Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཆུ་ཁ་སྒྱུར་དང་གློག་ཁང་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བ་དེས་བོད་དང་གཤམ་འོག་རྒྱལ་ཁབ་ཁག་ཏུ་མཇུག་འབྲས་ངན་པ་ཡོང་གི་ཡོད་པ་གསུངས་འདུག

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གིས་རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནས་བཟུང་སྟེ་བོད་ནང་གི་གཙང་པོ་དང་ཆུ་རྒྱུན་ཁག་ཁ་སྒྱུར་དང་། ཆུ་དང་གཙང་པོའི་རྒྱུག་ལམ་ཐོག་གློག་ཁང་དང་འབྲེལ་བའི་ཆུ་མཛོད་ཀྱི་ལས་གཞི་རྒྱ་སྐྱེད་བཏང་བ་དེས་བོད་དང་བོད་ཀྱི་གཤམ་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་ལ་མཇུག་འབྲས་ངན་པ་ཡོང་གི་ཡོད་པར་གསུངས་འདུག

སུད་ཌེན་ནང་རྟེན་གཞི་བྱས་པའི་ Stockholm རྒྱལ་སྤྱིའི་ཆུའི་ལྟེ་གནས་ཁང་གིས་ལོ་ལྟར་རྒྱལ་སྤྱིའི་ཆུའི་གཟའ་འཁོར་ཞེས་ཉིན་གྲངས་བདུན་ཙམ་གྱི་ལྷན་ཚོགས་ཤིག་ཚོགས་ཏེ་ཆུའི་བདེ་འཇགས་དང་གལ་གནད་སོགས་ཀྱི་ཐོག་གསུང་བཤད་དང་གྲོས་བསྡུར་གྱི་ལས་རིམ་སྣ་མང་གོ་སྒྲིག་གནང་བཞིན་ཡོད་པ་ལྟར། འདི་ལོའི་རྒྱལ་སྤྱིའི་ཆུའི་གཟའ་འཁོར་འདི་བཞིན་ཟླ་ ༨ ཚེས་ ༢༠ ནས་ ༢༤ བར་ Sweden གྱི་རྒྱལ་ས་ Stockholm ནང་ཚོགས་ཡོད་པ་རེད། 

ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་མཛད་རིམ་ཐོག་ཨ་རི་ཕྱི་སྲིད་ལས་ཁུངས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོས་འབྲེལ་ཡོད་བསྟི་གནས་ཁག་ཅིག་གིས་གོ་སྒྲིག་དང་རྒྱབ་སྐྱོར་འོག་ཧི་མཱ་ལ་ཡའི་ཆུའི་བདེ་འཇགས་ཞེས་པའི་བརྗོད་གཞིར་གསུང་བཤད་དང་གྲོས་བསྡུར་ གནང་འདུག་པ་དང་། སྐབས་དེར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གིས་བརྙན་འཕྲིན་བརྒྱུད་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་བོད་མཐོ་སྒང་གི་གངས་རི་གཙོས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་གངས་རི་དེ་དག་ནི་འཛམ་གླིང་སྟེང་གི་འཁྱགས་རུམ་བརྒྱ་ཆ་མང་ཤོས་ཡོད་པའི་ས་ཚིགས་ཆགས་ཀྱི་ཡོད་སྟབས་བོད་མགོ་སྒང་ལ་འཛམས་གླིང་གི་སྣེ་མོ་གསུམ་པ་ཞེས་འབོད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

བོད་མཐོ་སྒང་དང་ཧི་མཱ་ལ་ཡའི་རི་རྒྱུད་ནི་ཆུའི་འབྱུང་ཁུངས་གཙོ་བོ་ཆགས་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་གངས་རི་ཁག་ནས་འབབ་པའི་རྒྱུག་ཆུ་དང་གཙང་པོ་དེ་དག་ཨེ་ཤ་ཡའི་ལྷོ་དང་ལྷོ་ཤར་ཁུལ་གྱི་རྒྱལ་ཁབ་མི་ཉུང་བ་ཞིག་ཏུ་བབས་ནས་འགྲོ་བ་མི་ཐེར་འབུམ་གཉིས་ཙམ་གྱི་འཚོ་གནས་དང་འབྲེལ་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཉེ་བའི་ལོ་ཤས་ནང་གནམ་གཤིས་འགྱུར་ལྡོག་དང་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་འགྲོ་དང་འགྲོ་བཞིན་པ་འདིས་ཆུའི་འབྱུང་ཁུངས་ལ་དོ་ཕོག་ཆེན་པོ་བཏང་ཡོད་ཅེས་གསུངས་འདུག

ལྷག་པར་ལྕམ་སྐུ་ Uzra Zeya མཆོག་གིས་རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནས་བཟུང་སྟེ་བོད་མཐོ་སྒང་གི་གཙང་པོ་དང་ཆུ་རྒྱུན་ཁག་ཁ་སྒྱུར་དང་། ཆུ་དང་གཙང་པོའི་རྒྱུག་ལམ་ཐོག་གློག་ཁང་དང་ཆུ་མཛོད་རྒྱ་སྐྱེད། གསར་རྒྱག་གི་ལས་གཞི་ཆེས་ཆེར་སྤེལ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། སྲིད་བྱུས་དེ་གཏན་འབེབ་དང་ལག་བསྟར་སྐབས་རྒྱ་ནག་གཞུང་ནས་ས་གནས་བོད་མིའི་མངོན་འདོད་དང་དགོས་མཁོ་སོགས་ལ་ལྟོས་མེད་ས་གནས་བོད་མི་མང་པོ་ཞིག་སོ་སོའི་སྲོལ་རྒྱུན་དང་ཐུན་མིན་གོམས་སྲོལ་དང་འབྲེལ་མེད་ས་གནས་གཞན་ལ་གནས་སྤོ་བྱེད་བཅུག་ཡོད་པ་སོགས་འགྲེལ་བརྗོད་ཀྱིས་ལས་གཞི་རྒྱ་སྐྱེད་བཏང་བ་དེས་བོད་དང་བོད་ཀྱི་གཤམ་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་ལ་མཇུག་འབྲས་ངན་པ་ཡོང་གི་ཡོད་པར་གསུངས་འདུག

དེ་བཞིན་ལྷན་ཚོགས་ཐོག་གྲོས་བསྡུར་བྱུང་བའི་གནད་དོན་དང་འབྲེལ་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་ལ་ཞུ་ཡིག་ཞིག་གཏན་འབེབས་གནང་རྒྱུ་ཡིན་ཞེས་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་ནས་གནད་འགག་ཆེ་བའི་གནད་དོན་ཐོག་འགན་མཉམ་ཁུར་དང་འབྲེལ་ཡོད་སྙན་ཐོ་དང་གྲངས་ཐོ་ཁག་ཕྱི་གསལ་ནང་གསལ་ཡོང་བ་བྱེད་ཀྱི་རེད་ཅེས་གསུངས་འདུག

གཞི་རྩའི་ཁ་སང་ཧི་མཱ་ལ་ཡའི་ཆུའི་བདེ་འཇགས་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་དང་། Mountain Resiliency ཞེས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་གསར་འཛུགས་གནང་མཁན་ཚེས་བཅུ་སྒྲོལ་མ་ལགས། དེ་བཞིན་བལ་ཡུལ་གྱི་སྐུ་ཚབ་ Manohara Khadka ལགས་བཅས་ཀྱིས་གསུང་བཤད་དང་ཚོགས་བཅར་བའི་དྲི་བར་ལན་འདེབས་སོགས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།