Tibetan Royal Year of 2151 | Year of the Wood Dragon

ཞི་ཅིན་ཕིང་གིས་ཤིན་ཅང་སྐོར་སྐྱོད་ཁྲོད་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་བསྒྲགས་སྔར་ལྷག་བྱེད་དགོས་པར་ནན་སྐུལ་བྱས་འདུག

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཉེ་དུས་ཤིན་ཅང་ནང་གློ་བུར་དུ་སྐོར་སྐྱོད་བྱས་ཏེ་ཁུལ་དེའི་གཞུང་འབྲེལ་མི་སྣར་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་ཁྲིམས་འགལ་གྱི་ཆོས་ཕྱོགས་བྱེད་སྒོར་དམ་བསྒྲགས་སྔར་ལྷག་བྱེད་དགོས་ཞེས་ནན་སྐུལ་བྱས་འདུག

རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་སྲིད་འཛིན་ཞི་ཅིན་ཕིང་ཟླ་ ༨ ཚེས་ ༢༦ ཉིན་ལྷོ་ཨ་ཕི་རི་ཀར་ཚོགས་པའི་ BRICS ཞེས་པའི་རྒྱལ་ཁབ་ལྔའི་ཆེས་མཐོའི་ཚོགས་ཆེན་སྟེང་མཉམ་ཞུགས་བྱས་རྗེས་ལམ་ཞོར་དུ་ཤིན་ཅང་གི་རྒྱལ་ས་ Urumqi ལ་འབྱོར་ཡོད་པ་དང་ཁུལ་དེར་ཁོ་པས་གཞུང་འབྲེལ་གྱི་ལས་དོན་དང་འབྲེལ་བའི་སྙན་ཐོར་ལྟ་ཞིབ་བྱས་ཏེ་དམར་ཤོག་ཚོགས་པ་དང་གཞུང་འབྲེལ་མི་སྣར་གཏམ་བཤད་སྐབས་ནང་དོན་གཙོ་བོ་ཁ་ཆེ་རྒྱ་བསྒྱུར་ལ་ཤུགས་སྣོན་བྱེད་དགོས་པ་དང་ཁོང་རྣམས་ཀྱི་ཆོས་ཕྱོགས་བྱེད་སྒོ་ཁག་ཁྲིམས་འགལ་ཆགས་ཡོད་པས་དམ་བསྒྲགས་སྔར་ལྷག་བྱེད་དགོས་ཞེས་ནན་སྐུལ་བྱས་པར་མ་ཟད། རྒྱ་ནག་དེ་དམར་ཤོག་ཚོགས་པ་དང་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་པར་རིག་གཞུང་གི་ངོ་བོ་དང་འབྲེལ་བའི་ངལ་བ་ཁག་སེལ་དགོས་ཞེས་སོགས་བཤད་འདུག

ཁོ་པས་གཏམ་བཤད་སྐབས་ཤིན་ཅང་ནང་སྤྱི་ཚོགས་སྲ་བརྟན་བཟོ་རྒྱུ་ནི་གནད་དོན་གལ་གནད་ཅན་ཞིག་དང་མངའ་ཁུལ་དེ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལག་བསྟར་བྱེད་ཡུལ་ལྟེ་བ་ཞིག་ཆགས་ཡོད་སྟབས། ཤིན་ཅང་ཡུལ་སྐོར་གྱི་སྒོ་མོ་འབྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཤིན་ཅང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་གལ་ཡིན་པར་བཤད་པ་དང་ཆབས་ཅིག བཟང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་ཤིན་ཅང་གི་སྒོ་དབྱེའི་གདེང་ཚོད་ཀྱི་རྣམ་པ་གསར་པ་མངོན་པའི་ཐོག་ནས་དྲང་བདེན་མིན་པའི་བསམ་ཚུལ་དག་ལ་དགག་པ་རྒྱག་དགོས་ཚུལ་བཤད་འདུག

ཞི་ཅིན་ཕིང་ད་རེས་ཤིན་ཅང་ནང་སྐོར་སྐྱོད་བྱས་པ་ནི་ཡུ་གུར་དང་ཏུར་ཀི། ཁ་ཆེ་མི་མང་སྟོང་ཕྲག་མང་པོར་འདས་པའི་ལོ་བཅུ་ཕྲག་གོང་བཙན་དབང་གིས་དམ་བསྒྲགས་ཆེན་པོ་བྱས་པའི་རྗེས་ཀྱི་སྐོར་སྐྱོད་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང་། སྐོར་སྐྱོད་དེ་དང་འབྲེལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་འཛིན་སྐྱོང་ངེས་སྟོན་པ་ཟུར་པ་སྐུ་ཞབས་ Kenneth Roth ལགས་ཀྱིས་རང་ཉིད་ཀྱི་འཕྲུལ་སྒྲ་ཐོག་ཞི་ཅིན་ཕིང་གི་ཤིན་ཅང་སྐོར་སྐྱོད་བྱས་པ་དེ་ནི་འགྲོ་མིའི་རིགས་ལ་ཁ་གཏད་གཅོད་ཆེད་ཁྲིམས་འགལ་ལས་དོན་ལ་གཡོ་སྒྱུ་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་ཡིན་པར་ཟུར་ཟ་གནང་བ་དང་། དེ་བཞིན་ལྟ་ཞིབ་ཁང་གི་ཨེ་ཤ་ཡའི་ངེས་སྟོན་པ་ Maya Wang ལགས་ཀྱིས་ཞི་ཅིན་ཕིང་གིས་སྔ་ལོ་དང་འདི་ལོའི་ཤིན་ཅང་གི་སྐོར་སྐྱོད་གཉིས་པོས་འཛམ་གླིང་རྒྱལ་ཁབ་ཁག་ལ་ཁོ་པས་ནོར་འཁྲུལ་གང་ཡང་བྱས་མེད་པའི་གདེང་ཚོད་ཀྱི་རྣམ་འགྱུར་ཆེད་བཏོན་སླད་དང་ལྷག་དོན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་ལ་ཤིན་ཅང་ནང་གི་ཡུ་གུར་མི་རིགས་ཐོག་ཁྲིམས་འགལ་གྱི་བྱ་སྤྱོད་མི་སྤྱོད་ལས་འདས་པ་སྤེལ་མུས་ཡིན་པའི་གཏམ་གླེང་ལ་འགྱུར་ལྡོག་ཡོང་བར་ཆེད་དམིགས་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་གནང་འདུག པར་བདག་དབང་། Li Xueren/AP

འབྲེལ་ཡོད་གསར་གནས།

གསར་གནས།