Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བོད་མིར་མཉེན་ཆས་འཕབ་ལེན་བརྒྱུད་དྲག་གནོན་བྱེད་བཞིན་པར་མངོན་གསལ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Tibet Watch འམ་བོད་གནས་ལྟ་ཞིབས་ཁང་དང་ Turquoise Roof བོད་དོན་ཉམས་ཞིབ་བསྟི་གནས་ཁང་གཉིས་ཀྱིས་ Weaponising Big Data: Decoding China’s Digital Surveillance in Tibet ཞེས་པའི་སྙན་མཐོ་ཞིག་འདོན་སྤེལ་གནང་འདུག་པ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གྲངས་རྟགས་ཀྱི་གསང་ཞིབ་ཇེ་ཆེར་བྱས་པའི་ཁྲོད། ཉེན་རྟོག་པའི་འགག་སྒོ་གང་སར་བོད་མིའི་ཁ་པར་ནང་རྒྱལ་ཁབ་ཀྱི་གཡོ་ལེན་འགོག་ཐབས་ཞེས་པའི་མཉེན་ཆས་ཡོད་མེད་རྩད་ཞིབ་བྱས་ཏེ། མེད་མཁན་རྣམས་ལ་བཙན་དབང་གིས་མཉེན་ཆས་འཕབ་ལེན་བརྒྱུད་བོད་མིའི་གྲངས་རྟགས་བསྡུ་རུབ་བྱས་པ་རྣམས་ཕྱིར་བོད་མིའི་ཐོག་དྲག་གནོན་ཆེད་ལག་ཆར་བེད་སྤྱོད་གཏོང་བཞིན་ཡོད་པ་མངོན་གསལ་གནང་འདུག

ཁ་སང་གོང་གསལ་ཚོགས་པ་གཉིས་པོའི་དྲ་གནས་ཐོག བོད་ནང་རྒྱ་གཞུང་གིས་ལྟ་སྲུང་དམ་དྲག་དང་འབྲེལ་བའི་སྙན་ཐོ་དེ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་སྒེར་གྱི་འཚོ་བའི་ནང་ཐེ་ཇུས་ཤུགས་ཆེར་བྱས་ཀྱི་ཡོད་པར་མངོན་གསལ་གནང་འདུག་པ་མ་ཟད། མཉེན་ཆས་དེའི་བརྒྱུད་རྒྱ་གཞུང་གིས་བོད་མི་སྒེར་གྱི་ཚོར་བ་རྣོ་བའི་གསང་བའི་གནས་ཚུལ་ལྟ་ཀློག་བྱེད་ཀྱི་ཡོད་ཅིང་། ལག་ཐོག་ཁ་པར་གྱི་བྱེད་སྒོ་ཡོངས་ལ་སྟངས་འཛིན་བརྒྱུད་བོད་མིའི་བདེ་འཇགས་དང་གསང་རྒྱའི་རང་དབང་ལ་དོ་ཕོག་གཏོང་བཞིན་པ་ཐེར་བཏོན་གནང་འདུག

དེའི་སྐོར་བོད་གནས་ལྟ་ཞིབས་ཁང་གི་འགན་འཛིན་དབང་ལྡན་སྐྱབས་ལགས་སུ་བཅར་དྲི་ཞུས་པ་ཞིག་གོང་གི་སྒྲ་སྒམ་ནས་གསན་ཐུབ།

འབྲེལ་ཡོད་གསར་གནས།

གསར་གནས།