Tibetan Royal Year of 2151 | Year of the Wood Dragon

ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་གནད་དོན་ཐོག་ལ་གྲོས་ཆོད་བཞག་པ།

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

དེའང་ཁ་སང་ཟླ་ ༡༢ ཚེས་ ༡༥ ཉིན་ཧྥ་རན་སིའི་གྲོང་ཁྱེར་སི་ཊར་སི་བྷག་ཏུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་གནད་དོན་དང་། ཡུ་གུར་ཤེས་ལྡན་སྐུ་ཞབས་ Ilham Tohti མཆོག་དང་འབྲེལ་བའི་ཐོག་ཛ་དྲག་གི་གྲོས་ཆོད་བཞག་ཡོད་པ་རེད།

དེ་ཡང་གྲོས་གཞི་འདོན་མཁན་ཡུ་རོབ་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་ཆེ་ཁག་ཡུ་རོབ་མི་མང་ཚོགས་པ་ European Peoples Party དང་། ཡུ་རོབ་རྙིང་ཞེན་དང་གསར་བརྗེ་ཚོགས་པ་European Conservatives and Reformists ཡུ་རོབ་གུ་ཡངས་མང་གཙོ་སྣ་འབྲེལ་ཚོགས་པ་ Alliance of Liberals and Democrats for Europe ལྗང་ཁུ་ཚོགས་པ། ཡུ་རོབ་རང་དབང་དང་ཐད་བསྐོས་མང་གཙོ་ཚོགས་པ་ Europe of Freedom and Direct Democracy བཅས་དྲུག་གི་འཐུས་མི་ ༡༢༠ ལྷག་གིས་རྒྱབ་སྐྱོར་གནང་ཐོག་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་སྒོས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གཏོར་བཤིག་བཏང་པ་དང་གྲྭ་བཙུན་རྣམས་བཙན་དབང་གིས་ཕྱིར་འབུད་གཏོང་བཞིན་པའི་ཆེས་ཛད་དྲག་གི་གནད་དོན་ལ་སྐྱོན་བརྗོད་ཤུགས་ཆེ་གནང་པ་དང་ཆབས་ཅིག  རྒྱ་ནག་གཞུང་ལ་བོད་མིའི་སྐུ་ཚབ་དང་ལྷན་བོད་རྒྱ་ཞི་མོལ་བསྐྱར་གསོ་བྱེད་དགོས་པའི་རེ་འདུན་ཡང་བཏོན་གནང་འདུག

གྲོས་ཆོད་དེའི་ཐོག་ལ་ Brussels སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་འགྲེལ་བརྗོད་གནང་དོན་གྲོས་ཆོས་དེར་རྒྱབ་སྐྱོར་མཚན་རྟགས་གནང་མཁན་ཡུ་རོབ་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་འཐུས་མི་མང་དག་ཞིག་ཡོད་པའི་ཁོངས་ནས་སྐུ་ཞབས་ Thomas Mann མཆོག་དང་། Csaba Sogor ལགས།  Christian Dan Preda ལགས།  Elmar Brok ལགས་སོགས་གྲོས་ཚོགས་འཐུས་མི་ ༡༡ ཙམ་གྱིས་དེ་སྔོན་༸གོང་ས་མཆོག་དང་མཇལ་འཕྲད་གནང་མྱོང་ཡོད་པའམ། ཡང་ན་ཡུ་རོབ་བོད་མིའི་སྐུ་ཚབ་དང་ལྷན་དུ་མཇལ་འཕྲད་གནང་མྱོང་ཡོད་པ་ཆགས་ཡོད་སྐོར་གསུངས་སོང་།

