Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གྱི་གཞུང་འཛིན་གསར་པ་སུ་ཕེབས་རུང་༸གོང་ས་མཆོག་དང་དངོས་སུ་མཇལ་འཕྲད་ཞུ་དགོས་པ་གསུངས་སོང་།

Tibetan News Headlines

  • Sikyong Penpa Tsering returns to Dharashala after receiving NED Democracy Award
  • Jamyang Tenzin completes Ladakh to Dharamshala cycle rally for Tibet
  • Tibetans protest Chinese premier Li Qiang’s visit to Australia
  • China’s anti-corruption watchdog investigates former Tibet party boss Wu Yingjie
  • APFA cup, football tournament for Tibetan aged 40 and above kicks off in Clement Town

རེས་གཟའ་ཟླ་བ། ༢༠༢༤།༠༦།༡༧

  • སྲིད་སྐྱོང་མཆོག་བཞུགས་སྒར་དུ་ཕེབས་འབྱོར།
  • འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ།
  • ཨོ་གླིང་བོད་མིས་རྒྱ་ནག་གི་སྲིད་བློན་ Li Qiang ལ་ཞི་རྒོལ།
  • བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུའུ་ཡིང་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ།
  • ཨ་ཕ་རྐང་སྤོལ་རྩེད་འགྲན་འགོ་འཛུགས།

རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་གིས་ཉེ་ལམ་འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་ནང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་མོལ་ཡང་ཡང་ཞུ་གི་ཡོད་ཅེས་གསུངས་ཡོད་པའི་ཁྲོད་འདིར་བཙན་བྱོལ་བོད་མི་རྣམས་ནས་དེ་ནི་རྒྱ་གར་རང་གི་སྲུང་སྐྱོབ་དང་དགོས་མཁོ། ལྷག་དོན་ཧི་མཱ་ལའི་མི་མང་ལ་ངོ་གསོ་བྱ་ཕྱིར་གསུང་བར་ངོས་འཛིན་གནང་གི་ཡོད་པ་དེ་ལྟར་ཡང་། རིང་མིན་གཞུང་འཛིན་གསར་པ་སུ་འདྲ་ཕེབས་རུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དངོས་སུ་མཇལ་འཕྲད་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་སོང་།

Modi calling HHDL

དེ་ཡང་ཟླ་བ་འདིའི་ཚེས་ ༢༤ ཉིན་སྲིད་བློན་མོ་དྷི་མཆོག་གིས་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་ཧི་མ་ཅལ་མངའ་སྡེའི་ Mandi ས་གནས་སུ་མི་མང་སྟོང་ཁྲག་མང་པོ་འདུ་འཛོམས་སར་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་དྲིལ་བསྒྲགས་ཀྱི་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་བློན་མཆོག་གིས་རྒྱ་གར་ནི་ནང་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། ཁོང་གི་སྲིད་གཞུང་ངོས་ནས་མངའ་སྡེ་དེའི་ནང་གི་ནང་པའི་གནས་ཆེན་ཁག་ཏུ་འཛུགས་སྐྲུན་ཡར་རྒྱས་གནང་བའི་བརྒྱུད་ནང་པའི་ཆོས་རྒྱུད་མི་ཉམས་རྒྱུན་འཛིན་ཡོང་ཐབས་གནང་བཞིན་ཡོད་ཅེས་གསུངས་པ་མ་ཟད། ༸གོང་ས་མཆོག་དང་བཀའ་མོལ་ཡང་ཡང་ཞུ་གི་ཡོད་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ང་ཚོས་གུས་བརྩི་ཆེན་པོ་ཞུ་ཡུལ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་འདུག

