Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་བསྔགས་བརྗོད་ཕྱག་འཁྱེར་གནང་བ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

བཙན་བྱོལ་བོད་མིའི་ཤེས་ཡོན་ལྟེ་གནས་ཆེ་གྲས་མ་སུ་རི་བོད་ཕྲུག་ཁྱིམ་སྡེར་ལོ་གསུམ་བསྟུད་མར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་དགུ་བཅུ་ལྷག་སོན་པར་ཡི་རང་བསྔགས་བརྗོད་ཀྱི་ཕྱག་འཁྱེར་ཆེས་མ་ཐོབ་འདུགའདས་པའི་ལོ་ཤས་ནས་ CBSE རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་པའི་ཁྲོད་བོད་སློབ་ཁག་གི་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ནི་དེ་སྔ་ལས་ལེགས་པ་སོན་ཡོད་པར་མ་ཟད། ལྷག་དོན་རྒྱ་གར་བྱང་ཕྱོགས་ཨུཏཱར་ཁཱནཌ་མངའ་སྡེའི་ལྡེ་ར་ལྡུན་ཁུལ་དུ་རྟེན་གཞི་བྱས་པའི་མ་སུ་རི་བོད་ཁྱིམ་སློབ་གྲྭས་ཕྱི་ལོ་ ༢༠༡༨ དང་ ༡༩ དེ་བཞིན་ ༢༠༢༠ བཅས་སོ་སོར་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་ ༩༠ ལྷག་སོན་ཡོད་སྟབས། ཉེ་ཆར་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་མ་སུ་རི་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ལ་འདས་པའི་ལོ་གསུམ་བསྟུད་མར་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་སོན་པར་ཡི་རང་བསྔགས་བརྗོད་ཀྱི་ཕྱག་འཁྱེར་ གསོལ་སྩལ་ཆེས་ཐོག་མ་དེ་གནང་འདུགརླུང་འཕྲིན་ཁང་གིས་མ་སུ་རི་བོད་ཁྱིམ་གྱི་དྲུང་གཞོན་དགེ་འདུན་རིན་ཆེན་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ལོ་འདི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ལོར་སྲུང་བརྩི་ཞུ་བཞིན་པའི་ཁྲོད་འདིར་མ་སུ་རི་བོད་ཁྱིམ་སློབ་གྲྭར་བསྔགས་བརྗོད་ཀྱི་ཕྱག་འཁྱེར་དེ་ལྟར་གནང་སོན་བྱུང་བ་འདི་ནི་༸རྒྱལ་བའི་བཀའ་བཞིན་སྒྲུབ་པར་དགའ་སྒོམ་ཞུ་མུས་ཡིན་སྐོར་གསུངས་ཡོད། སྤྱིར་འདི་ལོའི་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་ནང་བོད་པའི་གཏན་སློབ་ཁག་ ༡༦ ནས་ཁྱོན་སློབ་མ་ ༡༠༡༦ མཉམ་ཞུགས་ཀྱིས་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨.༢༣ ལོན་ཡོད་པ་དང་དེ་ནི་སྔ་ལོ་ལས་བརྒྱ་ཆ་ ༡.༢༣ འཕར་ཡོད་པར་མ་ཟད་འདི་ལོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལས་བརྒྱ་ཆ་བརྒྱ་ཡིག་རྒྱུགས་འཕྲོད་པའི་སློབ་གྲྭ་བཅུ་ཡོད་པ་དང་བརྒྱ་ཆ་ ༩༠ ཡན་ལོན་པའི་སློབ་ཕྲུག་ ༩༡ བྱུང་བའི་ཁོངས་ནས་སློབ་མ་ ༤༤ མ་སུ་རི་བོད་ཁྱིམ་གྱི་སློབ་མ་ཆགས་ཡོད།གཞི་རྩའི་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་ནི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་སྔོན་གཟིགས་ཀྱི་བཀའ་དགོངས་བཞིན་ལྷ་ལྕམ་ཕྲེང་རིང་རིན་ཆེན་སྒྲོལ་མ་ལགས་ཀྱིས་ཕྱི་ལོ་ ༡༩༦༢ ལོའི་ཟླ་བ་ ༡༡ ཚེས་ ༡༥ ཉིན་ཐོག་མར་ཁྱིམ་ཚང་གསུམ་ནང་དྭ་ཕྲུག་ཉམ་ཐག་གྲངས་ ༧༥ ལ་གཟིགས་སྐྱོང་གནང་འགོ་བཙུགས་ཆེད་སྨན་གྱི་འགྲོ་གྲོན་ཡོངས་རྫོགས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསོལ་སྩལ་ཐོག་བོད་ཕྲུག་ཁྱིམ་སྡེ་འདི་དབུ་འཛུགས་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ནས་ཕྱི་ལོ་ ༡༩༦༣ ཟླ་ ༤ ཚེས་ ༢༣ ཉིན་ཁྱིམ་ཚང་བརྒྱད་ཡོད་པ་གཞུང་འབྲེལ་ཐོག་ངོས་ལེན་ཐོབ་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བཀའ་དྲིན་བསྐྱངས་ཏེ་ད་བར་མི་ལོ་ ༥༨ རིང་ཕྱི་ནང་གི་ཡར་རྒྱས་ཕྱིན་ཡོད་ལ་ད་ཆ་མ་སུ་རི་སློབ་གྲྭ་དེ་ཉིད་ནང་ཁྱོན་སློབ་མ་གྲངས་ ༩༠༠ དང་དེ་བཞིན་དེ་འབྲེལ་གྱི་ཡན་ལག་སློབ་གྲྭ་ཚང་མར་སློབ་ཞུགས་གནང་བཞིན་པའི་སློབ་མ་ ༡༥༠༠ དང་དགེ་ལས་ ༣༠༠ ཙམ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།