གྲོས་ཆོད་དེ་དབྱེ་བ་གསུམ་དུ་ཕྱེ་ནས་བཞག་ཡོད་པ་དང་། དེའི་ནང་ལ་ཁྱོན་བསྡོམས་དོན་ཚན་ ༤༠ ཡོད་པ་ལས་དོན་ཚན་ ༣༡ བོད་དོན་དང་བླ་རུང་ཆོས་སྒར་གྱི་གནད་དོན་དང་ཐད་ཀར་འབྲེལ་བའི་གྲོས་ཆོད་བཞག་འདུག དེ་བཞིན་གྲོས་ཆོད་དེའི་ནང་དུ་དེ་སྔ་བཞག་པའི་བོད་དོན་དང་འབྲེལ་བའི་གྲོས་ཆོད་ཁག་གཙོས་པའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་སུ་ཆབ་སྲིད་ཀྱི་སྲིད་བྱུས་འཛིན་ཕྱོགས་དང་བསྒྲགས་གཏམ་སྤེལ་བ་ཁག རྒྱ་གཞུང་རྩ་ཁྲིམས་དང་། རྒྱ་གཞུང་གིས་ཁས་ལེན་མཚན་རྟགས་འཁོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཁྲིམས་ལུགས་བཅས་ཀྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྐོར་འཁོད་པ་སོགས་དྲན་སྐུུལ་དང་འབྲེལ། རྒྱ་ནག་ནང་དུ་ད་བར་དཔལ་འབྱོར་དང་འཛུགས་སྐྲུན་གྱི་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཡར་རྒྱས་གང་ཡང་ཕྱིན་མེད་ཁར།

བོད་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གཏོར་བཤིག་བཏང་པ་དང་གྲྭ་བཙུན་རྣམས་བཙན་དབང་གིས་ཕྱིར་འབུད་གཏོང་བཞིན་པའི་ཆེས་ཛ་དྲག་གི་གནས་སྟངས་རྣམས་ལུང་འདྲེན་གནང་འདུག

དེ་བཞིན་གྲོས་ཆོས་དེའི་ནང་དུ་ཉེ་ཆར་བོད་མདོ་སྨད་རྔ་བ་ནང་དུ་བོད་མི་ ༡༠ ལ་གྱ་སྟོན་སྲུང་བརྩི་ཞུས་པར་ལོ་ ༥ ནས་ ༡༤ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། བོད་ནང་བལྟ་སྲུང་དང་དམ་དྲགས་ཀྱི་སྲིད་བྱུས་ལག་བསྟར་ཤུགས་བྱེད་རྐྱེན་བོད་མི་མང་དག་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་པ་དེར་བློ་འཚབ་དང་སྐྱོབ་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།  རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དང་། རྒྱ་ནག་ནང་དུ་སྤྱི་དམངས་ལ་ཕན་ཐོགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་དམ་དྲགས་ཀྱི་སྲིད་བྱུས་དེ་ལག་བསྟར་མི་ཡོང་སླད་སྲིད་བྱུས་དེར་བསྐྱར་ཞིབ་ནན་པོ་གནང་དགོས་གལ་ཡིན་པའི་ཞུ་འབོད་གནང་འདུག

ཐེངས་འདིའི་གྲོས་ཆོས་ནང་དུ་འདི་ལོའི་ནང་བྱུང་མ་ཐུབ་པའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཚོགས་འདུ་དེ་གང་མགྱོགས་ལོ་རྗེས་མའི་ཟླ་བ་དང་པོའི་ནང་ཚོགས་དགོས་པའི་རེ་འདུན་ཡང་བཏོན་གནང་འདུག

རྩ་བའི་ཡུ་རོབ་མཐུན་ཀྱི་ངོས་ནས་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་པའི་ཁྲོད་ཉེ་སྔོན་ཟླ་བ་འདིའི་ཟླ་མགོ་ཙམ་ནས་རྒྱ་གཞུང་བཙོན་ཁང་ནང་སྐུ་གཤེངས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་དང་། Brussels སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་བཅས་ནས་ཡུ་རོབ་མཐུན་ཚོགས་ཀྱི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ལྷན་དུ་མཇལ་འཕྲད་གནང་སྐབས་ཁོང་ནས་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་ལ་རྒྱབ་སྐྱོར་གནང་རྒྱུ་ནི་ཡུ་རོབ་མཐུན་ཚོགས་ཀྱི་ཆེ་མཐོང་དང་འབྲེལ་བ་ཆགས་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད།  དེ་བཞིན་འཐུས་མི་དེ་དག་ནས་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཁུལ་དུ་ཆིབས་སྒྱུར་བསྐྱང་སྐབས་མཇལ་ཁ་ཞུས་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།