འོན་ཀྱང་བཞུགས་སྒར་དུ་གནས་བཞུགས་རྩོམ་པ་པོ་དང་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ད་རེས་སྲིད་བློན་མོ་དྷི་མཆོག་གིས་ཡོངས་གྲགས་ཐོག་ནས་༸གོང་ས་མཆོག་མཚན་འབོད་གནང་བ་འདི་ནི་ཕལ་ཆེར་ཐེངས་དང་པོ་ཆགས་ཀྱི་ཡོད་ཅིང་དེ་ཡང་གཙོ་བོ་ Mandi ས་གནས་སུ་ནང་པ་གཙོས་༸གོང་ས་མཆོག་ལ་དད་གུས་ཞུས་མཁན་མང་པོ་ཡོད་པ་དེ་དག་བརྒྱུད་ཆབ་སྲིད་ཚོགས་པ་དེ་ཉིད་ཀྱི་འོས་མིར་རྒྱབ་སྐྱོར་ཐོབ་རྒྱུའི་ཆབ་སྲིད་ཀྱི་ཁེ་ཕན་ཁོ་ནར་དམིགས་པ་ཞིག་ཡིན་པ་འགྲེལ་བརྗོད་དང་སྦྲགས། གང་ལྟར་རྒྱ་གཞུང་གིས་བོད་བཙན་འཛུལ་བྱས་ཏེ་རྒྱ་གར་ལ་གནོན་ཤུགས་ཆེ་ཤོས་སྤྲོད་བཞིན་པའི་དུས་མཚམས་འདིར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་གང་རུང་གཅིག་ནས་བོད་ལ་རྒྱབ་སྐྱོར་ཚད་ལྡན་གནང་རྒྱུའི་རེ་བ་གཟིགས་ཀྱི་མེད་ཀྱང་རྒྱ་གར་རང་གི་མཐའ་མཚམས་སྲུང་སྐྱོབ་དང་དགོས་མཁོ། ལྷག་དོན་ཧི་མཱ་ལའི་མི་མང་ལ་ངོ་གསོ་བྱ་ཕྱིར་བོད་ཀྱི་གནད་དོན་ནམ་༸གོང་ས་མཆོག་མཚན་འབོད་གནང་སྲིད་པ་རེད་ཅེས་གསུངས་ཏེ་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ཀྱི་གནད་དོན་དེ་རྒྱ་གར་མི་མང་གཙོས་ཆབ་སྲིད་པ་དང་ཤེས་ཡོན་ཅན། དེ་བཞིན་གསར་འགོད་པ་རྣམས་ལ་ངོ་སྤྲོད་གང་མང་གནང་བའི་བརྒྱུད་རྒྱ་གར་མང་ཚོགས་ཀྱིས་གཞུང་དེ་ཉིད་ལ་གནོན་ཤུགས་སྤྲོད་ཐུབ་པ་ཞིག་གནང་དགོས་གལ་ཡིན་པའི་གཞེན་སྐུལ་གནང་སོང་།

Modi calling HHDL

དེ་དེ་བཞིན་བོད་མི་མང་སྤྱི་འཐུས་བསྟན་འཛིན་་ཆོས་འཛིན་ལགས་གཙོས་བཙན་བྱོལ་ནང་གི་བོད་མི་གཞུང་འབྲེལ་མ་ཡིན་པ་ཆེ་གྲས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བཅས་ཀྱིས་རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་བཙན་བྱོལ་སྤྱི་ཚོགས་ཚགས་ཚུད་འཛུགས་ཐབས་ལ་རོགས་སྐྱོར་ཆེས་ཆེར་གནང་བ་ནི་བོད་མིར་བཀའ་དྲིན་ཆེན་པོ་ཆགས་ཡོད་སྟབས་རྒྱ་གར་གྱི་རྒྱལ་ཁབ་འདི་ཉིད་མུ་མཐུད་ཡར་རྒྱས་ཀྱི་ལམ་བུར་བསྐྱོད་པར་སྨོན་འདུན་ཡོད་ཅེས་གསུངས་པ་དང་ཆབས་ཅིག རིང་མིན་ཆབ་སྲིད་ཚོགས་པ་སུ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་མིན་ལ་ལྟོས་མེད་གཞུང་འཛིན་གསར་པའི་ངོས་ནས་༸གོང་ས་མཆོག་དང་དངོས་སུ་མཇལ་འཕྲད་གནང་རྒྱུ་དང་བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་ལ་ངོས་འཛིན་དགོས་པ། དེ་བཞིན་བོད་ཐོག་འཛིན་པའི་སྲིད་བྱུས་ཤིག་ངེས་པར་གཏན་འབེབས་གནང་སྐྱོང་ཡོང་བ་སོགས་ཀྱི་དགོས་འདུན་ཆེད་འདོན་གནང་སོང་།

སྤྱིར་སྲིད་བློན་ Modi མཆོག་དེ་སྔ་ Gujarat  མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་གྲོས་ཚོགས་འཐུས་མི་གནང་སྐབས་སུ་༸གོང་ས་མཆོག་དང་དངོས་སུ་མཇལ་འཕྲད་གནང་མྱོང་ཡོད་ཀྱང་ཕྱི་ལོ་ ༢༠༡༤ ལོར་རྒྱར་གར་གྱི་སྲིད་བློན་གྱི་ཐུགས་འགན་བཞེས་པ་ནས་བཟུང་ཡོངས་གྲགས་ཐོག་༸གོང་ས་མཆོག་དང་དངོས་སུ་མཇལ་འཕྲད་གནང་མེད་པ་དེ་ལྟར་ཡང་། ༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་དྲ་ཐོག་དང་ཞལ་པར་བརྒྱུད་འཚམས་འདྲི་ཞུས་མྱོང་ཡོད་པ་དང་། སྐབས་དེར་དཔྱད་ཞིབ་པ་དང་གནད་ཡོད་མི་སྣ་ཁག་ཅིག་གིས་ད་རེས་སྲིད་བློན་མོ་དྷི་མཆོག་གིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གནང་བ་དེ་སྐུ་ཞབས་མོ་དྷི་མཆོག་གིས་སྣེ་འཁྲིད་པའི་རྒྱ་གར་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་གོམ་སྟབས་གསར་པ་ཞིག་ཡིན་པ་མ་ཟད་རྒྱ་ནག་ལ་མཚོན་ན་བརྡ་ལན་ཆེན་པོ་ཞིག་ཡིན་པ་གསུངས་མཁན་བྱུང་ཡོད།

