Tibetan Royal Year of 2151 | Year of the Wood Dragon

སྲད་རྒྱུད་གྲྭ་ཚང་དུ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་དང་མ་ཎིའི་ལྗགས་ལུང་བསྩལ་བ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་བྱང་ཤར་འབྲས་ལྗོངས་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་དེ་རིང་སྔ་དྲོ་འབྲས་ལྗོངས་ནས་ཐད་འཕུར་གནམ་གྲུ་བརྒྱུད་ནུབ་བྷེང་གྷལ་མངའ་སྡེའི་སཱ་ལུ་སྒར་དུ་རྟེན་གཞི་བྱས་པའི་གསང་ཆེན་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་སཱ་ལུ་སྒར་གྱིས་གཙོས་ཀ་རྡོར་སྒང་གསུམ་དང་མོན། འབྲུག་སོགས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་དང་མ་ཎིའི་ལྗགས་ལུང་སྩལ་འདུག

༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཕྱག་ཚོད་ ༨ པ་ཡོལ་ཙམ་ལ་སྲད་རྒྱུད་གྲྭ་ཚང་དུ་༸ཞབས་སོར་འཁོད་མཚམས་ཐོག་མར་དགོན་གྱི་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་དགོན་པའི་མཁན་པོས་གཙོས་ཀ་སྦུག་དང་རྡོ་རྗེ་གླིང་། དེ་བཞིན་སོ་ན་དའི་ས་གནས་འགོ་འཛིན་དང་གནད་ཡོད་མི་སྣ་བཅས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པའི་མཛད་རིམ་ཞིག་བསྐྱངས་འདུག་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་༸སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ། མང་ཚོགས་ནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་བཀའ་སྩལ་སོང་། དེ་རྗེས་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༸བཞུགས་ཁྲིར་འཁོད་མཚམས་དང་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མ་མཛད་གོང་འདས་པའི་ཉིན་གྲངས་ཁ་ཤས་རིང་མགོན་པོ་གང་ཉིད་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་མཛད་སྐབས་མང་ཚོགས་ཀྱི་དད་པ་དང་དགའ་ཞེན་ཆེན་པོ་ཡོད་པ་གཟིགས་སྣང་བྱུང་ཞེས་བཀའ་སྩལ་བ་དང་འབྲེལ། མིའི་བདེ་སྐྱིད་དེ་ཨ་མའི་བྱམས་བརྩེའི་འོག་ནས་འགོ་ཚུགས་ཀྱི་ཡོད་པ་ལྟར། ཆོས་ཁས་ལེན་མིན་ལ་ལྟོས་མེད་ཚང་མས་སེམས་བཟང་པོ་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་བཀའ་སྩལ་བ་མ་ཟད་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་བཏང་ན་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་ཀྱི་རེད་ཅེས་ལམ་སྟོན་སྩལ་སོང་།

དེ་བཞིན་༸གོང་ས་མཆོག་གིས་མི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་གནང་རྒྱུ་དང་འབྲེལ་ནས་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་རྣམས་ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་ཡོད་ཀྱང་འགྲོ་བ་མི་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་གཅིག་མཚུངས་ཡིན་སྟབས། ཚང་མས་མཐུན་པོ་དང་འཆམ་པོ་གནང་གལ་ཡིན་པ་མ་ཟད། གང་ཉིད་མཆོག་ཀྱང་འཛམ་གླིང་གི་ས་ཕྱོགས་གང་དུ་ཆིབས་བསྒྱུར་མཛད་སྐབས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་གཏོང་ཐབས་སྐོར་ལ་བཀའ་སློབ་ཡང་ཡང་སྩལ་གྱི་ཡོད་ཅེས་བཀའ་སྩལ་སོང་།

གཞན་ཡང་༸གོང་ས་མཆོག་གིས་ཐེངས་འདིའི་ཆོས་འབྲེལ་མཛད་རྒྱུའི་གསུང་གི་སྙིང་པོ་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དེ་ཡིན་པས་མང་ཚོགས་ཀུན་ནས་བྱང་ཆུབ་ཀྱི་སེམས་ངེས་པར་དུ་སྒོམ་དགོས་པའི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་བར་མ་ཟད། རང་གཞན་གཉིས་ཀྱི་དོན་འགྲུབ་ཐབས་སུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ལས་ལྷག་པ་མེད་ཅེས་བཀའ་སྩལ་སོང་།

༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་ཆོས་འབྲེལ་སྩལ་གྲུབ་མཚམས་སུ་སྲད་རྒྱུད་གྲྭ་ཚང་གིས་ཉིན་དགུང་གསོལ་ཚིགས་འདེགས་འབུལ་ཞུས་རྗེས་མགོན་པོ་གང་ཉིད་མཆོག་༸སྐུའི་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་མཛད་སོང་། མཛད་འཆར་ལྟར་ན་༸གོང་ས་མཆོག་སང་ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་རེད། གཞི་རྩའི་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༣ ཉིན་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་བཞུགས་གནས་མེ་ཏོག་སྒང་གི་སཱ་མན་བྷ་ཝན་ཚོགས་ཁང་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Prem Singh Tamang མཆོག་གིས་དབུས་པའི་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་དང་བློན་ཆེན་ཁག དེ་བཞིན་ས་གནས་ཀྱི་གནས་ཡོད་མི་སྣ་མང་དག་གཅིག་ཆེད་ཕེབས་ཐོག་མགོན་པོ་གང་ཉིད་མཆོག་ལ་དགུང་ཚིགས་གསོལ་སྟོན་འདེགས་འབུལ་ཞུས་ཡོད་པ་དང་། ཐེངས་འདིའི་༸གོང་ས་མཆོག་གི་མ་དགོན་གསང་ཆེན་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་དུ་ཆིབས་བསྒྱུར་དེ་བཞིན་མི་ལོ་བཅུའི་རྗེས་ཀྱི་ཆིབས་བསྒྱུར་ཐེངས་བདུན་པ་དེ་ཆགས་ཀྱི་འདུག

༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།