Tibetan Royal Year of 2151 | Year of the Wood Dragon

བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ Climate Cup འགྲན་བསྡུར་ནས་ཕྱིར་ཐོན་བྱེད་དགོས་བྱུང་འདུག

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ནས་འདི་ལོའི་ Climate Cup རྐང་སྤོལ་རྩེད་འགྲན་ནང་རྒྱ་གར་བྱང་ཤར་གཅིག་སྒྲིལ་རུ་ཁག་དང་ལ་དྭགས་གཅིག་རུ་ཁག་གཉིས་དང་ལྷན་དུ་རྩེད་འགྲན་གྱིས་ཕམ་ཉེས་སྟུད་མར་བྱུང་རྗེས་ད་ཆ་རྩེད་འགྲན་དེ་ནས་ཕྱིར་ཐོན་བྱེད་དགོས་བྱུང་བ་དང་། རུ་ཁག་གི་སློབ་སྟོན་པས་རྩེད་འགྲན་པ་རྣམས་ལ་སྦྱོང་བརྡར་བྱ་རྒྱུར་བདུན་ཕྲག་གཉིས་ཙམ་མ་གཏོགས་དུས་ཚོད་བྱུང་མེད་པ་འགྲེལ་བརྗོད་དང་འབྲེལ། བོད་མིའི་སྤྱི་སྒེར་ཡོངས་ཀྱིས་རྩེད་འགྲན་པ་རྣམས་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གནང་གི་འདུག

TNSA Climate Cup

དེ་ཡང་ཟླ་བ་འདིའི་ཚེས་ ༢ ཏེ་རེས་གཟའ་ཟླ་བའི་ཉིན་ལ་དྭགས་ཀྱི་རྒྱལ་ས་གླེ་ནང་ Climate Cup ཞེས་པའི་རྐང་སྤོལ་རྩེད་འགྲན་ཐཻངས་གཉིས་པ་འགོ་འཛུགས་གནང་བ་དང་། རྩེད་འགྲན་གྱི་ཐོག་མར་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ནས་རྒྱ་གར་གྱི་ Guwahati གྲོང་ཁྱེར་ནས་ཡིན་པའི་བྱང་ཤར་གཅིག་སྒྲིལ་རུ་ཁག་དང་རྩེད་འགྲན་གནང་བའི་ཁྲོད། འགྲན་བསྡུར་འགོ་འཛུགས་ཡག་པོ་བྱུང་ཡོད་ཀྱང་མཐའ་མར་སྤོ་ལོ་ ༡ དང་ ༠ ཡིས་ཚད་གཞི་དམའ་མོ་ཞིག་ལས་རྒྱལ་ཁའི་གོ་སྐབས་ཤོར་ནས་ཕམ་ཉེས་བྱུང་ཡོད་པ་རེད་འདུག

དེ་བཞིན་རེས་གཟའ་མིག་དམར་ཉིན་གྱི་ཕྱི་དྲོར་ལ་དྭགས་གཅིག་རྐང་རྩེད་སྤོ་ལོའི་རུ་ཁག་དང་ལྷན་དུ་འགྲན་བསྡུར་གཉིས་པ་དེར། ཕན་ཚུན་གཉིས་ཀས་ཤུགས་གང་ལ་གང་ཙམ་བསྐྱོན་ཡོད་པ་གང་ལྟར་ཡང་སྤོ་ལོ་ ༣ དང་ ༠ འོག་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་དེ་བཞིན་འདི་ལོའི་རྐང་སྤོལ་རྩེད་འགྲན་ནས་ཕྱི་ལ་ཐོན་དགོས་བྱུང་འདུག

TNSA Climate Cup

སྤྱིར་ད་ལོའི་ Climate Cup རྐང་སྤོལ་རྩེད་འགྲན་འདིའི་ནང་། བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གཙོས་པའི་རྒྱ་གར་གྱི་བྱང་ཤར་གཅིག་སྒྲིལ་རྐང་རྩེད་སྤོ་ལོའི་རུ་ཁག་དང་། Gokulam Kerala རྐང་རྩེད་སྤོ་ལོའི་རུ་ཁག J&K Bank རྐང་རྩེད་སྤོ་ལོའི་རུ་ཁག དེ་བཞིན་ 1 Ladakh རྐང་རྩེད་སྤོ་ལོའི་རུ་ཁག་དང་། སྐལ་བཟང་གླིང་རྐང་རྩེད་སྤོ་ལོའི་རུ་ཁག་བཅས་ཁྱོན་རུ་ཁག་ ༦ ནས་མཉམ་བཞུགས་གནང་ཡོད་པ་རེད་འདུག

