཡོད་སྐོར་སྲུང་ལས་ཁུངས་དང་གྲོང་སྡེ་ལས་ཁུངས་སོགས་ཀྱིས་སྤྱི་ཚོགས་རྒྱང་བཀྱེད་དང་། མི་ཚོགས་འདུ་འཛོམས་ལ་ཚད་བཀག་སོགས་གནང་བའི་བཀག་རྒྱ་བསྒྲགས་ཡོད་སྟབས། ཁྲོམ་ས་མང་པོ་གཉེར་རྒྱུའི་ཆོག་མཆན་མ་སྤྲད་པ་དང་ལྷག་པར་དུ་ཕྱི་ཟླ་ ༨ དང་ ༩ ནང་རྒྱལ་ས་ལྡི་ལིར་ཉིན་རེར་གཉན་རིམས་ཕོག་མཁན་ནད་པའི་གྲངས་ཐོ་འཕར་བཞིན་པ་ལྟར་བོད་མི་སུད་ཚོང་བ་དེ་དག་ཕྱོགས་སྐྱོད་དང་འགྲོ་འོང་། ནད་མནར་སྲིད་པར་དངངས་འཚབ་བཅས་ཀྱི་གནས་སྟངས་ལ་བརྟེན་ནས་ཁྱོན་སུད་ཚོང་བ་དུད་ཚང་ ༡༣༨ ནས་ ༧༨ མ་གཏོགས་དེ་མིན་རྣམས་ཕྱིར་བཤོལ་གནང་རྒྱུར་ཐག་གཅོད་གནང་ཡོད་པ་རེད། འོན་ཀྱང་ཁྲོམ་ས་སྤྱིའི་ས་ཁྱོན་ཆུང་ངུ་དེའི་ནང་དུད་ཚང་ཇི་ཡོད་རྣམས་ཀྱི་འཚོ་བར་དོ་ཕོག་མི་འགྲོ་བར་ཐབས་ལམ་ཞིག་འཚོལ་དགོས་པར་བརྟེན་མར་རྩ་མཉམ་འཇོག་གིས་ཁྱིམ་ཚང་གཅིག་ལྟ་བུའི་ཁྲོམ་ས་ཁ་ཤས་གསར་རྒྱག་གིས་ཚོང་ལས་གཉེར་རྒྱུར་ཐག་གཅོད་གནང་དོན་ལྟར་སུད་ཚོང་གཉེར་མུས་རེེད་འདུག ཚོང་པ་ཁྱིམ་ཚང་ ༧༨ ཡོད་པ་དེ་དག་གི་ཉིན་དགུང་ཞལ་ལག་དེ་ཁྲོམ་ས་རང་དུ་སྤྱི་ཐབ་ནས་བཟོས་ཏེ་གནང་གི་ཡོད་པར་མ་ཟད་ཚོང་ཟོག་ཀྱང་འཐུས་མི་ཚོས་ནང་གི་ཨ་ཕ་ལྟར་སྣེ་ཁྲིད་གནང་གི་འདུགགཞི་རྩའི་ལཱལ་ཀི་ལིའི་སུད་ཚོང་སྐྱིད་སྡུག་དེ་སྔ་ཕྱི་ལོ་ ༢༠༡༦ ལོར་མེ་སྐྱོན་གྱི་དཀའ་ངལ་འཕྲད་པའི་གནས་ཚུལ་བྱུང་ཡོད་པ་དང་སུད་ཚོང་སྐྱིད་སྡུག་ནང་རྒྱ་གར་གྱི་ས་ཁག་ ༡༦ གི་བོད་མི་དང་བོད་པ་ཁ་ཆེ་བ། དེ་བཞིན་རྒྱལ་ཁམས་པ་སོགས་ཡོད་པ་ལྟར། ཁོང་རྣམས་ཀྱིས་ཀྱང་ད་རེས་ཀྱི་ཚོང་གཉེར་གནང་སྟངས་དེས་སྐྱིད་སྡུག་མཉམ་མྱོང་གི་ཚོར་བ་དམིགས་བསལ་ཞིག་སྦྱིན་སྐོར་གསུངས་ཡོད། སྤྱིར་རྒྱ་གར་ནང་བཙན་བྱོལ་བོད་མིའི་མི་འབོར་དེ་ད་ལྟའི་ཆར་སྟོང་ཕྲག་ ༨༠ ལྷག་ཡོད་པར་ཚོད་དཔག་གནང་གི་ཡོད་པ་དང་བོད་མི་ཕལ་ཆེ་བའི་འཚོ་རྟེན་གཞི་མ་དེ་དགུན་ཚོང་ཡིན་སྟབས། མ་འོངས་པར་བོད་མི་སུད་ཚོང་བའི་སྐྱིད་སྡུད་ཚོ་མཉམ་འབྲེལ་ཐོག་ནས་ཚོང་ལས་གཉེར་ཐུབ་ཚེ་མར་རྩ་ཆེ་ཆུང་ལ་སྟོས་མེད་གཅིག་ཕན་གཅིག་གྲོགས་དང་མཐུན་འབྲེལ་སོགས་ལ་དགེ་མཚན་ཆེན་པོ་ཡོད་པར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།