Tibetan Royal Year of 2151 | Year of the Wood Dragon

འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ལོ་གསར་གྱི་འཚམས་གཟིགས་གནང་བ།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ལོའི་བོད་ཀྱི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་དང་བསྟུན་རྒྱ་གར་གི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཀྱི་གྲྭ་བཙུན་སྤྱི་འཐུས་དཀོན་མཆོག་ཚེ་འཕེལ་ལགས་རྣམ་གཉིས་ཀྱིས་འདས་པའི་ཉིན་གྲངས་བཅུ་ཙམ་གྱི་རིང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་ཆེད་ཕེབས་ཀྱིས་དགོན་སྡེ་ཁག་ལ་གནས་མཇལ་དང་འབྲེལ་ཏེ་ལ་དྭགས་གཙོ་བོར་གྱུར་པའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དགེ་བཙུན་རྣམས་དང་བོད་མིའི་སྐུ་ཚབ་བཅས་སོ་སོར་མཇལ་མོལ་གནང་སྟེ་ས་གནས་མང་ཚོགས་ཀྱི་གནས་སྟངས་གང་ཡིན་རྒྱུས་ལོན་གནང་འདུགབོད་མིའི་གཞི་ཆགས་ཁག་དང་དགོན་སྟེ་ཁག་གི་གནས་བབ་རྒྱུས་ལོན་དང་མཆོད་མཇལ་ལེགས་གྲུབ་རྗེས་ཁོང་རྣམ་གཉིས་ཀྱིས་ཁ་ཉིན་སྦེང་ལོར་གྲོང་ཁྱེར་ལ་ཕེབས་འབྱོར་བྱུང་བ་ལྟར་རྒྱ་གར་ལྷོ་ཕྱོགས་ལ་དྭགས་རིག་གཞུང་ཕན་བདེ་ཚོགས་པ་དང་ལ་དྭགས་སློབ་ཕྲུག་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་ཁ་སང་ཕྱི་དྲོ་ཚོུད་ ༧༌༣༠ ཐོག་སྦེང་ལོར་བོད་ཁྱིམ་སྡོད་ཁང་དུ་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་ས་གནས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tejasvi Surya ལགས་རྣམ་གཉིས་སྐུ་མགྲོན་གཙོ་བོར་གདན་ཞུ་ཕུལ་ནས་སྣེ་ལེན་མཛད་སྒོ་ཞིག་ཚོགས་སོང་།མཛད་སྒོའི་ཐོག་སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་གཙོས་ལས་བྱེད་རྣམ་པ་དང་། བོད་ཁྱིམ་སློབ་མ་རྣམས། སྦེང་ལོར་གཡས་གཡོན་གྱི་ས་གནས་བོད་མི་ཁག་ཅིག་བཅས་ལྷན་འཛོམས་གནང་བ་མ་ཟད་དེ་བཞིན་ལ་དྭགས་ཀྱི་སློབ་མ་མང་དག་ཅིག་ཆེད་བཅར་ཞུས་འདུག སྐབས་དེར་རྒྱ་གར་གྱི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Tejasvi Surya ལགས་ཀྱིས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་སུ་ཡུལ་དེའི་ན་བཟའ་བཞེས་ནས་འཚམས་འདྲི་ཞུས་པ་དང་སྦྲགས། ལ་དྭགས་ཡུལ་མི་རྣམས་ནས་རང་ཉིད་རིག་གཞུང་མི་མཉམ་རྒྱུན་འཛིན་དང་ཕྱི་མིར་སྣེ་ལེན་ཞུ་སྟངས་ལ་བསྔགས་བརྗོད་གནང་བ་མ་ཟད། སྦེང་ལོར་གྱི་སློབ་མ་ཚོར་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ངེས་པར་དུ་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་ཡོད།འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་མཛད་སྒོ་ཐོག་ལྷན་འཇོམས་གནང་བའི་མང་ཚོགས་ཡོངས་ལ་དགའ་བསུའི་འཚམས་འདྲི་དང་འབྲེལ། སྤྱིར་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ནང་བོད་པ་དང་ལ་དྭགས་ཀྱི་སློབ་ཕྲུག་ཙམ་མ་ཟད་ས་གནས་སུ་ཕྱག་ལས་འདྲ་མིན་གཉེར་བཞིན་པ་མི་ཉུང་བ་ཡོད་སྟབས་སྐབས་རེར་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། སྦེང་ལོར་གྲོང་ཁྲེར་ནང་ངལ་བ་དེ་འདྲ་འཕྲད་ལ་ཐོས་མྱོང་མེད་ཅེས