Tibetan Royal Year of 2151 | Year of the Wood Dragon

མཚོ་སྔོན་བྲག་དཀར་རྫོང་ཁོངས་ཀྱི་འབྲོག་པ་མང་ཚོགས་ཀྱི་རྩྭ་སའི་བདག་དབང་ལ་དཀའ་ངལ།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

འདས་བའི་ལོ་ངོ་བཅུ་ཕྲག་གཉིས་ཀྱི་སྔོན་ནས་བོད་ཁུལ་གྱི་ས་ཁོངས་གང་སར་རྒྱ་ནག་གིས་ཕྱུགས་སྐྱུར་རྩ་འདེབས་དང་འབྲོག་པ་གཞིས་སྤོར་གྱི་སྲིད་བྱུས་ལག་བསྟར་གྱིས། རྩྭ་ས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་ཕྱུགས་ཟོག་འཚོ་རྒྱུར་ཚད་འཛིན་བྱས་ཡོད་པ་ལྟར།  བོད་ཁུལ་གྱི་ས་ཕྱོགས་སོ་སོར་ཕྱུགས་ཟོག་འཚོ་སྐྱོང་གི་སྲོལ་རྒྱུན་ལམ་འཚོ་བའི་ལམ་ལུགས་ལ་གཏོར་བཅོམ་ཆེན་པོ་ཐེབས་བཞིན་ཡོད་པ་རེད།དེ་རིང་འདི་གའི་གསར་འགོད་པར་བོད་ནང་གི་བྲག་དཀར་རྫོང་ཁོངས་ནས་ཡིན་པའི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདས་བའི་ལོ་ངོ་ལྔ་ཡི་གོང་ནས་བཟུང་། རྒྱལ་ཁབ་ཀྱི་བཀོད་འདོམས་ཀྱི་འོག  བྲག་དཀར་རྫོང་ཁོངས་ཀྱི་འབྲོག་པའི་དབྱར་ས་མང་པོ་ཞིག་རྩྭ་ས་སྲུང་སྐྱོབ་ཀྱི་སྲིད་བྱུས་འོག་བཅུག་ཡོད་སྟབས། འབྲོག་པ་མང་ཚོགས་ཀྱིས་ཕྱུགས་ཟོག་འཚོ་སྐྱོང་བྱེད་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་མ་ཟད།  རྩྭ་ས་མ་འདང་བའི་དཀའ་ངལ་གྱི་འོག  ནོར་འཚོ་སྐྱོང་བྱེད་མཁན་འགའ་རེ་ཡོད་ནའང་། ལུག་འཚོ་སྐྱོང་བྱེད་མཁན་ཤིན་ཏུ་ནས་ཇེ་ཉུང་དུ་ཕྱིན་ཡོད་སྟབས་རང་རེའི་སྲོལ་རྒྱུན་གྱི་འབྲོག་ལས་ཐོན་སྐྱེད་ཀྱི་འཚོ་བ་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་ངོ་སྤྲོད་གནང་སོང་།

དེ་བཞིན་ཁོང་གིས།  འདི་ལོ་ལྟ་བུར་མཚོན་ན། སྲིད་གཞུང་གི་བཀའ་ཁྱབ་ཀྱི་རྐྱེན་གྱིས་འབྲོག་པ་མང་ཚོགས་དབྱར་ས་ནས་ཉིན་བཅོ་ལྔ་ལས་སྡོད་དུ་མ་བཅུག་པར་ཕྱིར་སྟོན་སར་རི་སྤོར་ཏུ་བཅུག་ཡོད་པར་བརྟེན།  ཕྱུགས་ཟོག་ལ་རྩྭ་སའི་མ་འདང་བའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ལུགས་ངོ་སྤྲོད་ཀྱིས།  ཁོང་གིས་དགུན་ས་ནས་ཕྱུག་ཟོག་དེ་ཙམ་མེད་མཁན་ཚོའི་འགྲམ་ནས་རྩྭ་ས་ཉོ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་ལུགས་ངོ་སྤྲོད་གནང་སོང་།འདི་གའི་གསར་འགོད་པས་ཁོང་ལ་རྩྭ་ས་སྲུང་སྐྱོབ་ཀྱི་ལས་གཞི་དེར་གུན་གསབ་སྤྲོད་ཀྱི་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས།  ཁྱིམ་ཚང་གཅིག་ལ་མི་དྲུག་ཡོད་ན་སྲིད་གཞུང་གིས་རྒྱ་སྒོར་༣༢༠༠ ཙམ་སྤྲོད་ཀྱི་ཡོད་ཀྱང་། མ་དངུལ་དེ་ཙམ་གྱིས་གཞན་གྱི་ལག་ནས་རྩྭ་ས་ཉོ་དགོས་ན་འདང་ངེས་ཤིག་མིན་པར་ངོ་སྤྲོད་ཀྱིས། འབྲོག་པ་མང་ཚོགས་ལ་དབྱར་སའི་རྩྭ་ས་དེར་ཕྱུག་ཟོག་འཚོ་སྐྱོང་བྱེད་དུ་མ་བཅུག་དུས། འབྲོག་པའི་ཕྱུགས་ལས་དེ་ག་ལེར་རྒྱུན་ཆད་རྒྱུ་ཡིན་པར་གསུངས་ཡོད།

