ལ་དྭགས་ནང་གི་མཛད་འཕྲིན་ལེགས་གྲུབ་ཀྱིས་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་པ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་ནང་གི་ཟླ་བ་གཉིས་མན་ཙམ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་དེ་རིང་སྔ་དྲོ་ལ་དྭགས་རྒྱལ་ས་གླེ་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་དེ་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་རྒྱལ་ས་ལྡི་ལིའི་གནམ་ཐང་དུ་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་སྐུ་ཞབས་བློ་བཟང་ཤཱསྟྲཱི་ལགས་ཀྱིས་དབུས་པའི་འབྲེལ་ཡོད་ལས་བྱེད་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག

གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༧ ཚེས་ ༨ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་རྒྱལ་ས་ལྡི་ལི་བརྒྱུད་ཕྱི་ཟླ་ ༧ ཚེས་ ༡༡ ཉིན་ལ་དྭགས་སུ་ཆིབས་བསྒྱུར་གྱིས་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་པ་ནས་བཟུང་དེ་རིང་བར་ཁྱོན་ཉིན་གྲངས་ ༤༥ རིང་ལ་དྭགས་གླེ་རྒྱལ་ས་གཙོ་བོར་གྱུར་པའི་ལ་དྭགས་གཤམ་ལྗོངས་མཁར་རྩེ་སོགས་ལ་ཆོས་འབྲེལ་དང་། ས་གནས་ཁག་གི་མང་ཚོགས་དང་སློབ་གྲྭ དགོན་ཁག་སོགས་སྡེ་ཚན་འདྲ་མིན་གྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་ཆོས་དང་བཀའ་དབང་། དེ་བཞིན་བཀའ་སློབ་ལམ་སྟོན་སོགས་ཀྱི་མཛད་འཕྲིན་ཇི་སྙེད་ཅིག་བསྐྱངས་ཡོད།

མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༡༤ ཉིན་གླེ་ཇོ་ཁང་དུ་གནས་མཇལ་དང་མི་མང་ལ་བཀའ་སློབ། ཕྱི་ཚེས་ ༢༡ ནས་ཉིན་གྲངས་གསུམ་རིང་ཞི་བའི་ཚལ་གསུང་ཆོས་ར་བར་དད་ལྡན་མང་ཚོགས་སྟོང་ཕྲག་བརྒལ་བར་ལག་ལེན་སོ་བདུན་མའི་བཀའ་ཆོས་དང། སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་ཡོད་པར་མ་ཟད། ས་གནས་ཀྱི་མཛད་འཆར་གོ་སྒྲིག་ཚོགས་ཆུང་དང་མི་མང་རྣམས་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།

དེ་བཞིན་ཕྱི་ཟླ་ ༧ ཕྱི་ཚེས་ ༢༦ ནས་ཕྱི་ཟླ་ ༨ ཕྱི་ཚེས་ ༡༢ བར་བོད་མི་རྣམས་ལ་བཀའ་སློབ་དང་། ཏོག་ཡུལ་དུ་བཞེངས་པའི་སྟོན་པའི་༸སྐུ་བརྙན་ཆེན་མོར་གནས་གཟིགས། དེ་བཞིན་ལ་དྭགས་ལམ་སྒྲོན་སློབ་གྲྭའི་དབྱར་ཆོས་ཆེན་མོར་དབུ་བཞུགས་ཀྱིས་བཀའ་སློབ་དང་ལ་དྭགས་ཨེ་མམ་བྷར་གྷ་ཁ་ཆེའི་ཕྱག་ཁང་དུ་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་འབྲེལ་སྐོར་བཀའ་སློབ་སྩལ་ཡོད་པར་མ་ཟད། ཕྱི་ཚེས་ ༡༨ དང་ ༡༩ གཉིས་སུ་ལ་དྭགས་གཤམ་ལྗོངས་མཁར་རྩེ་རུ་ཆིབས་བསྒྱུར་གྱིས་ས་གནས་མང་ཚོགས་རྣམས་ལ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་སྩལ་ཡོད། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནང་སྐུ་བཞུགས་མཛད་རིང་ས་གནས་ཀྱི་ཚོགས་པ་དང་ཆོས་ཚོགས་ཁག་གིས་གོ་སྒྲིག་ཞུས་པའི་ཕེབས་སྐྱེལ་གསོལ་ཚིགས་མཛད་སྟོན་ལ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་ནང་པའི་ཆོས་སུ་རིགས་མི་གཙོ། རུས་མི་གཙོ། སྒྲུབ་པ་གཙོ་ཞེས་གསུངས་ཡོད་པས་རིགས་རུས་ཀྱི་དབྱེ་བ་འབྱེད་རྒྱུ་མེད་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་དང་། འབྱུང་འགྱུར་ལོ་འཆར་ཅན་རྒྱ་གར་གདིང་ལ་ཆར་ཞོད་ཡོད་པའི་དུས་སྐབས་སུ་མགོན་པོ་༸གང་ཉིད་མཆོག་ལ་དྭགས་ནས་ཆིབས་བསྒྱུར་མཛད་ཐུབ་རྒྱུར་ཐུགས་རེ་ཡོད་པ་སོགས་བཀའ་སྩལ་ཡོད།

མགོན་པོ་༸གང་ཉིད་མཆོག་གིས་ཆོས་འབྲེལ་སོགས་ཀྱི་དམིགས་བསལ་མཛད་འཆར་མེད་པའི་སྐབས་སུ་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དགེ་འཕེལ་གླིང་དུ་ཚོགས་སྡེ་ཁག་གི་ཚོགས་མི་དང་ས་གནས་བོད་མི། ལ་དྭགས་པ། དེ་བཞིན་ཕྱི་རྒྱལ་ཁག་ནས་ཆེད་བཅར་ཞུས་པའི་མི་མང་སོགས་ཁྱོན་མང་ཚོགས་ ༡༢༧༠༦ ལ་མཇལ་ཁ་སྩལ་ཡོད་པ་རེད།

ད་ལྟའི་ཆར་མཛད་འཆར་ཐུགས་གཏན་ཁེལ་བར་གཞིགས་ན། ཕྱི་ཟླ་ ༩ ཕྱི་ཚེས་ ༥ དང་ ༦ ཉིན་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།   

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026