Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱིས་ཐེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་གྱིས་ཐེ་ཝན་གྱི་གསར་འགོད་པ་གཉིས་ཚོགས་འདུར་བཀག་སྡོམ་བྱས་འདུག

Tibetan News Headlines

  • Sikyong Penpa Tsering returns to Dharashala after receiving NED Democracy Award
  • Jamyang Tenzin completes Ladakh to Dharamshala cycle rally for Tibet
  • Tibetans protest Chinese premier Li Qiang’s visit to Australia
  • China’s anti-corruption watchdog investigates former Tibet party boss Wu Yingjie
  • APFA cup, football tournament for Tibetan aged 40 and above kicks off in Clement Town

རེས་གཟའ་ཟླ་བ། ༢༠༢༤།༠༦།༡༧

  • སྲིད་སྐྱོང་མཆོག་བཞུགས་སྒར་དུ་ཕེབས་འབྱོར།
  • འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ།
  • ཨོ་གླིང་བོད་མིས་རྒྱ་ནག་གི་སྲིད་བློན་ Li Qiang ལ་ཞི་རྒོལ།
  • བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུའུ་ཡིང་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ།
  • ཨ་ཕ་རྐང་སྤོལ་རྩེད་འགྲན་འགོ་འཛུགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐེ་ལྦན་དེ་བཞིན་རྒྱ་ནག་གི་མངའ་འོག་ཏུ་ཡིན་པར་ངོས་འཛིན་གྱིས། ཐེ་ལྦན་གསར་འགོད་པ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་བཅར་རྒྱུར་ཆོག་མཆན་སྤྲད་མེད་པ་རེད་འདུག

Taiwan President takes U-Turn

དེ་ཡང་སུད་སི་ཇི་ཎི་ཝའི་གྲོང་ཁྱེར་ནང་དེ་རིང་ཕྱི་ཚེས་ ༢༧ ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལོ་འཁོར་ལྷན་ཚོགས་དབུ་འཛུགས་གནང་གི་ཡོད་པ་དང་བསྟུན། ཐའེ་ཝན་གྱི་ CNA གསར་ཁང་གི་གསར་འགོད་པ་གཉིས་ནས་གནས་ཚུལ་མཁོ་སྒྲུབ་སླད་ལྷན་ཚོགས་སུ་བཅར་རྒྱུའི་ཆོག་མཆན་ཞུས་ཡོད་ཀྱང་། རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་སྒྲིག་འཛུགས་དེ་ཉིད་ཀྱི་སྲིད་བྱུས་དང་། ལྷག་པར་འདས་པའི་གྲོས་ཆོད་ཁག་ལ་གཞིགས་ཏེ་རྒྱ་ནག་མི་སེར་གྱི་འགྲུལ་བསྐྱོད་ལག་འཁྱེར་མཁོ་སྤྲོད་དགོས་སྐོར་གསུངས་པ་མ་ཟད། ཟླ་འདིའི་ཚེས་ ༢༣ ཉིན་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ Antonio Guterres ཡི་མགྲིན་ཚབ་པ་ Stephane Dujarric ཡིས་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་ཐེ་ལྦན་དེ་བཞིན་རྒྱ་ནག་གི་ཆ་ཤས་ཡིན་པ་འགྲེལ་བརྗོད་གནང་འདུག

སྐུ་ཞབས་ Dujarric ཡིས་སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་ལྷན་ཚོགས་ཐེངས་ ༢༦ སྐབས་སྟེ། ཕྱི་ལོ་ ༡༩༧༡ ལོའི་ཟླ་ ༡༠ ཚེས་ ༢༥ ཉིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཀྱི་ཐོབ་ཐང་ཡོངས་རྫོགས་བསྐྱར་བཟོ་བྱས་པ་མ་ཟད། གཞུང་དེའི་འཐུས་མི་ཁོ་ན་ཁྲིམས་མཐུན་གྱི་སྒོ་ནས་རྒྱ་ནག་གི་སྐུ་ཚབ་ཏུ་ངོས་འཛིན་བྱ་རྒྱུ་ཡིན་པའི་གྲོས་ཆོད་ཅིག་མང་མོས་རྒྱབ་སྐྱོར་ཐོག་ནས་གཏན་འབེབས་བྱུང་བའི་འབྲུ་དོན་བཞིན། ཐེ་ལྦན་ནི་རྒྱ་ཁོངས་སུ་འཛིན་བྱེད་ཀྱི་ཡོད་སྐོར་གསུངས་འདུག

