Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ས་བརྟན་བྱུང་ན་བོད་མིར་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་གསུངས་སོང་།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་འཚོ་གནས་ཐུབ་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། ཇི་སྲིད་བོད་མིའི་སྒྲིག་འཛུགས་འཚོ་གནས་ཐུབ་པ་འདི་བཞིན་བོད་མིར་རྒྱལ་ཁ་ཐོབ་ངེས་རེད་ཅེས་གསུངས་སོང་།

དེ་ཡང་ཟླ་འདིའི་ཚེས་ ༡༡ ནས་དབུ་འཛུགས་ཀྱིས་ ༡༦ བར་ཉིན་གྲངས་དྲུག་རིང་བཞུགས་སྒར་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་མདུན་ལམ་སློབ་སྟོན་ཚན་པས་གོ་སྒྲིག་འོག གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས་སོགས་དང་འབྲེལ་བའི་ཟབ་སྦྱོང་གནང་བཞིན་པའི་ཁྲོད།  དེ་རིང་སློབ་གྲྭ་ཁག་ནས་ཕེབས་པའི་རྒན་བདག་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་ཕྱོགས་དང་བོད་རྒྱའི་ཆབ་སྲིད་སོགས་ཀྱི་ཐོག་ལ་ལམ་སྟོན་གསུང་བཤད་གནང་སོང་།

སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་རྒྱབ་སྐྱོར་མི་ཉུང་བ་ཞིག་ཐོབ་བཞིན་ཡོད་པ་འགྲེལ་བརྗོད་གནང་པ་དང་ཆབས་ཅིག རྒྱལ་སྤྱིའི་རྒྱབ་སྐྱོར་དང་འབྲེལ་བ་རྣམས་མུ་མཐུད་གནས་ཐབས་སུ་བོད་མིའི་སྒྲིག་འཛུགས་རྒྱུན་གནས་ཐུབ་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད།  ཇི་སྲིད་བོད་མིའི་སྒྲིག་འཛུགས་འཚོ་གནས་ཐུབ་པ་འདི་བཞིན་བོད་མིར་རྒྱལ་ཁ་ཐོབ་ངེས་པ་རེད་ཅེས་གསུངས་ཡོད།

ད་དུང་སྲིད་སྐྱོང་མཆོག་ནས་བོད་མིའི་སྒྲིག་འཛུགས་དེ་མ་འོངས་པར་འཚོ་གནས་ཐུབ་ཐབས་སུ་གཙོ་བོ་བོད་མི་མི་རེ་ངོ་རེ་ནས་འགན་བཞེས་དགོས་པ་དང་། ལྷག་པར་དུ་ཤེས་ཡོན་གྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ་གཙོས་ཆོལ་ཁ་དང་ཆོས་བརྒྱུད་སོགས་ཀྱི་འཐེན་འཁྱེར་མེད་པར་བོད་མི་ཚང་མ་མཐུན་སྒྲིལ་གནང་དགོས་གལ་ཆེ་བ་གསུངས་སོང་།

གཞན་ཡང་དེ་རིང་གཏན་ཉིན་སློབ་གྲྭ་ཁག་ནས་ཕེབས་པའི་སློབ་གྲྭའི་རྒན་བདག་རྣམས་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་ལས་གནང་ཕྱོགས་བཅས་ཀྱི་སྐོར་ལ་ངོ་སྤྲོད་གནང་པ་དང་སྦྲགས། བོད་རིགས་གཞོན་སྐྱེས་ཚོས་རྒྱ་གཞུང་གིས་འཛུགས་བསྐུན་ལ་ཁ་གཡར་ཏེ། བོད་ཀྱི་རིག་གཞུང་དང་ཁོར་ཡུག་སོགས་ཕྱོགས་གང་ས་ནས་གཏོར་བཤིག་གཏོང་བཞིན་པར་དོ་སྣང་སྔར་ལྷག་གནང་དགོས་གལ་ཡིན་པ་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།