Tibetan Royal Year of 2151 | Year of the Wood Dragon

མཐོ་སློབ་ཀྱི་བོད་ཕྲུག་སློབ་མ་ཚོར་ཆབ་སྲིད་དང་གཞུང་འཛིན་གྱི་འགོ་ཁྲིད་ཟབ་སྦྱོང་གནང་བཞིན་འདུག

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་མཚན་པའི་གོ་སྒྲིག་འོག་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་སློབ་མ་ཁག་ཅིག་ལ་ཆབ་སྲིད་དང་གཞུང་འཛིན་གྱི་འགོ་ཁྲིད་ཟབ་སྦྱོང་གནང་བཞིན་འདུག
ཐེངས་འདིའི་འགོ་ཁྲིད་ཟབ་སྦྱོང་དེ་སྔར་དང་མི་འདྲ་བར་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་སློབ་མ་ཚོ་རུ་ཁག་གཉིས་ལ་ཆ་བགོས་ཀྱིས་རྒྱ་གར་གྱི་ Pune གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ MIT མཐོ་སློབ་ནང་གི་གཞུང་འཛིན་སློབ་གཉེར་ལྟེ་གནས་ཁང་དུ་སློབ་མ་ཚོར་རྒྱལ་སྤྱིའི་ཆབ་སྲིད་དང་གཞུང་འཛིན་སྒྲོམ་གཞི་དང་འགྲོ་སྟངས། དེ་བཞིན་འགྲོ་བ་མིའི་ཐབ་ཐང་དང་རྒྱལ་སྤྱིའི་ཁྲོད་ཀྱི་བོད་ཀྱི་ཆབ་སྲིད་གནས་བབ། རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་བདེ་འཇགས་སོགས་འགོ་ཁྲིད་ལ་མཁོ་བའི་བརྗོད་གཞི་འདྲ་མིན་ཐོག་ཆེད་ལས་མི་སྣ་གདན་ཞུས་ཀྱིས་ཟབ་སྦྱོང་གནང་བཞིན་འདུག

སློབ་མ་ཁག་ཅིག་པུ་ནེ་ནང་གི་ཟབ་སྦྱོང་ལེགས་གྲུབ་ཟིན་རྗེས་བཞུགས་སྒར་རྡ་རམ་ས་ལར་འདུ་བསྐོང་གནང་འདུག་པ་དང་། ཁོང་རྣམ་པར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་དང་དང་གྲོས་ཚོགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སོགས་ཀྱི་ཐོག་ལ་ཟབ་ཁྲིད་གནང་མུས་ཡིན་པ་རེད།

འདི་ག་རླུང་འཕྲིན་ཁང་གིས་ཟབ་སྦྱོང་གོ་སྒྲིག་གནང་མཁན་བོད་མིའི་སྒྲིག་འཛུགས་ཤེས་ལས་ཁུངས་ཀྱི་མདུན་ལམ་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་ལྟ་བོད་ཕྲུག་སློབ་མ་ཚོ་མ་འོངས་པར་འགོ་ཁྲིད་བཟང་པོ་ཡོང་ཕྱིར་གོ་སྒྲིག་ཞུས་པ་ཡིན་ཞེས་གསུངས་སོང་།
རྩ་བའི་ཐེངས་འདིའི་འགོ་ཁྲིད་ཟབ་སྦྱོང་ནང་དུ་ Delhi དང་། Chennai དེ་བཞིན་ Baroda གཞན་ཡང་ Banglore སོགས་རྒྱ་གར་གྱི་མཐོ་སློབ་ཁག་འདྲ་མིན་ ༡༧ ནས་སློབ་མ་ ༡༠༠ ལྷག་མཉམ་ཞུགས་གནང་འདུག་པ་དང། ཟླ་བ་སྔོན་མའི་ཚེས་ ༢༩ ནས་ཟླ་བ་འདིའི་ཚེས་ ༣ བར་ཉིན་གྲངས་དྲུག་རིང་པུ་ནེ་ནང་དུ་ཟབ་སྦྱོང་ལ་མཉམ་ཞུགས་གནང་ཟིན་པའི་སློབ་མ་ཁག་ཅིག་ད་ཆ་རྡ་རམ་ས་ལར་འབྱོར་ཡོད་པ་དང་། ཁོང་རྣམ་པ་བོད་དང་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་འགོ་ཁྲིད་ཟབ་སྦྱོང་སྡེ་ཐེངས་གཉིས་པའི་ནང་མཉམ་ཞུགས་གནང་བཞིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།