Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༢ འཁོར་བར་སྔ་སྣུར་གྱིས་སྲུང་བརྩི།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་ Salute Tiranga དང་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་གཉིས་ཟུང་འབྲེལ་གྱིས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༢ འཁོར་བའི་དུས་ཆེན་མཛད་སྒོ་སྔ་སྣུར་གྱིས་སྲུང་བརྩི་ཞུས་སོང་།དེ་རིང་ཉིན་རྒྱབ་ཏུ་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་ Salute Tiranga དང་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་སྔ་སྣུར་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གཙོས་ Salute Tiranga ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་ Rajesh Jha ལགས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། དེ་བཞིན་མང་ཚོགས་བཅས་ཀྱིས་མཉམ་ཞུགས་གནང་ཡོད། སྐབས་དེར་སྐུ་ཞབས་ Rajesh Jha ལགས་ཀྱིས་ཚོགས་པའི་ངོ་སྤྲོད་དང་འབྲེལ་ནས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་ གིས་འཕགས་བོད་ས་མཚམས་སུ་རྩོད་རྙོག་བཟོ་བ་དང་རྒྱ་གར་གྱི་དམག་དཔུང་ཚོས་ཀྱང་ད་བར་གདོང་ལེན་གནང་ཡོད་སྐོར་གསུངས་པ་དང་ཆབས་ཅིག རྒྱ་ནག་གིས་རྒྱ་གར་གཅིག་པུ་མིན་པར་ཁྱིམ་མཚེས་རྒྱལ་ཁབ་གཞན་ལའང་དབང་ཡོད་དང་སུན་གཙེར་བཟོ་བཞིན་ཡོད་པར་མ་ཟད་དེང་འཛམ་གླིང་སྤྱིར་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་འཕྲད་བཞིན་པ་དེའི་འགན་ཡོངས་རྫོགས་རྒྱ་ནག་ལ་ཡོད་པར་གསུངས་སོང་།དེ་བཞིན་རྒྱ་གར་དེ་སྤྱི་མཐུན་རྒྱལ་ཁབ་ལ་དབུ་བརྙེས་ནས་ལོ་ངོ་ ༧༢ འཁོར་བ་དང་འབྲེལ་ཏེ་རྒྱ་གར་གྱི་ཡུལ་མི་ཚོས་ཉིན་མོ་དེ་སྲུང་བརྩི་གནང་ངེས་ཡིན་པ་ལྟར་བོད་མི་ཚོ་ལའང་རྒྱ་གར་བ་རྣམས་དང་ལྷན་དུ་ཉིན་མོ་དེ་སྲུང་བརྩི་ཞུ་རྒྱུའི་ཐོབ་ཐང་དགོས་སྐོར་གསུངས་ཡོད། ལྷག་པར་དུ་རྒྱ་གར་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་བ་བཞིན་དེ་གའི་ཚོགས་པས་ཀྱང་རིང་མིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་དང་འབྲེལ་ལས་འགུལ་ཞིག་སྤེལ་འཆར་ཡོད་སྐོར་གསུངས་སོང་། ཚོགས་གཞོན་མཆོག་གིས་ད་དུང་ཚོགས་པ་དེས་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་གཉན་རིམས་དེའི་ཁྲོད་བོད་གཙོས་པའི་འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་རྣམས་ཀྱི་ཐོག་གླེང་སློང་མང་དག་ཅིག་བྱུང་ཡོད་པར་མ་ཟད། དེ་བཞིན་མང་ཚོགས་ཀྱི་ངོས་ནས་ཐུགས་སྣང་བྱ་ཡུལ་གྱི་གནད་དོན་ཞིག་ཏུ་གྱུར་ཡོད་སྐོར་གསུངས་སོང་།མཛད་སྒོ་དེའི་ཐོག་༸སྐུའི་བླ་སྨན་ཟུར་པ་པདྨ་ཤྲི་དགེ་སློང་ཡེ་ཤེས་དོན་ལྡན་ལགས་དམ་པ་མཆོག་གི་སློབ་ཕྲུག་སྨན་པ་ཁག་ཅིག་ནས་སྐབས་རེ་ནད་པར་རིན་མེད་ཐོག་ནས་གཟིགས་རྟོག་སོགས་གནང་བར་ཆེ་བསྟོད་ཞུས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།