Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཨ་རུ་ནཱ་ཅལ་དང་ Aksai Chin ས་ཁུལ་རྒྱ་ནག་གི་ས་ཁོངས་སུ་བཅུག་པར་རྒྱ་གར་གྱིས་ངོ་རྒོལ་གྱི་རྣམ་པ་མངོན་གསལ་གནང་འདུག

Tibetan News Headlines

  • Dalai Lama meets participants of conference on the impact of contemplative practices
  • PM Modi says he talks frequently with Dalai Lama, Exile Tibetans calls on next leadership to meet him
  • UN slammed as it asks Taiwanese journalists to show Chinese passports to attend WHO assembly
  • 14 trading points along Nepal-China border reopen
  • DYSA Mundgod and Dhasa United enter 29th GCM Gold Cup final

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༧

  • ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཞིབ་འཇུག་ཚོགས་འདུའི་ཟབ་སྦྱོང་བ་རྣམས་ལ་བཀའ་སློབ་སྩལ་བ།
  • རྒྱ་གར་གྱི་གཞུང་འཛིན་གསར་པ་སུ་ཕེབས་ནའང་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་དགོས་པ་གསུངས་སོང་།
  • རྒྱལ་ཚོགས་ཀྱིས་ཐེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་གྱིས་ཐེ་ཝན་གྱི་གསར་འགོད་པ་གཉིས་བཀག་སྡོམ་བྱས་འདུག
  • བལ་བོད་དབར་གྱི་ཚོང་འབྲེལ་ས་མཚམས་ཁག་ ༡༤ ལོ་བཞི་རྗེས་སུ་བསྐྱར་དུ་རིམ་པས་སྒོ་ཕྱེ་བཞིན་པ།
  • དྷ་ས་ཆིག་སྒྲིལ་རུ་ཁག་དང་མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་༸རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་མཐའ་མའི་འགྲན་བསྡུར་ནང་ཚུད་སོང་།

རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༣ ལོའི་རྒྱ་ནག་གི་ས་བབ་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་ས་ཁྲ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་རྒྱ་གར་བྱང་ཤར་ Arunachal མངའ་སྡེ་དང་། Aksai Chin ས་ཁུལ་གཉིས་རྒྱ་ནག་གི་མངའ་ཁོངས་སུ་བཅུགས་པར་རྒྱ་གར་གྱི་ཕྱོགས་ནས་དེར་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་བསྟན་འདུག

འཕགས་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དམག་མིའི་དབར་རྩོད་རྙོག་ཀྱི་ངལ་བ་འཕྲད་བཞིན་པའི་ཁྲོད་འདིར་རྒྱ་ནག་གཞུང་གིས་ཁ་སང་ཚེས་ ༢༨ ཉིན་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་ཐོག་ཕྱི་ལོ་ ༢༠༢༣ ལོའི་རྒྱ་ནག་གི་ས་བབ་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་ས་ཁྲ་ཞིག་ཕྱིར་བསྒྲགས་བྱས་པར་མ་ཟད། ས་ཁྲའི་ནང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེ་དང་ Aksai Chin ས་ཁུལ་གཉིས་པོ་རྒྱ་ནག་གི་ས་ཁོངས་སུ་བཅུག་ཡོད་པ་རེད། 

གནད་དོན་དེའི་ཐད་ད་ལྟའི་ཆར་རྒྱ་གར་གཞུང་ནས་ལན་འདེབས་གང་ཡང་གནང་མི་འདུག་ཀྱང་། རྒྱ་གར་Congress ཚོགས་པའི་འགོ་ཁྲོད་སྐུ་ཞབས་ Mallikarjun Kharge ལགས་ཀྱིས་རྒྱ་ནག་གཞུང་དེ་ཉིད་ས་ཆ་ལ་མིང་གསར་འདོགས་རྒྱུ་དང་། ས་ཁོངས་དང་འབྲེལ་བའི་ས་ཁྲ་རྫུན་བཟོ་སོགས་ཀྱི་ལས་དོན་ལ་གོམས་འདྲིས་ཆེན་པོ་ཡོད་མཁན་ཞིག་རེད་ཅེས་རྒྱ་གཞུང་ལ་ཟུར་ཟའི་སྐྱོན་བརྗོད་དང་སྦྲགས། རྒྱ་གར་གྱི་ས་ཁོངས་ནས་ཁ་བྲལ་ཐབས་མེད་པའི་ Arunachal མངའ་སྡེ་དང་། AksaiChin ས་ཁུལ་གཉིས་ལ་རྒྱ་ནག་གཞུང་གིས་ས་ཁྲའི་ནང་བཅུག་ཡོད་ཀྱང་། རྒྱ་གར་དང་ཁ་བྲལ་ཐབས་མེད་པར་མ་ཟད་རྒྱ་ནག་གཞུང་གིས་བྱེད་སྟངས་ལ་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་འདུག