གསུངས་པ་དང་ཆབས་ཅིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོའི་ཐོག་ནས་ལ་དྭགས་ཀྱི་ཡུལ་མི་རྣམས་ལ་བོད་མི་དང་གཅིག་མཚུངས་བོད་བརྒྱུད་ནང་བསྟན་གྱི་ཆོས་རིག་དང་ལེགས་བྱང་ལ་སློབ་གཉེར་གནང་རྒྱུའི་གོ་སྐབས་སྩལ་བར་ང་ཚོ་ལ་དྭགས་ཡུལ་མི་ཚོའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་བཀའ་དྲིན་ཆེན་པོར་ཚོར་བཞིན་ཡོད་ཅེས་གསུངས་ཡོད།འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་སུ་ལྷོ་ཕྱོགས་ཁུལ་གྱི་སྐོར་སྐྱོད་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཁོང་གིས་ད་ལན་གཙོ་བོ་བོད་མི་རྣམས་ལ་ཐུགས་རྗེ་ལེགས་འབུལ་དང་ལོ་གསར་གྱི་འཚམས་འདྲི་ཞུ་ཆེད་ཡིན་པ་མ་ཟད་ལྷག་དོན་མང་ཚོགས་ཀྱི་གནས་སྟངས་ལ་རྒྱུས་ལོན་ཆེད་ཕེབས་པ་ཞིག་ཡིན་སྐོར་གསུངས་པ་དང་སྦྲགས་ཏེ། ཁོང་སྦེང་ལོར་གྲོང་ཁྱེར་དུ་འབྱོར་མ་ཐག་མངའ་སྡེའི་བློན་ཆེན་སྐུ་ཞབས་ Basavaraj S.Bommai མཆོག་དང་མཇལ་འཕྲད་ཀྱིས་བོད་མིའི་གཞིས་ཆགས་ཁག་གི་ལམ་བཟོ་དང་སོ་ནམ་ཞིང་ལས་དང་འབྲེལ་བའི་དཀའ་ངལ་རྣམས་ཡིག་ཐོག་ལ་བཀོད་དེ་ཕུལ་ཡོད་སྐོར་གསུངས་སོང་།ལ་དྭགས་ཀྱི་སློབ་མ་རྣམས་ཀྱིས་སྐུ་མགྲོན་རྣམས་ལ་ཡུལ་དེའི་ཐུན་མོང་མ་ཡིན་པའི་གཞས་དང་ཞབས་བྲོ་ཁག་ཅིག་གཟིགས་འབུལ་ཞུས་པ་དང་། དེ་བཞིན་བོད་པའི་སློབ་ཕྲུག་ཚོས་ཀྱང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་ཡོད།སྦེང་ལོར་ལྷོ་སྤྱི་གསར་པ་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྐབས་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་སུ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ལ་དྭགས་དང་བོད་པའི་གཞོན་སྐྱེས་ཚོའི་ངོས་ནས་རང་ཉིད་ཀྱི་མེས་པོ་རྣམས་ཀྱི་བཀའ་དྲིན་དྲན་པའི་ཐོག་ནས་ཕྱག་ལས་གང་གནང་ཡང་ཧུར་ཐག་གནང་དགོས་པའི་འབོད་སྐུལ་གནང་ཡོད།རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཀྱི་གྲྭ་བཙུན་སྤྱི་འཐུས་དཀོན་མཆོག་ཚེ་འཕེལ་ལགས་རྣམ་གཉིས་ཀྱིས་འདས་པའི་ཉིན་བཅུ་ཙམ་གྱི་རིང་སྐོར་བསྐྱོད་གནང་བའི་ཁྲོད་སྦེལ་ཀོབ་དང་ཧུན་སུར། མོན་གྷོ་སོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་ཆེད་ཕེབས་ཀྱིས་གདན་ས་ཁག་ལ་གནས་གཟིགས་དང་། དགོན་སྡེ་ཁག་གི་མཁན་བླ་སྤྲུལ་གཙོས་དགེ་བཙུན་རྣམས་དང་མཇམ་མོལ་གནང་བ་མ་ཟད། དེ་བཞིན་ས་གནས་འགོ་འཛིན་རྣམ་པ་དང་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་ལྷན་མཇལ་མོལ་ཡང་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།