Tibetan Royal Year of 2151 | Year of the Wood Dragon

སྦེང་ལོར་ནང་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

དེ་རིང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་སྦེང་ལོར་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་མཐོ་སློབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་གནང་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་ཀམ་པུ་ཊར་སྡེ་ཚན་དང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་གོ་སྒྲིག་འོག་སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་ཚོགས་ཁང་ནང་སྔ་འདྲོ་ཕྱག་ཚོད་ ༩་༣༠ ནས་ ༡༠་༣༠ བར་ཚོགས་པའི་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ལེགས་སྒྲུབ་ལགས། US-AID རོགས་ཚོགས་ཀྱི་སྐུ་ཚབ་དང་ཀམ་པུ་ཊར་སྡེ་ཚེན་གྱི་འགན་འཛིན་གཙོས་པའི་ལས་བྱེད་པ་ཁག་གཅིག  དེ་བཞིན་ཏཱ་ལའི་བླ་མ་མཐོ་སློབ་གཙོས་པའི་རྒྱ་གར་གྱི་གྲོང་ཁྱེར་འདྲ་མིན་ནང་བརྡ་འཕྲིན་འཕྲུལ་ལས་ཐོག་སློབ་གཉེར་དང་ཕྱག་ལས་གནང་བཞིན་པའི་བོད་རིགས་གཞོན་སྐྱེས་ཁྱོན་ ༨༨ ཙམ་ལྷན་འཛོམས་གནང་འདུག

རྩ་བའི་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༦ པའི་ལམ་སྟོན་འོག་གོ་སྒྲིག་གནང་བཞིན་ཡོད་པ་དང་། ཚོགས་འདུ་དང་པོ་དེ་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༡ པོའི་ནང་བཞུགས་སྒར་དྷ་རམ་སར་ཚོགས་པའི་རྗེས་ད་རེས་ཀྱི་ཚོགས་འདུ་དེ་ཐེངས་གཉིས་པ་ཆགས་ཀྱི་ཡོད།  

འབྲེལ་ཡོད་གསར་གནས།

གསར་གནས།