Tibetan Royal Year of 2151 | Year of the Wood Dragon

སེམས་ཁམས་རིག་པར་གཞུང་ཆེན་སློབ་གཉེར་གྱི་མིང་འདོགས་མི་དགོས་པར་སེམས་ཞི་བདེ་ཡོང་བར་ནང་པའི་གཞུང་ནས་ཁ་སྣོན་པ་རྒྱག་ཐུབ་ཀྱི་རེད་ཅེས་བཀའ་སྩལ་འདུག

Tibetan News Headlines

  • Sikyong Penpa Tsering returns to Dharashala after receiving NED Democracy Award
  • Jamyang Tenzin completes Ladakh to Dharamshala cycle rally for Tibet
  • Tibetans protest Chinese premier Li Qiang’s visit to Australia
  • China’s anti-corruption watchdog investigates former Tibet party boss Wu Yingjie
  • APFA cup, football tournament for Tibetan aged 40 and above kicks off in Clement Town

རེས་གཟའ་ཟླ་བ། ༢༠༢༤།༠༦།༡༧

  • སྲིད་སྐྱོང་མཆོག་བཞུགས་སྒར་དུ་ཕེབས་འབྱོར།
  • འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ།
  • ཨོ་གླིང་བོད་མིས་རྒྱ་ནག་གི་སྲིད་བློན་ Li Qiang ལ་ཞི་རྒོལ།
  • བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུའུ་ཡིང་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ།
  • ཨ་ཕ་རྐང་སྤོལ་རྩེད་འགྲན་འགོ་འཛུགས།

ཟླ་བ་འདིའི་ཕྱི་ཚེས་ ༢༢ ནས་ ༢༥ བར་ཉིན་གྲངས་བཞིའི་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་ཚོགས་ཁང་དང་དཔེ་མཛོད་བཅས་སུ་ཨེ་མོ་རི་དང་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་སྒོམ་སྒྲུབ་ཉམས་ལེན་གྱི་ཕན་ཡོན་ལ་དཔྱད་པ་ཞེས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་གྲྭ་བཙུན་སློབ་གཉེར་བའི་ཞིབ་འཇུག་ཚོགས་འདུ་དང་ཟབ་སྦྱོང་ཞིག་ཚོགས་གནང་ཡོད་པ་དང་འབྲེལ། འདི་ཚེས་ ༢༤ ཉིན་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བའི་ཁྲོད། ༸གོང་ས་མཆོག་གིས་སེམས་ཁམས་རིག་པར་གཞུང་ཆེན་སློབ་གཉེར་གྱི་མིང་འདོགས་མི་དགོས་པར་སྤྱི་ཚོགས་ནང་དུ་སེམས་ཞི་བདེ་ཡོང་བར་ང་ཚོའི་དཔེ་ཆའི་ནང་དུ་གང་འདྲ་ཞིག་བཤད་ཀྱི་ཡོད་མེད་ཁ་སྣོན་པ་རྒྱག་ཐུབ་ཀྱི་རེད་ཅེས་བཀའ་སྩལ་འདུག

Photo: OHHDL

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ཚོགས་བཅར་བ་རྣམས་ལ་༸དཔལ་ན་ལེནྡྲའི་མཁས་པ་རྣམས་དངོས་གནས་སེམས་ཁམས་རིག་པའི་ཐོག་མཁས་པ་དང་། གནས་ཚུལ་ཇི་འདྲ་ཞིག་ཡིན་རུང་དཔྱད་པ་གནང་ནས་འགྲོ་བ་ཧ་ཅང་ཡག་པོ་རེད་ཅེས་བཀའ་སྩལ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་དུས་རྒྱུན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་བཀའ་གནང་གི་ཡོད་པ་དང་། ཆོས་དད་ཡོད་མཁན་ཚོར་དད་པའི་ཐོག་འགྲོ་བ་གཅིག་དང་། ཆོས་དད་མེད་མཁན་ཚོར་ཡང་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་རྒྱུ་ཞིག་ཡོད་པ་གང་ལྟར་ཡར་གལ་ཆེ་ཤོས་ང་ཚོ་ཚང་མར་ཞི་བདེ་དགོས་ཀྱི་ཡོད་ཅིང་། ང་ཚོ་ནང་པ་ཚོ་འཛམ་བུ་གླིང་འདིའི་ནང་གི་སྤྱི་ཚོགས་ཀྱི་མི་སྣ་ཞིག་ཆགས་ཀྱི་ཡོད་དུས། སྨོན་ལམ་རྒྱབ་པ་གཅིག་པུ་མིན་པར་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་སྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་སྩལ་མཛད་འདུག

