Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གནས་སྟངས་ཡག་པོ་ཡོད་པར་གསུངས་པ།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

ཁ་སང་ཕྱི་ཚེས་ ༢༨ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་བོད་མིའི་གཞིས་ཆགས་ཀྱི་མཉམ་འབྲེལ་ཚོགས་ཁང་དུ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༢༢ པ་དབུ་འཛུགས་དང་འབྲེལ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས་ཀྱིས་སྤྱི་ཡོངས་ནས་བོད་མིའི་མཉམ་འབྲེལ་གྱི་གནས་སྟངས་ཡག་པོ་ཡོད་པ་སོགས་གསུངས་སོང་།

ཁ་སང་ཚོགས་ཆེན་གྱི་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིང་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་བོད་མི་མང་སྤྱི་འཐུས་ཁག་ཅིག དགོན་པ་ཁག་གི་ཕྱག་མཛོད། དེ་བཞིན་བོད་མིའི་ས་གནས་ཁག་བཅོ་ལྔའི་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་གཙོས་ཡན་ལག་སྡེ་ཁག་གི་འགན་འཛིན་དང་རྩིས་པ་སོགས་མི་གྲངས་ ༥༠ ཙམ་ལྷན་ཞུགས་གནང་འདུག

རླུང་འཕྲིན་ཁང་གིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས་སུ་ཚོགས་ཆེན་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཚོགས་ཆེན་ཐོག་ས་གནས་མཉམ་འབྲེལ་ཁག་གི་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་དང་བགྲོ་གླེང་། དེ་བཞིན་གྲོས་གཞི་ཁག་ལ་གོ་བསྡུར་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་དང་། སྤྱི་ཡོངས་ནས་བོད་མིའི་མཉམ་འབྲེལ་གྱི་གནས་སྟངས་ཡག་པོ་ཡོད་པ་སོགས་གསུངས་སོང་།

གཞི་རྩའི་བོད་བོད་མིའི་མཉམ་འབྲེལ་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༢༢ པ་ཁ་སང་ཕྱི་ཚེས་ ༢༨ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༣༡ བར་ཉིན་གྲངས་བཞིའི་རིང་ཚོགས་ཀྱི་ཡོད་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།