དེ་བཞིན་རྒྱ་གར་གྱི་གྲོས་ཚོགས་མཐུས་མི་སྐུ་ཞབས་ Manish Tewari ལགས་ཀྱིས་Arunachal མངའ་སྡེ་འདི་རྒྱ་གར་གྱི་ཆ་ཤས་རྩོད་མེད་ཡིན་པ་དང་། རྒྱ་ནག་གིས་རང་ཉིད་ཀྱི་བདག་དབང་འོག་མེད་པའི་རྒྱལ་ཁབ་གཞན་གྱི་ས་ཆ་རང་ཉིད་ཀྱི་ས་ཁྲའི་ནང་བཀོད་པའི་བྱ་སྤྱོད་དེ་ནི་ཆེས་ཁྲིམས་འགལ་ཡིན་པར་འགྲེལ་བརྗོད་ཀྱིས་རྒྱ་གར་གཞུང་གི་ངོས་ནས་རྒྱ་གཞུང་ལ་སྐྱོན་བརྗོད་དང་འབྲེལ་ས་ཁྲ་དེ་ཉིད་བསྒྱུར་བཅོས་གནང་དགོས་པའི་ཞུ་སྐུལ་གནང་དགོས་པ་དང་། རིང་མིན་རྒྱལ་ས་ལྡི་ལིར་འཚོགས་ལ་ཉེ་བའི་ G 20 ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་གི་ས་ཐོག་ཏུ་ཡོང་རྒྱུ་དེ་འོས་འཚམས་གང་འདྲ་ཞིག་ཆགས་ཀྱི་ཡོད་དམ་ཞེས་སྲིད་བློན་མོ་དཱི་མཆོག་ལ་བཀའ་འདྲི་ཞིག་ཀྱང་ཕུལ་འདུག

སྤྱི་ཚོགས་དྲ་ལམ་ཁག་ཏུ་དཔྱད་ཞིབ་པ་དང་ཆབ་སྲིད་མི་སྣ་མི་ཉུང་བ་ཞིག་གིས་རྒྱ་ནག་གི་བྱེད་སྟངས་ལ་སྐྱོན་བརྗོད་ཀྱི་མཆན་སྣ་ཚོགས་སྤེལ་བཞིན་འདུག་པར་མ་ཟད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་རྒྱ་དཀར་ནག་གཉིས་ཀྱི་དབར་ལ་མཐའ་མཚམས་དང་འབྲེལ་བའི་བཀའ་མོལ་ཞིག་གནང་དགོས་ཚེ་བོད་ཀྱི་སྐོར་ངེས་པར་དུ་གླེང་དགོས་པ་སོགས་གསུངས་སོང་།     

རྒྱ་གར་གྱི་གསར་ཁང་ Repubic གིས་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་བཅས་ལ་བརྙན་འཕྲིན་བརྒྱུད་བཅར་འདྲི་ཞུས་པའི་ནང་། སྤྱི་འཐུས་རྣམ་པས་རྒྱ་ནག་དམར་གཞུང་འགོ་བཙུགས་པ་ནས་བཟུང་ས་ཁོངས་རྒྱ་སྐྱེད་གཏོང་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པའི་སྐོར། འཕགས་བོད་དབར་ས་མཚམས་ཡོད་པ་ལས་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་ཞིག་མེད་པ་སོགས་འགྲེལ་བརྗོད་གནང་འདུག 

གཞན་ཡང་རྒྱ་ནག་གཞུང་གིས་ཆེད་འདོན་བྱས་པའི་གཞུང་འབྲེལ་ས་ཁྲའི་ནང་ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཆ་ཤས་ཆེན་པོ་ཞིག་བཅུག་ནས་ས་ཁུལ་དེ་དག་གི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་བཤད་འདུག་པ་དང་། དེར་ཐེ་ཝན་དང་། ཝེ་ཏི་ནམ། ཕི་ལི་པི་ནིས། མ་ལེ་ཤ་ཡ། དེ་བཞིན་ Brunei རྒྱལ་ཁབ་བཅས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།

Monday 27/05/2024