Tibetan Royal Year of 2151 | Year of the Wood Dragon

རུ་སོག་དོན་གཅོད་ཀྱིས་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོར་ཕེབས་བསུ་ཞུས་འདུག

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ Om Birla མཆོག་ཟླ་བ་འདིའི་ཕྱི་ཚེས་ ༦ ནས་ ༨ བར་སོག་ཡུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་དང་བསྟུན་རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཏི་ལོ་རིན་པོ་ཆེ་མཆོག་གིས་ཕེབས་བསུའི་སྣེ་ལེན་ཞུ་བར་ཆེད་བཅར་ཞུས་འདུག

དེའང་ཁ་ཉིན་ཚེས་ ༨ ཉིན་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོ་ཨོམ་བྷིར་ལ་མཆོག་སོག་ཡུལ་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་སྐབས་རུ་སོག་སྐུ་ཚབ་དོན་གཅོད་ཏི་ལོ་རིན་པོ་ཆེ་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཕེབས་བསུར་ཆེད་བཅར་ཞུས་ཡོད་པ་ལྟར། སོག་ཡུལ་རྒྱ་གར་གཞུང་ཚབ་ཆེན་མོ་ M.P.Singh ལགས་ཀྱིས་སྐུ་ཞབས་ Om Birla མཆོག་ལ་ཏི་ལོ་རིན་པོ་ཆེའི་མཚན་གནས་སོགས་དང་འབྲེལ་བའི་ངོ་སྤྲོད་གནང་འདུག

དེ་བཞིན་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ Om Birla མཆོག་སོག་ཡུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་དང་བསྟུན་དགའ་ལྡན་ཐེག་ཆེན་གླིང་གི་དགེ་འདུན་པ་རྣམས་ཀྱིས་གར་འཆམ་དང་བཅས་ ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཐོག་དགོན་པར་གནས་གཟིགས་གནང་ཡོད་པ་དང་སྦྲགས་ཏེ། རྒྱ་གར་གྱི་རིག་གཞུང་འབྲེལ་ལམ་ལྷན་ཚོགས་ནས་དགའ་ལྡན་ཐེག་ཆེན་གླིང་གི་མཁན་པོ་དང་སོག་ཡུལ་ནང་པ་ཡོངས་ཀྱི་དབུ་ཁྲིད་མཁན་པོ་ Khamba Nomun Khan མཆོག་གིས་ནང་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་བ་མ་ཚད་པར་ལྷག་དོན་རྒྱ་གར་དང་སོག་པོ་དབར་གྱི་སྔར་ཡོད་འབྲེལ་ལམ་གོང་མཐོར་གཏོང་སླད་ཕྱག་ལས་རྒྱ་ཆེ་གནང་བར་ངོས་འཛིན་གྱིས་ཆེ་བསྟོན་མཚོན་ཕྱིར་ Distinguished Buddhist Award འམ་ཁྱད་འཕགས་ནང་པའི་གཟེངས་རྟགས་ཞེས་པ་ཕུལ་འདུག

 སྐབས་དེར་རུ་སོག་དོན་གཅོད་ཏི་ལོ་རིན་པོ་ཆེ་མཆོག་གིས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཁམ་པ་ནོ་མན་ཁཱན་མཆོག་ལ་དྲན་རྟེན་ཕྱག་རྟགས་ཕུལ་ཡོད་པ་རེད་འདུག

འདི་ག་རླུང་འཕྲིན་ཁང་གིས་རུ་སོག་དོན་གཅོད་ཏི་ལོ་རིན་པོ་ཆེ་མཆོག་ལ་དེ་འབྲེལ་བཀའ་འདྲི་ཞུས་ཡོད་པས་གསར་གནང་ཡོང་བ་ཞུ།།

འབྲེལ་ཡོད་གསར་གནས།

གསར་གནས།