འདི་ལོའི་ Climate Cup རྐང་སྤོལ་རྩེད་འགྲན་དེའི་ནང་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ནས་ཉམས་ཞུགས་གནང་བ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་རེད། སྔ་ལོའི་རྩེད་འགྲན་ནང་བོད་ཀྱི་རུ་ཁག་ལ་ཨང་རིམ་གཉིས་པ་སོན་ཡོད་ཀྱང་། འདི་ལོར་འདི་ལྟ་བུ་ཕམ་ཉེས་བྱུང་དགོས་དོན་བཀའ་འདྲི་ཞུས་སྐབས། བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་ Coach འམ་སྦྱོང་བརྡར་སློབ་སྟོན་པ་མགོན་པོ་རྡོ་རྗེ་ལགས་ཀྱིས། ཐེངས་འདིའི་རྩེད་འགྲན་འདེམས་གྲུག་སྐབས་ཐོག་མ་ཉིད་ནས་ན་གཞོན་ ༡༤ མ་གཏོགས་བྱུང་མེད་པའི་ཐོག དེ་སྔའི་རྩེད་འགྲན་པ་རྩེད་ཕུད་ཁག་གཅིག་ལ་ལས་ཀ་ནས་གུང་སེང་མ་རག་པ་དང་། དེ་བཞིན་དཔལ་འབྱོར་གྱི་དཀའ་ངལ་རྐྱེན་པས་སྦྱོང་བརྡར་སླད་བདུན་ཕྲག་གཉིས་ཙམ་མ་གཏོགས་དུས་ཚོད་བྱུང་མེད་པ་གསུང་གི་འདུག

Gonpo Dorjee TNSA coach
མགོན་པོ་རྡོ་རྗེ།

ཁོང་གིས་ད་དུང་སྤྱིར་བོད་མི་མང་ཚོགས་དང་དམིགས་བསལ་གྱི་ལ་དྭགས་ས་གནས་མི་མང་ནས་མཐུན་འགྱུར་རོགས་རམ་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དེ་ལྟར་ཡང་། ཁོང་གི་རུ་ཁག་ངོས་ནས་འདི་ལྟ་བུའི་རྩེད་འགྲན་ནང་བོད་རྒྱལ་ཁབ་ཀྱི་དོན་དུ་སྐུ་ལས་སྐྱོན་གྱི་ཡོད་སྟབས། སློབ་གྲྭ་ཁག་དང་ཚོགས་པ་སྒྲིག་འཛུགས་ངོས་ནས་རྐང་སྤོལ་རྩེད་འགྲན་པ་ལ་ཏོག་ཙམ་ཆེ་མཐོང་གནང་བའི་ཐོག་ དགོས་ངེས་གུང་སེང་སོགས་ཀྱི་ཆོག་མཆན་གནང་སྟེ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་སོང་།

གཞི་རྩའི་ Climate Cup རྐང་སྤོལ་རྩེད་འགྲན་ནི་རྒྱ་གར་རྒྱལ་ཡོངས་ཀྱི་མི་རྣམས་ལྷན་དུ་འཛོམས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སྐོར་ལ་གོ་རྟོགས་སྤེལ་བར་བྱ་རྒྱུའི་ཆེད་དུ་སྤེལ་བའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་ཡིན་པ་རེད། བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་འགྲན་བསྡུར་འགོ་མ་བཙུགས་གོང་བདུན་ཕྲགཉིས་ལྷག་ཙམ་གྱི་རིང་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་སྦྱོང་བརྡར་བྱས་ཡོད་པ་རེད།

Dalai Lama Cup
Dalai Lama Cup

དེའི་བར་ན།  ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ཟླ་༨ པའི་ཚེས་༣༡ ནས་ཕྱི་ཟླ་༩ པའི་ཚེས་ ༢ བར་ཉིན་གྲངས་གསུམ་རིང་ Dalai Lama Cup ཞེས་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་རྐང་སྤོལ་འགྲན་བསྡུར་ཐེངས་བདུན་པ་དེ་ཚོགས་ཡོད་པ་དང་། དེའི་ཐོག་རུ་ཁག་འདྲ་མིན་ ༡༠ མཉམ་བཞུགས་གནང་བའི་མཐར་མཐའ་མའི་རྒྱལ་ཁ་དེ་ཉིད་ནིའུ་ཡོག་གི་ ༼གཡག་༽ རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཐོབ་འདུག

འབྲེལ་ཡོད་གསར་གནས།

Previous article
Next article

གསར་གནས།