Taiwan President takes U-Turn

གནད་དོན་དེ་དང་འབྲེལ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ CPJ ཞེས་པའི་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་བརྒྱུད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ངོས་ནས་གསར་འགོད་པ་ཡོངས་ལ་དེ་གའི་ལོ་འཁོར་ལྷན་ཚོགས་སུ་གནས་ཚུལ་མཁོ་སྒྲུབ་ཆེད་བཅར་ཆོག་པའི་ཆོག་མཆན་སྤྲོད་དགོས་པ་མ་ཟད། ཐའེ་ཝན་གྱི་གསར་འགོད་པ་ Judy Tseng དང་ Tien Hsi-ju གཉིས་ལའང་དེ་མཚུངས་ཀྱི་ལག་འཁྱེར་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག

ཚོགས་པ་དེའི་རྒྱ་ནག་སྡེ་ཚན་གྱི་འཐུས་མི་ Iris Hsu ཡིས། རྒྱལ་སྤྱིའི་འཕྲོད་བསྟེན་གནས་སྟངས་ཉག་ཕྲ་བའི་སྐོར་དང་འབྲེལ་ཡོད་ཚོགས་འདུ་གལ་ཆེན་ཞིག་ཏུ། གསར་འགོད་པ་མི་སེར་གང་གི་ཁོངས་སུ་གཏོགས་མིན་དབྱེ་འབྱེད་ཀྱིས་མཉམ་ཞུགས་བྱ་རྒྱུའི་ཆོག་མཆན་མི་སྤྲོད་པ་སོགས་བྱ་མི་རུང་ཞིང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་གཉིས་ནས་རྒྱ་ནག་དང་ངན་པ་ལག་སྦྲེལ་གྱིས་ཐེ་ལྦན་གསར་འགོད་པ་ཚོར་འཕྲོད་བསྟེན་དང་འབྲེལ་བའི་སྲིད་བྱུས་གསར་བཟོའི་ཐད་ཀྱི་ཚོགས་འདུར་གནས་ཚུལ་མཁོ་སྒྲུབ་ཆེད་མཉམ་ཞུགས་བྱ་རྒྱུར་བཀག་སྡོམ་བྱ་མི་རུང་ཞེས་གསུངས་འདུག

CPJ ཚོགས་པས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་གསལ་ལྟར་ན། ཐའེ་ཝན་གྱི་གསར་འགོད་པ་ Tseng དང་ Tien གཉིས་ལ་སྔ་ལོ་ཡང་ཐོག་མའི་འཆར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སུ་བཅར་རྒྱུའི་ཆོག་མཆན་གནང་ཡང་། རྗེས་སུ་གསར་འགོད་པ་གཉིས་ལ་ཐའེ་ཝན་གྱི་འགྲུལ་བསྐྱོད་ལག་འཁྱེར་མ་གཏོགས་བཏོན་རྒྱུ་མེད་པར་སོང་ལྷན་ཚོགས་སུ་བཅར་བཅུག་མེད་པ་རེད་འདུག

ད་རེས་ཐའེ་ཝན་གྱི་གསར་འགོད་པ་གཉིས་སླར་ཡང་ལྷན་ཚོགས་དེའི་ཐོག་བཅར་རྒྱུ་བཀག་སྡོམ་བྱས་པའི་གནས་ཚུལ་ཐོན་པ་དང་བསྟུན། IFJ ཞེས་པའི་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་དང་ཐེ་ལྦན་གྱི་གསར་འགོད་མཐུན་ཚོགས་ངོས་ནས་ཀྱང་སྐྱོན་བརྗོད་ཤུགས་ཆེ་དང་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་གཉིས་ནས། གསར་འགོད་པ་མི་སེར་གང་ཡིན་ལ་དབྱེ་འབྱེད་མེད་པའི་ཐོག་ཚོགས་འདུར་མཉམ་ཞུགས་བྱ་རྒྱུའི་ཆོག་མཆན་སྤྲོད་དགོས་པའི་རེ་སྐུལ་ཞུས་འདུག

