Tibetan Royal Year of 2151 | Year of the Wood Dragon

མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རྡོ་རྗེ་བཀྲིས་ལགས་ལ་དྲང་བདེན་དགོས་པའི་ལས་འགུལ་སྤེལ་བ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

རྒྱ་ནག་གི་བཙོན་ཁང་ནང་ཚེ་བཙོན་གྱི་ཁྲིམས་ཆད་མྱོང་བཞིན་པའི་བོད་མི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་དགོན་པོ་སྐྱིད་ལགས་ནས་ཁ་སང་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་མདུན་དུ་སླར་ཡང་རྡོ་རྗེ་བཀྲིས་ལགས་ལ་དྲང་བདེན་དགོས་པའི་ལས་འགུལ་སྤེལ་འདུག

དེ་རིང་བོད་ནས་བརྙན་ཐུང་ཞིག་ཕྱི་གྱར་བྱུང་བའི་ནང་། ཁ་སང་ཕྱི་ཚེས་ ༢༠ ཉིན་རྡོ་རྗེ་བཀྲིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ནས་སླར་ཡང་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་མདུན་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་པར་ཁྱེར་ཞིང་། ཁོང་གི་གཅུང་པོ་རྡོ་རྗེ་བཀྲིས་ལགས་ལ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པ་དེར་དྲང་བདེན་དགོས་པའི་འབོད་སྐུལ་ཞུ་སྙན་བསྣམས་ཏེ་ཞི་བའི་ལས་འགུལ་སྤེལ་བ་མངོན་རྒྱུ་འདུག

རྩ་བའི་རྡོ་རྗེ་བཀྲིས་ལགས་ནི་དུས་རྟག་ཏུ་གཞན་ཕན་ལ་འབད་མཁན་གྱི་བོད་མི་ཚོང་པ་གྲགས་ཅན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ས་གནས་ཆབ་སྲིད་འགོ་ཁྲིད་ཁག་གཅིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པ་དེ་ལྟར་ཡང་། ཁོང་ལ་འདོགས་པའི་ཆབ་སྲིད་ཀྱི་ནག་ཉེས་དེ་དག་རྩ་བ་ནས་ཁུངས་སྐྱེལ་མ་ཐུབ་སྟབས། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ཁྲིམས་ཁང་གིས་གསང་བའི་ཁྲིམས་བཤེར་ཚོགས་ཏེ་ཁོང་ལ་བུ་ལོན་གཡོ་ལེན་བྱས་པའི་ཉེས་འཛུགས་ཀྱིས་ཚེ་བཙོན་ཁྲིམས་ཐག་བཅད་ཡོད་པ་རེད།

ད་བར་རྡོ་རྗེ་བཀྲི་ཤིས་ལགས་དང་ཁོང་གི་ཁྲིམས་རྩོད་པ་གཉིས་ཀའི་ངོས་ནས་ནག་ཉེས་དེ་དག་ལ་ངོས་ལེན་རྩ་བ་ནས་གནང་མེད་པ་མ་ཟད། ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་དང་བཟའ་ཟླ། དེ་བཞིན་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་བཅས་ཀྱིས་རྡོ་རྗེ་བཀྲིས་ལགས་ལ་རྒྱ་གཞུང་གིས་མ་ཉེས་ཁག་གཡོག་བྱས་ཤིང་། དྲང་བདེན་བྱུང་མེད་པར་ཁོང་འཕྲལ་མར་གློད་བཀྲོལ་བཏང་དགོས་པ་དང་། ནང་མི་རྣམས་ལ་བཙོན་ཁང་དུ་ཐུག་འཕྲད་བྱེད་དུ་བཅུག་དགོས་པ་སོགས་ཀྱི་དགོས་འདུན་དང་སྦྲགས། དྲ་ཐོག་དང་ཁྲིམས་ཁང་གི་མདུན་དུ་དངོས་སུ་ཞུ་གཏུག་ཀྱི་ལས་འགུལ་རིམ་པ་སྤེལ་ཡོད་པ་རེད།

འོན་ཀྱང་ས་གནས་སྲིད་གཞུང་གིས་ཁོང་གི་ཞུ་སྐུལ་ལ་དང་ལེན་མ་བྱས་པར་དེ་ལས་ལྡོག་སྟེ་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱི་ལས་འགུལ་ལ་འགོག་རྐྱེན་ཙམ་མ་ཟད། རྡིག་ར་སྐུལ་ཤིང་། བཙན་ཁྲིད་དང་བཅར་རྡུང་སོགས་བཏང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།