Modi calling HHDL

ད་ཆ་རྒྱ་གར་རྒྱལ་ཡོངས་སུ་ཕྱི་ཟླ་ ༤ ཚེས་ ༡༩ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༦ ཚེས་ ༡ བར་འོས་བསྡུའི་ལས་རིམ་ཚ་ཚ་འུར་འུར་ངང་འགྲོ་བཞིན་ཡོད་པའི་མཚམས་འདིར་སྲིད་བློན་མོ་དྷི་མཆོག་ཧི་མཱ་ཅལ་མངའ་སྡེའི་མན་ཌི་ས་ཁུལ་དུ་འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་གནང་བར་ཕེབས་དགོས་པའི་དམིགས་ཡུལ་གཙོ་བོ་གཅིག་ནི་ས་ཁུལ་འདི་ནས་རྒྱ་གར་གྱི་བེུད་གློག་བརྙན་འཁྲབ་སྟོན་པ་ཀཱང་གཱ་ནཱ་རཱ་ནཱོཊ་ BJP ཆབ་སྲིད་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མིར་བཞེངས་ཀྱི་ཡོད་པར་བརྟེན་ཡིན་པ་དང་ཟླ་བ་སྔོན་མའི་ཚེས་ ༡༩ ཉིན་ཁོ་མོས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ Jairam Thakur མཆོག་དང་ལྷན་དུ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གི་མཇལ་ཁ་ཞུས་ཏེ་ད་རེས་༸གོང་ས་མཆོག་ལྟ་བུའི་སྐྱེས་ཆེན་དམ་པའི་སྐུ་མདུན་དུ་མཇལ་བཅར་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་དང་དེ་ནི་མི་ཚེ་འདིའི་ནང་གཙིགས་ཆེར་བརྩི་རྒྱུའི་མྱོང་ཚོར་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད། འོན་ཀྱང་སྐབས་དེར་བོད་མིས་གཙོས་པའི་༸གོང་ས་མཆོག་ལ་དད་གུས་ཞུ་མཁན་རྣམ་པས་ཁོང་གིས་སྔ་ལོའི་ཕྱི་ཟླ་ ༤ ནང་རྒྱ་གཞུང་གིས་༸གོང་ས་མཆོག་གི་མཛད་འཕྲིན་ནས་ཟུར་སྟོན་གྱིས་ཆེད་བཟོ་བྱས་པའི་བརྙན་ཐུང་ཞིག་དང་འབྲེལ་ནས་༸གོང་ས་མཆོག་ལ་མཚན་སྨད་དང་འགྲེལ་ལོག་བྱས་པའི་གནད་དོན་ལ་རྒྱབ་སྐྱོར་གྱིས་ཟུར་ཟའི་རྣམ་འགྱུར་བསྟན་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་མ་ཟད། ཉེ་ཆར་ཁོང་ནང་པ་འབོར་ཆེན་གནས་ཡུལ་གར་ཤ་དང་སྤི་ཏིའི་ཀ་ཛ་ས་གནས་སུ་འོས་བསྡུའི་དྲིལ་བསྒྲགས་ཆེད་འབྱོར་སྐབས་མང་ཚོགས་གིས་སླར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུས་མཁན་ཡིན་པར་བརྗོད་དེ་ངོ་རྒོལ་གནང་བའི་གནད་དོན་བྱུང་ཡོད།

དེའི་ཁྲོད་ཁོང་རང་ཉིད་ཀྱི་ Instagram དྲ་ལམ་ཐོག་གསལ་བཤད་གནང་བའི་ནང་། རྩེད་མོ་དང་སྦྲགས་ནས་དེ་ལྟར་བྱས་པར་བསམ་ཤེས་གནང་རོགས་ཞེས་དང་། ཁོང་རང་ཉིད་སངས་རྒྱས་ཀྱི་གསུང་རབ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པ་མ་ཟད། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་མི་མང་གི་བདེ་དོན་སླད་མཛད་འཁུར་བཞེས་ཡོད་ཅེས་དང་། ངས་སུ་ལ་ཡང་འཁོན་འཛིན་བྱས་མེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།