Tibetan Royal Year of 2151 | Year of the Wood Dragon

བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༣ པ་ཀོ་ལི་གྷལ་དོན་ལྡན་གླིང་དུ་འཚོགས་བཞིན་པ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་པའི་འདི་ལོ་ ༢༠༡༧ ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༣ པ་དེ་ཕྱི་ཟླ་ ༤ ཚེས་༨ ཉིན་རྒྱབ་ཚོུད་ ༡།༠༠ ཐོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཀོ་ལི་གྷལ་དོན་ལྡན་གླིང་དུ་གྲོང་སྡེ་སི་ཉེ་འགྲམ་དུ་ཡོད་པའི་རྩེད་ཐང་དུ་འགོ་འཛུགས་གནང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་དབུ་འབྱེད་གནང་པའི་རྩེད་འགྲན་དེའི་ནང་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་དང །  སྦེལ་ཀོབ་གྷོ་ལ་ཐལ་རུ་ཁག  སྦེལ་ཀོབ་བདེ་སླར་རུ་ཁག  བོད་ཁྱིམ་མཉམ་སྦྲེལ་རུ་ཁག   Clement Town དོན་གྲུབ་གླིང་རུ་ཁག་ དར་ཆེ་གླིང་རུ་ཁག   སྒང་ཏོག་རུ་ཁག  གྷོ་བ་རུ་ཁག ཧུན་རུབ་རྒྱས་གླིང་རུ་ཁག  ཀོ་ལི་གྷལ་གྱི་རུ་ཁག་གཉིས།  མོན་གྷོ་དོན་ལྡན་གླིང་རུ་ཁག  ཨུ་རི་ས་ཕུན་ཚོགས་གླིང་རུ་ཁག དེ་བཞིན་གངས་ལྗོངས་ཤི་ལོངས་རུ་ཁག་དང་རྩམ་པ་རུ་ཁག་བཅས་ཁྱོན་རུ་ཁག་ ༡༥ ནས་མཉམ་ཞུགས་གནང་ཡོད་པ་རེད།

ཐེངས་འདིའི་རྩེད་འགྲན་གྱི་ལས་རིམ་རྣམས་རྒྱ་ཆེའི་གཟིགས་མོ་བ་ཚོས་ཐད་ཀར་གཟིགས་ཐུབ་ཆེད་ངོ་དེབ་སོགས་བརྒྱུད་ནས་ཐད་གཏོང་གནང་རྒྱུར་འབད་བརྩོན་གནང་བཞིན་ཡོད་ཀྱང་། ས་གནས་ལ་དྲ་ལམ་གྱི་དཀའ་ངལ་ཡོད་པར་བརྟེན་གལ་ཏེ་ཐད་གཏོང་གཟིགས་མ་ཐུབ་པ་བྱུང་ཚེ། རང་གི་ལག་ཐོག་ཁ་པར་ནས་ཕབ་ལེན་བྱ་རྒྱུ་ཡོད་པའི་ GCM 2017 ཞེས་པའི་མཉེན་ཆས་ཞིག་གསར་བཟོ་གནང་ཡོད་པ་དང་དེའི་བརྒྱུད་ནས་ཉིན་རེའི་གནས་ཚུལ་རྣམས་ཐད་གཟིགས་ཞུ་རྒྱུ་འདུག

ཉིན་དང་པོའི་རྩེད་འགྲན་སྐབས་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་རུ་ཁག་དང་སྦེལ་ཀོབ་བདེ་སླར་རུ་ཁག་གཉིས་དབར་རྩེད་འགྲན་གནང་ནས་སྤོ་ལོ་གཅིག་དང་གཉིས་ཀྱི་ཁྱད་པར་བྱུང་སྟབས་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། རྩེད་འགྲན་གཉིས་པ་ཨུ་རི་ས་ཕུན་ཚོགས་གླིང་རུ་ཁག་དང་ཀོ་ལི་གྷལ་དོན་ལྡན་གླིང་གི་རུ་ཁག་ཀ་པ་གཉིས་བར་འགྲན་བསྡུར་གནང་མཐར་སྤོ་ལོ་ཀླད་ཀོར་དང་གསུམ་གྱི་ཁྱད་པར་ཐོག་ནས་ཀོ་ལི་གྷལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།

དེ་བཞིན་ཁ་སང་ཚེས་ ༩ རྩེད་འགྲན་ཉིན་གཉིས་པའི་རྩེད་འགྲན་དང་པོར་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་ཀོ་ལི་གྷལ་རུ་ཁག་ཁ་པ་གཉིས་དབར་རྩེད་འགྲན་གནང་པ་ལས་སྤོ་ལོ་ལྔ་དང་ཀླད་ཀོར་གྱི་ཁྱད་པར་ཐོག་ནས་མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། རྩེད་འགྲན་གཉིས་པར་བོད་ཁྱིམ་སྤྱི་མཐུན་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་དབར་ལ་སྤོ་ལོ་ཀླད་ཀོར་དང་བཞིའི་ཁྱད་པར་ཐོག་ནས་དོན་གྲུབ་གླིང་རུ་ཁག་ལ་ཐོབ་ཡོད། རྩེད་འགྲན་གསུམ་པའི་སྐབས་གངས་ལྗོངས་ཤི་ལོངས་རུ་ཁག་དང་སྦེལ་ཀོབ་གྷོ་ལ་ཐ་ལ་རུ་ཁག་དབར་བསྡུར་གནང་མཐར་རུ་གཉིས་ཀ་ནས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་གཅིག་མཚུངས་ཀྱི་གནས་སྟངས་ཆགས་ཡོད་རེད།   སྤྱིར་ཚེས་༨ ནས་དེ་རིང་ཚེས་ ༡༠ བར་རུ་ཁག་ཕན་ཚུན་དབར་ཁྱོན་རྩེད་འགྲན་ཐེངས་ ༨ གནང་ཟིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།