མ་ཟད་ཐའེ་ཝན་གྱི་ CNA གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ Chris Wang གིས་ CPJ ཚོགས་པར་འཕྲིན་ལམ་བརྒྱུད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ CNA གསར་འགོད་པར་རྒྱ་ནག་མི་སེར་ལག་འཁྱེར་དགོས་སྐོར་བརྗོད་པ་ནི། ཐེ་ལྦན་དེ་བཞིན་ནམ་ཡང་རྒྱ་ཁོངས་མ་ཡིན་པའི་ཆབ་སྲིད་ཀྱི་དངོས་ཡོད་གནས་སྟངས་ལ་ཧམ་ཤེད་ཀྱིས་བརྩི་འཇོག་མི་བྱེད་པ་ཙམ་མ་ཟད། ཚོགས་པ་དེའི་རྩ་དོན་སྙིང་པོ་སྟེ་མིའི་རིགས་སྤྱི་ཡོངས་ཀྱི་འཕྲོད་བསྟེན་ལ་དམིགས་རྒྱུར་ཆ་འཇོག་མི་བྱས་པ་མཚོན་ཐུབ་པ་ཡིན་ཞེས་གསུངས་འདུག ལྷག་པར་གསར་ཁང་དེའི་ངོས་ནས་ཐེ་ལྦན་གསར་འགོད་པར་ཚོགས་འདུ་དེར་མཉམ་ཞུགས་བྱ་རྒྱུའི་ཐོབ་ཐང་ཡོད་ཅིང་། ཐེ་ལྦན་མི་སེར་ས་ཡ་ ༢༤ ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་དེ་དང་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུའི་རང་དབང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་གསུངས་འདུག

Taiwan President takes U-Turn

གཞི་རྩའི་རྒྱ་ནག་གིས་ཐེ་ཝན་དེ་བཞིན་ཡུལ་དེའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་ཚུལ་དང་། དགོས་གལ་བྱུང་ན་དྲག་པོའི་ཐོག་ནས་མཚོ་གླིང་དེ་རྒྱ་ནག་དང་ཟླ་སྒྲིལ་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་མ་ཟད། དེར་རྒྱབ་སྐྱོར་དང་ཕྱི་འབྲེལ་གྱི་འབྲེལ་ལམ་བཙུགས་མཁན་རྒྱལ་ཁབ་རིགས་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་དང་བྱེད་མུས་ཁྲོད། ཟླ་འདིའི་ཚེས་ ༢༠ ཉིན་ཐེ་ཝན་གྱི་སྲིད་འཛིན་སྐུ་ཞབས་ Lai Ching-te མཆོག་ནས་སྲིད་འཛིན་གྱི་དམ་འབུལ་བཞེས་པ་དང་སྦྲགས། ཐེ་ཝན་མི་མང་རྣམས་ཀྱི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་དང་མང་གཙོའི་ལམ་ལུགས་བདག་སྲུང་གནང་བར་བསྔགས་བརྗོད་དང་འབྲེལ། རྒྱ་ནག་གཞུང་གིས་ཁུལ་དེར་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་ཞེས་གསུངས་ཡོད་པ་རེད།

བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུ་དང་པ་སངས་བཅས་ཉིན་གཉིས་རིང་རྒྱ་ནག་གཞུང་གིས་ཐེ་ལྦན་མཚོ་འགྲམ་དུ་སླར་ཡང་དམག་མཚོན་འགྲེམས་འཇོག་གིས། དེ་ནི་ Punishment war ཞེས་ཐེ་ལྦན་སྲིད་འཛིན་གྱིས་དམ་འབུལ་མཛད་སྐོར་གཏམ་བཤད་སྐབས་ཐེ་ལྦན་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པ་དེའི་ཉེས་པ་དང་རྒོལ་ལན་ཡིན་ཞེས་སྡིགས་ར་བྱས་པར་བརྟེན། ཁ་སང་རེས་གཟའ་ཉི་མར་ཐེ་ལྦན་སྲིད་འཛིན་མཆོག་གིས། རྒྱལ་ཁབ་ཕྱོགས་གཉིས་དབར་ཞི་འགྲིག་དང་བསམ་ཤེས་ཡོང་རྒྱུའི་རེ་བ་དང་། མཉམ་ལས་སོགས་ཀྱི་བརྒྱུད་རྒྱལ་ཁབ་ཕྱོགས་གཉིས་ཀའི་ཁེ་ཕན་གཙོས་ཞི་བདེ་ཡོང་རྒྱུའི་རེ་བ་གནང་བཞིན་ཡོད་པ་དང་། ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གིས་ཐེ་ལྦན་མཚོ་གླིང་ཁུལ་དུ་སྤེལ་བཞིན་པའི་བྱ་སྤྱོད་ཁག་ལ་སེམས་འཚབ་གནང་བར་བཀྲིན་ཆེ་ཞེས་གསུངས་འདུག མ་ཟད་ཐེ་ལྦན་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་ཞིག་གིས་གསུངས་པ་ལྟར་ན། ཐེ་ལྦན་སྲིད་འཛིན་མཆོག་གིས་ཚོགས་འདུ་ཞིག་གི་སྐབས། རྒྱ་གཞུང་གིས་ས་ཁོངས་ཀྱི་བདེ་འཇགས་ཐད་ཐེ་ལྦན་དང་མཉམ་ལས་ཐོག་འགན་འཕར་མ་བཞེས་དགོས་པ་གསུངས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།