Tibetan Royal Year of 2151 | Year of the Wood Dragon

མགོན་པོ་སྐྱིད་ལགས་དང་ཁོང་གི་བཟའ་ཟླ་གཉིས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཕྱི་ལོ་ ༢༠༠༨ ནས་བཟུང་རྒྱ་གཞུང་གིས་བཙོན་འཇུག་འོག་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲིས་ལགས་ཀྱི་སྲིང་མོ་མགོན་པོ་སྐྱིད་ལགས་དང་ཁོང་གི་བཟའ་ཟླ་ཆོས་སྐྱོང་ལགས་རྣམ་གཉིས་ཀྱིས་ཁ་སང་ཕྱི་ཚེས་ ༡༣ ཉིན་ལྷ་ས་མི་དམངས་ཁྲིམས་ཁང་དུ་རྡོ་རྗེ་བཀྲིས་ལགས་ཀྱི་ཁྲིམས་བཤེར་བསྐྱར་དུ་གནང་དགོས་པ་སོགས་ཀྱི་ཞུ་སྙན་ཕུལ་བར་ཕེབས་སྐབས། རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ལྟའི་ཆར་ཁོང་གཉིས་གར་ཡོད་ཤེས་རྟོགས་མེད་པར་གྱུར་འདུག

མགོན་པོ་སྐྱིད་ལགས་ཀྱིས་རང་ཉིད་ཀྱི་གཅུང་པོ་རྡོ་རྗེ་བཀྲིས་ལགས་ཀློད་དགྲོལ་ཡོང་ཐབས་སུ་ལས་འགུལ་རིམ་པ་སྤེལ། དུས་ཡུན་རིང་པོ་འདི་ཐོག་ཐུགས་སྣང་དང་གནས་ཚུལ་སྤེལ་མཁན་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་གནས་ལྟ་ཞིབ་ཁང་ནས་བྱུང་བའི་གནས་ཚུལ་ཞིག་སྤེལ་འདུག་པའི་ནང་ཁ་སང་ཕྱི་ཚེས་ ༡༣ ཉིན་མགོན་པོ་སྐྱིད་ལགས་དང་ཁོང་གི་བཟའ་ཟླ་གཉིས་ལྷ་སའི་མི་དམངས་ཁྲིམས་ཁང་དུ་བསྐྱོད་དེ་གོང་རིམ་རྣམས་ལ་རྡོ་རྗེ་བཀྲིས་ལགས་ཀྱི་ཁྲིམས་བཤེར་བསྐྱར་དུ་བྱེད་དགོས་པ་དང་། དེ་སྔ་གོང་རིམ་ནས་ཁས་ལེན་བྱས་པ་བཞིན་བཙོན་ཁང་ནང་རྡོ་རྗེ་བཀྲིས་ལགས་དང་ཐུག་འཕྲད་བྱེད་དུ་བཅུག་དགོས་པའི་ཞུ་ཡིག་དེ་ཕུལ་བར་སོང་སྐབས། ཁོང་ཚོས་ཞུ་སྐུལ་ལ་དང་ལེན་བྱེད་རྒྱུ་ལས་ལྡོག་སྟེ་ཉེན་རྟོག་པས་ཁོང་གཉིས་འཛིན་བཟུང་བྱས་པ་དང་། ད་ལྟའི་ཆར་ཁོང་གཉིས་ལྷ་སའི་བཙོན་ཁང་གང་དུ་བཀག་སྐྱིལ་བྱས་ཡོད་པ་དང་གཟུགས་གཞིའི་གནས་སྟངས་ཇི་ཆགས་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུག

རྩ་བའི་རྡོ་རྗེ་བཀྲིས་ལགས་ནི་གཞན་ཕན་ལ་འབད་མཁན་གྱི་བོད་མི་ཚོང་པ་གྲགས་ཅན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་ས་གནས་ཆབ་སྲིད་འགོ་ཁྲིད་ཁག་གཅིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱེད་བཞིན་ཡོད་པའི་ཉེས་མིང་བཏགས་ནས་འཛིན་གཟུང་བྱས་ཡོད་པ་དེ་ལྟར་ཡང་། ད་བར་ནག་ཉེས་རྩ་བ་ནས་ཁུངས་སྐྱེལ་མ་ཐུབ་པ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ལྷ་སར་རྒྱ་ནག་གི་ཁྲིམས་ཁང་ནས་གསང་བའི་ངང་ཁྲིམས་ར་འཚོགས་ཏེ་རྡོ་རྗེ་བཀྲ་ཤིས་ཀྱིས་བུ་ལོན་གཡར་ལེན་བྱས་ཡོད་པའི་ཉེས་འཛུགས་ཀྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། རྡོ་རྗེ་བཀྲི་ཤིས་ལགས་ཀྱི་སྲིང་མོ་མགོན་པོ་སྐྱིད་ལགས་ཀྱིས་ལོ་མང་ནས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་མདུན་དུ་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་ཞུ་གཏུག་རིམ་པ་གནང་ཡོད་ཀྱང་དེ་དག་ལ་ངོས་ལེན་བྱེད་ཀྱི་མེད་པར་བརྟེན་ངོ་རྒོལ་སྔ་ཕྱི་དུ་མ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།