Tibetan Royal Year of 2151 | Year of the Wood Dragon

Michael Vidler ལགས་ལ་འདི་ལོའི་དབྱིན་ཡུལ་གྱི་ཆེས་མཐོའི་གཟེངས་རྟགས་ཕུལ་འདུག

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

ཕྱི་ཟླ་དང་པིའི་ཚེས་ ༡ ཉིན་དབྱིན་ཇིའི་ཁྲིམས་རྩོད་པ་དང་ཧོང་ཀོང་གི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་སྐུ་ཞབས་ Michael Vidler ལགས་ལ་འདི་ལོའི་ Order of the British Empire ཞེས་པའི་དབྱིན་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆེས་མཐོའི་གཟེངས་རྟགས་འབུལ་བཞེས་གནང་འདུག

རྩ་བའི་དབྱིན་གཞུང་གི་གཟེངས་རྟགས་དེ་ཉིད་ཞི་བདེ་དང་རང་དབང་ཆེད་བློས་གཏོང་རྒྱ་ཆེ་གནང་མཁན་དང་། སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་བ། ཡང་ན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་ཕྱག་ལས་གནང་མཁན་རྣམ་པ་ཚོར་ཆེས་བསྟོད་དང་སྦྲགས་ནས་གཟེངས་རྟགས་དེ་གནང་སྲོལ་ཡོད་པ་རེད།

དེ་ཡང་ Hong kong Free Press ཞེས་པའི་གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་སྤེལ་བར་གཞིགས་ན། འདི་ལོའི་དབྱིན་ཇིའི་ཆེས་མཐོའི་གཟེངས་རྟགས་འདི་སྐུ་ཞབས་ Michael ལགས་ལ་འབུལ་བཞེས་གནང་དོན་གཙོ་བོ་ནི་ཁོང་གིས་རང་སྲོག་འབེན་ལ་བཙུགས་ནས་ཧོང་ཀོང་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་བ་གཙོས་ཧོང་ཀོང་ནང་མང་གཙོ་བཅོས་བསྒྱུར་དང་སྨྲ་བརྗོད་རང་དབང། དེ་བཞིན་ཁྲིམས་ཀྱི་དབང་བསྒྱུར་གོང་འཕེལ་ཐད་ཕྱག་ལས་བསྟུད་མར་གནང་ཡོད་པར་བརྟེན་ཁོང་ལ་ད་རེས་ཆེས་བསྟོད་ཞུས་ཏེ་གཟེངས་རྟགས་དེ་གནང་ཡོད་འདུག

གནད་དོན་དེ་དང་འབྲེལ་སྐུ་ཞབས་ Michael ལགས་ཀྱིས་ཁོང་ལ་ད་རེས་ཧོང་ཀོང་མང་ཚོགས་ཀྱི་ཐོབ་ཐང་རྩོད་ལན་པའི་ཚབ་མཚོན་གྱིས་ཆེས་མཐོའི་གཟེངས་རྟགས་དེ་གསོལ་སྩལ་གནང་བར་ཐུགས་རྗེ་ཆེ་ཞེས་དང་།  འདི་ནི་ཧོང་ཀོང་མང་ཚོགས་ཀྱིས་རང་ཉིད་ཀྱི་རང་དབང་དང་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་སླད་ཞུམ་པ་མེད་པའི་སྙིང་སྟོབས་དང་ཆོད་སེམས་ལ་རག་ལུས་ཀྱི་ཡོད་སྟབས་ཁོང་རྣམས་ཀྱི་ཧུར་བརྩོན་དང་བློས་གཏོང་ལ་ཐུགས་རྗེ་ཆེ་ཞེས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།