Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་དེ་སླར་ཡང་གསར་འགོད་པ་ཆེས་མང་ཤོས་བཙོན་དུ་འཇུག་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པར་ཐེར་འདོན།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་ཕྱི་ལོ་ ༢༠༢༣ ལོའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྒྱ་ནག་ནི་མུ་མཐུད་གསར་འགོད་པ་ཆེས་མང་ཤོས་བཙོན་དུ་འཇུག་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཐེར་འདོན་གནང་འདུག

ཉེ་ཆར་ Reporters without Borders ཞེས་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་རྒྱལ་ཁབ་སོ་སོའི་ནང་གི་གསར་འགོད་རང་དབང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་། འཛམ་གླིང་རྒྱལ་ཁབ་ ༡༨༠ ཡི་འདས་པའི་ལོ་གཅིག་གི་རིང་ལ་གསར་འགོད་པའི་རང་དབང་གནས་བབ་ཐོག་ཞིབ་འཇུག་གིས་རྒྱལ་སྤྱིའི་ཁྲོད་གསར་འགོད་པ་ ༥༢༡ ཙམ་ཞིག་འཛིན་བཟུང་དང་ ༨༤ ཙམ་ཞིག་གར་སོང་ཆ་མེད་དུ་གྱུར་པ།  དེ་བཞིན་ ༥༤ ཙམ་ཞིག་བཀག་སྐྱིལ་དང་།  ༤༥ དམར་གསོད་བཏང་ཡོད་པ་སོགས་མངོན་གསལ་བྱུང་བའི་ཁོངས་སུ་རྒྱ་ནག་ནི་འཛམ་གླིང་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཁོངས་སུ་ངོས་འཛིན་གནང་བ་མ་ཟད། རྒྱ་ནག་དེ་བསྐྱར་དུ་གསར་འགོད་པ་འཛིན་བཟུང་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པ་བཀོད་འདུག

འདས་པའི་ལོ་གཅིག་ནང་གསར་འགོད་པ་བཀག་ཉར་བྱས་པའི་སྡེ་ཁོངས་སུ་རྒྱ་ནག་དང་Myanmar Belarus དེ་བཞིན་ཝི་ཏི་ནམ་ བཅས་ཀྱིས་གསར་འགོད་པ་བཀག་ཉར་མང་ཤོས་བྱས་ཡོད་སྟབས་རྒྱལ་ཁབ་བཞི་པོ་དེ་དག་ཆེས་མངོན་གསལ་གནང་འདུག་པ་མ་ཟད། རྒྱ་ནག་དེ་སླར་ཡང་འཛམ་གླིང་ནང་གསར་འགོད་པ་བཀག་ཉར་གྱིས་བཙོན་འཇུག་མང་ཤོས་བྱེད་མཁན་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་ཁོངས་སུ་ཐེར་འདོན་བྱས་འདུག

དེ་བཞིན་རྒྱ་གཞུང་གིས་འདས་པའི་ལོ་གཅིག་གི་ནང་གསར་འགོད་ཀྱི་ཆེད་ལས་པ་ཁྱོན་མི་གྲངས་ ༡༢༡ བཀག་ཉར་བྱས་པར་བརྟེན་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པསའདི་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་བཙོན་འཇུག་བྱས་པའི་གསར་འགོད་པ་ཁྱོན་བསྡོམས་ཀྱི་བཞི་ཆ་གཅིག་ཙམ་ཟིན་ཡོད་པའི་འགྲེལ་བརྗོད་གནང་ཞིང་།  ཚོགས་པ་དེས་འཛམ་གླིང་ཁྱོན་ཡོངས་ཀྱི་གསར་འགོད་པ་བཙོན་འཇུག་བྱས་པའི་ཁྲོད་ནས་ཧ་ལམ་བརྒྱ་ཆ་བརྒྱད་ཡས་མས་སམ་ཡང་ན་གསར་འགོད་ལས་རིགས་པ་ ༤༢ ཙམ་ཞིག་ཤར་ཏུར་ཀི་སི་ཐན་དུ་བཙོན་འཇུག་བྱས་ཡོད་པ་དང་དེ་བཞིན་ཚེ་བཙོན་གྱི་ཁྲིམས་ཆད་མྱོང་བཞིན་པའི་ཡུ་གུར་མི་རིགས་ཀྱི་རང་དབང་རྩོད་ལེན་པ་གྲགས་ཅན་སྐུ་ཞབས་ Ilham Tohti ལགས་གཙོས་གཞན་ཡུ་གུར་གྱི་གསར་འགོད་པ་ ༧༧ ཙམ་ཞིག་རྒྱ་ནག་ནང་བཙོན་འཇུག་བྱས་ཡོད་པ་མ་ཟད། ལྷག་དོན་ཧོང་ཀོང་ནང་ Apple Daily གསར་ཁང་ཆེད་འཛུགས་གནང་མཁན་སྐུ་ཞབས་ Jimmy Lai ལགས་གཙོས་གསར་འགོད་པ་ ༡༢ འཛིན་བཟུང་བཙོན་འཇུག་བྱས་པ་ལུང་འདྲེན་གནང་འདུག

རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Christophe Deloire ལགས་ཀྱིས་རྒྱ་ནག་གཞུང་ནས་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་དང་། ཡང་ན་རྒྱལ་ཁབ་གཉིས་ཀྱི་མི་སྣ་རྣམས་ཁྲིམས་ལ་སྦྱོར་རྒྱུར་ཐེ་ཚོམ་བྱེད་ཀྱི་མེད་སྐོར་གསུངས་པ་དང་འབྲེལ། དེ་སྔ་སུད་ཌན་ནས་ཡིན་པའི་གསར་འགོད་པ་དང་རྩོམ་པ་པོ་ Gui Minhai ལགས་སུ་ལོ་བཅུའི་ཁྲིམས་ཐག་བཅད་ཡོད་པ་མ་ཟད་རྒྱ་རིགས་ཨོ་སི་ཁྲུལ་ལི་ཡའི་ཆབ་སྲིད་དཔྱད་བརྗོད་པ་ Yang Hengjun ལགས་ལའང་གསང་ཉུལ་གྱི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་པར་སྐྱོན་བརྗོད་གནང་འདུག

རྩ་བའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་ཕྱི་ལོ་ ༡༩༩༥ ལོ་ནས་དབུ་འཛུགས་ཀྱིས་ལོ་ལྟར་འཛམ་གླིང་ནང་གསར་འགོད་པའི་རང་དབང་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་གི་ཡོད་པ་དང། འདི་ནི་འཛམ་གླིང་རྒྱལ་ཁབ་དང་སྲིད་གཞུང་ཚང་མས་ཆ་འཇོག་བྱེད་འོས་པའི་སྙན་ཐོ་ཞིག་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།