དེ་བཞིན་ཁ་སང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་གཞུང་སྒྲུབ་ཁང་གི་གློག་འཕྲིན་ཨང་༢༤ བ་ཞེས་པ་ཞིག་ཕྱིར་བསྒྲགས་བྱས་ཏེ། རྨོ་ཞིང་ཞིང་ལས་མ་ཡིན་པར་སྤྱོད་པ་བཀག་འགོག་གི་བརྡ་ཐོ་ཞེས་པའི་བསྒྲགས་ཡིག་ཅིག་ཕྱི་ལ་ཐོན་པའི་ནང་དུ། བོད་ཁུལ་ནས་རང་གི་ས་ཞིང་དང་འབྲོག་ཐང་དུ་ལམ་ཁ་དང་ཁང་ལས་འཛུགས་སྐྲུན་སོགས་བྱས་མི་ཆོག་པའི་དོན་ཚན་བརྒྱད་འཁོད་ཡོད་པ་དང་འབྲེལ་ནས། འདི་གའི་གསར་འགོད་པའི་ཁོང་ལ་བཀའ་འདྲི་ཞུས་པར།  ད་ཆ་བྲག་དཀར་རྫོང་ཁོངས་སུ་རང་གི་རྩྭ་སའི་ཐོག་ནས་ཕྱུགས་ཟོག་འཚོ་སྐྱོང་བྱེད་རྒྱུ་ལས་གཞན།  རང་གི་རྩྭ་སའི་ཐོག་ཏུ་ཕྱུགས་ར་ཙམ་ཡང་གསར་རྒྱག་བྱས་མི་ཆོག་པའི་གནས་སྟངས་ངོ་སྤྲོད་ཀྱིས། བོད་མི་རྣམས་ཀྱི་ས་ཆའི་བདག་དབང་ཤོར་བཞིན་ཡོད་ལུགས་ངོ་སྤྲོད་གནང་སོང་།མཐར་ཁོང་གིས། འབྲོག་པ་མང་ཚོགས་ལ་མཚོན་ན་གཅིག་ནས་དེང་རབས་ཀྱི་སློབ་སྦྱོང་མེད་པ་དང་གཉིས་ནས་ལག་ཤེས་ཀྱི་རིགས་ཀྱང་མེད་དུས།  འབྲོག་པའི་ཕྱུགས་ཟོག་འཚོ་སྐྱོང་གི་ལམ་ལུགས་དེ་རྒྱུན་ཆད་པ་ཡིན་ན།  རང་བཞིན་གྱིས་མི་མང་པོ་ཞིག་ལ་རང་གི་འཚོ་བའི་ཐད་ནས་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པར་སེམས་འཚབ་ཡོད་ལུགས་གསུངས་སོང་།

གོང་གི་གནས་ཚུལ་དེ་དང་འབྲེལ་ནས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། རྒྱ་ནག་གིས་འབྲོག་ཁུལ་གྱི་རྩྭ་ས་གཞུང་བཞེས་བཏང་བ་ལ་བརྟེན་ནས་འབྲོག་པ་མང་པོ་ཞིག་ལས་མེད་དུ་ལྷག་ཡོད་པ་མ་ཟད། ད་ཆ་བོད་ཁུལ་གྱི་སྤྱི་ཚོགས་ཀྱི་ནང་དུ། བོད་མི་ན་གཞོན་མང་པོ་ཞིག་ལས་མེད་དུ་ལྷག་ནས་རྒྱ་གྲོང་ཉུལ་ནས་རྒྱན་འཇོག་ཤོ་རྒྱག་གི་ལས་ལ་ཞུགས་བཞིན་པ་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་ངོ་སྤྲོད་ཀྱིས། དེ་དག་ཡོད་ཚད་མཐར་དེད་ན། མང་ཚོགས་ཀྱི་མིག་སྔའི་འཚོ་བར་འགྱུར་ལྡོག་བྱུང་ནས་ལས་མེད་དུ་ལྷག་པའི་གནད་དོན་དང་འབྲེལ་བ་ཆེན་པོ་ཡོད་ལུགས་དང་། དེ་བཞིན་བོད་ཁུལ་གྱི་མི་མང་པོ་ཞིག་ཉིན་གླའི་འོག་ནས་ས་སྐོ་རྡོ་སློག་གི་ལས་ལ་ཞུགས་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།