Photo: OHHDL

དེ་བཞིན་སེམས་ཁམས་རིག་པ་འདི་བཞིན་ནང་པའི་གཞུང་ལུགས་ནང་ཧ་ཅང་གསལ་པོ་ཡོད་པ་དང་། ཆོས་ཀྱི་སྐད་ཆ་མེད་པའི་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་དཀྲུགས་མཁན་དང་ཞི་བདེ་ཇི་ལྟར་བཟོ་དགོས་པ་སོགས་ཀྱི་ཐོག་ལ་ཧ་ཅང་ཡག་པོ་ཡོད་པ་མ་ཟད། མིང་ལ་སེམས་ཁམས་རིག་པ་མ་གཏོགས་ལྟ་གྲུབ་ཀྱི་སྐད་ཆ་མེད་ན་ཁྱབ་ཆེ་བ་ཡོད་པ་བཀའ་སྩལ་འདུག

Photo: OHHDL

ལྷག་པར་ཚན་རིག་པའི་ནང་ནས་སེམས་ཁམས་རིག་པ་གཙོ་བོར་བཤད་ཀྱི་ཡོད་པ་དེ་དཔེ་ཆ་བ་རྣམས་ནས་ཤེས་ཀྱི་ཡོད་པ་དང་། སེམས་ཁམས་རིག་པ་ཞེས་ལོགས་སུ་དབྱེ་བ་མ་གཏོགས་སེམས་མ་ཞི་བ་ཞི་བར་བྱེད་པ་དང་། མ་གདུལ་བ་དེ་འདུལ་བར་བྱེད་པ་སོགས་དཔེ་ཆའི་ནང་ཡོད་པ་རེད་ཅེས་བཀའ་སྩལ་ཏེ། དེ་དག་ཆོས་ཕྱོགས་དང་མ་འབྲེལ་བ་སྤྱིར་བཏང་མིའི་སེམས་ཞི་བདེ་དང་ལྷོད་ལྷོད་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། སེམས་ཁམས་རིག་པ་ལ་ཆོས་དང་གཞུང་ཆེན་སློབ་གཉེར་གྱི་མིང་བཏགས་མ་དགོས་པར། གང་ལྟར་སྤྱི་ཚོགས་ནང་སེམས་ཞི་བདེ་ཡོང་བར་ང་ཚོའི་དཔེ་ཆེའི་ནང་ཇི་ལྟར་གསུང་གི་ཡོད་པ་དེ་དག་ཁ་སྣོན་རྒྱག་ཐུབ་ཀྱི་ཡོད་པ་བཀའ་སྩལ་འདུག

Photo: OHHDL

དེའི་རྗེས་དྲི་བ་དྲི་ལེན་གྱི་ལས་རིམ་ཁྲོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱི་ཚོགས་ནང་བཟང་ངན་དང་བདེ་སྡུག་སྣ་ཚོག་ཤིག་ཡོང་གི་ཡོད་པ་དེར་གདོང་ལེན་ཆེད་དུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་བེད་སྤྱོད་བྱ་དགོས་གལ་ཡིན་པའི་བཀའ་ལན་དང་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་རྗེས། ཚན་རིག་སློབ་ཁྲིད་རིག་པའི་ལག་དེབ་དང་། ཀླད་པའི་ཚན་རིག་སློབ་ཚན་བདུན་དང་ཕྱེད་ཀ་ཅེས་པའི་དཔེ་དེབ་གཉིས་དབུ་འབྱེད་མཛད་འདུག

Photo: OHHDL

མ་ཟད་ཕྱི་ཚེས་ ༢༥ ཉིན་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དུ། ཚོགས་འདུ་དང་ཟབ་སྦྱོང་འདི་བཞིན་དགེ་འདུན་པའི་ཚན་རིག་ཤེས་ཡོན་གྱི་མ་འོངས་པའི་ཁ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྗེས་མཇུག་བསྡུ་བ་དང། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡངས་སྟེང་རིན་པོ་ཆ་མཆོག དེ་བཞིན་དགེ་བཤེས་ལྷག་རྡོར་ལགས་སོགས་ཀྱང་དབུ་བཞུགས་གནང་འདུག

གཞི་རྩའི་ཐེངས་འདིའི་སྒོམ་སྒྲུབ་ཉམས་ལེན་གྱི་ཕན་ཡོན་ལ་དཔྱད་པ་ཞེས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་གྲྭ་བཙུན་སློབ་གཉེར་བའི་ཞིབ་འཇུག་ཚོགས་འདུ་དང་ཟབ་སྦྱོང་ཐོག་སེ་ལ་ཀུ་བོད་ཁྱིམ་སློབ་ཕྲུག མ་སུ་རི་བོད་ཁྱིམ་སློབ་ཕྲུག དཔེ་སྟོན་སློབ་གྲྭའི་སློབ་ཕྲུག གདན་ས་གསུམ་གྱི་གྲྭ་ཚང་ཁག་དྲུག ར་སྟོད། བཀྲ་ཤིས་ལྷུན་པོ། ས་སྐྱ། བྱང་ཆུབ་ཆོས་གླིང་བཅས་ཀྱི་དགེ་འདུན་པ་དང་བཙུན་མ། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཁག་གཅིག་སོགས་ཚོགས་བཅར་བ་ ༢༠༠ ལྷག་ལྷན་ཞུགས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།