Tibetan Royal Year of 2151 | Year of the Wood Dragon

མང་གཙོ་ལས་འགུལ་བ་རྣམས་ལ་འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་འོས།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ཉིན་ཟླ་འདིའི་ཚེས་ ༡༢ ཉིན། CZECH སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ VACLAV HAVEL མཆོག་གིས་ཆེད་འཛུགས་གནང་བའི་ FORUM 2000 ཞེས་ཕྱི་ལོ་ ༢༠༠༠ ཐམ་པའི་ཞི་བདེའི་གླེང་སྟེགས་ཀྱི་གོ་སྒྲིག་འོག རྒྱ་ནག་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དོན་བགྲོ་གླེང་ཞིག་གི་ཐོག་ཚོགས་ཞུགས་ཀྱིས། རྒྱ་ནག་གིས་བོད་དང་ཤིན་ཅང་གི་གཙོ་བྱས་པའི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་གཏམ་བཤད་གནང་འདུག

སྐུ་ཞབས་ VACLAV HAVEL མཆོག་དམ་པ་དེ་ཉིད་ཀྱི་མཚན་གནས་ཐོག་གོ་སྒྲིག་གནང་བའི་ཁེ་ཉིན་གྱི་བགྲོ་གླེང་སྟེང་དེར། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས། NURY A. TURKEL ལགས། དེ་བཞིན་ཧོང་ཀོང་ནང་གནས་བཞུགས་སྒྱུ་རྩལ་བ་གྲགས་ཅན་LORETTA LAU ལགས་བཅས་མཉམ་ཞུགས་གནང་ཡོད།
སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད་པར་ལུང་འདྲེན་གྱིས། ང་ཚོ་ད་ལྟ་གཉན་འཕྲང་ཅན་གྱི་དུས་ཚོད་ཅིག་གི་འོག་གནས་ཡོད་པར་བརྟེན། ང་ཚོས་རྒྱ་ནག་འགྱུར་བ་གཏོང་དགོས་སམ། ཡང་ན་རྒྱ་ནག་གིས་ང་ཚོ་འགྱུར་བ་གཏོང་དགོས་སམ་ཞེས་པའི་ཐོག་ཐག་གཅོད་བྱེད་དགོས་པའི་དུས་ལ་བབ་ཡོད་པར་གསུངས་བ་དང་འབྲེལ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། ལས་དོན་ག་རེ་ཡིན་ཡང་ཕྱི་གསལ་ནང་གསལ་མེད་པར་བརྟེན་ཡུ་རོབ་རྒྱལ་ཁབ་ཁག་གིས་ངེས་བར་དུ་རྒྱ་ནག་ལ་དོགས་ཟོན་བྱེད་དགོས་བའི་འབོད་སྒུལ་གནང་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས། ཉེ་ཆར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་གི་འབྲུ་རིགས་བགོ་འགྲེམས་ལས་གཞི་ཚོགས་པར་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པར་འདོད་མོས་མེད་པའི་རྣམ་འགྱུར་དང་བཅས། དངོས་གནས་བྱས་ན་འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་ཧོང་ཀོང་དང་ཤར་ཏུར་ཀི་སི་ཐན་ནང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་ཞི་བདེ་གཟེངས་རྟགས་འབུལ་དགོས་ངེས་ཤིག་ཆགས་ཡོད་སྐོར་གྱི་གསུངས་འདུག
སྲིད་སྐྱོང་མཆོག་གིས་ད་དུང་། འདི་ལོ་ཕྱི་ཟླ་ ༨ ཟླ་མཇུག་ཏུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབང་དབྱི་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་བསྐྱོད་ནས་ནོར་ཝེ་གཞུང་ལ་ལོ་ངོ་བཅུ་ཕྲག་གཅིག་གི་གོང་ཞི་བདེའི་གཟེངས་རྟགས་དེ་རྒྱ་རིགས་ལཱིག་ཞོ་པཱོ་ལགས་ལ་ཕུལ་བའི་ནོར་འཁྲུལ་དེ་བསྐྱར་ཟློས་བྱ་མི་རུང་བའི་ཉེན་བརྡ་བཏང་ཡོད་པ་ལུང་འདྲེན་དང་འབྲེལ། ནོར་ཝེ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ཧོང་ཀོང་དང་ཤར་ཏུར་ཀི་སི་ཐན་ནང་གི་མང་གཙོ་དོན་གཉེར་བ་ཚོར་ཞི་བདེའི་གཟེངས་རྟགས་མ་ཕུལ་བ་དེ་ནོར་ཝེ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་རྒྱ་ནག་གཞུང་ལ་ངོ་དགའ་བྱས་པའི་གནད་དོན་ཤིགས་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ད་ཆ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ལའང་ཤུགས་རྐྱེན་ཐེབས་བཞིན་ཡོད་པའི་དཔང་རྟགས་གསལ་བོར་ཡོད་ཅེས་གསུངས་འདུག

ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་ཡན་ལག་ཚོགས་པ་བཅོ་ལྔའི་ནང་གི་ས་མིག་གཙོ་གྲས་མང་པོ་ཞིག་རྒྱ་ནག་གི་གཞུང་འབྲེལ་མི་སྣས་ཟིན་ཡོད་པ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྡེན་ལྷན་ཚོགས་ལྟ་བུའི་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་སྒྲོམ་གཞིར་བསྐྱར་སྒྲིག་དང་ཤུགས་རྐྱེན་སྤྲོད་བཞིན་ཡོད་པ་དེར་་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཡིད་གཟམ་བྱེད་དགོས་པ་དྲན་སྐུལ་གནང་འདུག མ་ཟད་ཉེ་ལམ་བོད་དང་ཤར་ཏུར་ཀི་སི་ཐན་སྐོར་ཉམས་ཞིབ་གནང་མཁན་སྐུ་ཞབས་ ADRIAN ZENZ ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་དབུལ་ཕོངས་མཐོར་འདེགས་ལས་གཞི་ཟེར་བ་ལག་བསྟར་བྱས་ཏེ་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པའི་སྙན་ཐོ་འདོན་སྤེལ་གནང་བ་ལུང་འདྲེན་གནང་སྟེ། ངལ་རྩོལ་ལས་གཞི་དེ་ཡིས་བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་གཞོན་སྐྱེས་ཚོའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་རྩ་བརླག་ཏུ་གཏོང་བཞིན་ཡོད་པར་མངོན་གསལ་གནང་བ་དང་སྦྲགས། རྒྱལ་སྤྱིའི་འགོ་ཁྲིད་ཚོས་དཔལ་འབྱོར་དང་ཚོང་དོན་གྱི་ལས་གཞིའི་མངོན་འདོན་འོག རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱི་མེད་པར་བརྟེན། རྒྱ་ནག་གཞུང་གིས་གོ་སྐབས་དེ་བཟུང་ནས་མུ་མཐུད་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་ཉེན་ཡོད་པས། ད་ཆ་ང་ཚོས་རྒྱ་ནག་ལ་ཕར་རྒོལ་གྱིས་འགྱུར་བ་གཏོང་དགོས་བའི་དུས་ལ་བབ་ཡོད་པར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།