Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཚོང་ཟོག་ཁག་ལ་ Tibet ཚབ་ཏུ་ Xizang ཞེས་བེད་སྤྱོད་གཏང་དགོས་པའི་བཙན་བཀའ་དང་ཉེན་བརྡ་བཏང་འདུག

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཉེ་ལམ་རྒྱ་གཞུང་གིས་ཕྱི་འབྲེལ་ཡིག་ཆའི་ནང་བོད་ལ་དབྱིན་སྐད་ཐོག་ Tibet ཞེས་པའི་ཚབ་ཏུ་ Xizang ཞེས་ཐ་སྙད་བཀོལ་སྤྱོད་བྱེད་འགོ་ཚུགས་ཡོད་པ་མ་ཟད། ཁུལ་དེའི་དྲ་ཐོག་ཚོང་ལས་གཉེར་མཁན་རྣམས་ལ་སོ་སོའི་ཚོང་ཟོག་ཐོག་བོད་འམ་ Tibet ཚབ་ཏུ་ Xizang ཟེར་བའི་ཐ་སྙད་དེ་བཀོལ་སྤྱོད་བྱ་དགོས་པའི་བཙན་བཀའ་བཏང་འདུག

དེ་ཡང་ཁ་སང་ South China Morning Post བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་། ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་ནང་དྲ་ཐོག་ཚོང་ལས་གཉེར་སའི་སྡིངས་ཆ་ Weidian ཝེ་ཏན་ཟེར་བ་དེས་ཚོང་པ་རྣམས་ལ་ཚོང་ཟོག་ཁག་གི་མིང་བྱང་དང་འགྲེལ་བཤད་བཅས་ཀྱི་ཐོག་བཟོ་བཅོས་བྱ་དགོས་པའི་བཀོད་ཁྱབ་ཅིག་བཏང་ཡོད་ཅིང་། དེའི་ནང་བོད་འམ་ Tibet ཞེས་པའི་ཚབ་ཏུ་ Xizang ཤི་ཙང་ཟེར་བའི་ཐ་སྙད་ངེས་པར་དུ་བཀོལ་སྤྱོད་བྱ་དགོས་པ་དང་། ཅི་སྟེ་ད་དུང་ Tibet ཞེས་འཁོད་ཡོད་ཚེ་ཚོང་པ་དེའི་ཚོང་ཟོག་ཡོངས་རྗོགས་ཕྱིར་བུད་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་ཀྱང་བཟོ་བཅོས་དགོས་པའི་དུས་བཀག་ཁ་གསལ་མེད་པ་རེད་འདུག

Weidian ཝེ་ཏན་གསལ་བསྒྲགས་དེའི་ནང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཉེ་སྔོན་ཟླ་འདིའི་ཚེས་ ༤ དང་ ༥ བཅས་ཉིན་གྲངས་གཉིས་ཀྱི་རིང་བོད་ཉིང་ཁྲི་ནང་། ཧི་མཱ་ལ་ཡས་བསྐོར་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གླེང་སྟེགས་ཐེངས་གསུམ་པ་ཚོགས་པའི་ཐོག་གཏམ་བཤད་བྱས་པ་དེ་དབྱིན་ཡིག་ནང་བཀོད་པ་དེའི་ཐོག་བོད་ལ་ Tibet ཞེས་པའི་ཚབ་ཏུ་ཤི་ཙང་ཞེས་བསྒྱུར་ཡོད་པ་ལུང་འདྲེན་བྱས་འདུག་པ་དང་འབྲེལ། དྲ་ཐོག་ཏུ་རྒྱ་ནག་མི་སེར་དུ་མས་གནད་དོན་དེར་དགའ་བསུ་ཞུས་ཏེ། དབྱིན་ཇིའི་ཐ་སྙད་བསྒྱུར་བ་དེས་རྒྱ་ནག་གི་རིག་གཞུང་གོང་སྤེལ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཆབ་སྲིད་གནོན་ཤུགས་ལ་གདོང་ལེན་བྱ་རྒྱུར་ཕན་ཐོགས་ཡོད་པ་རེད་ཅེས་བཤད་ཡོད་པ་དེ་ལྟར་ཡང། ཁག་ཅིག་གིས་གནད་དོན་དེ་ནི་ཧ་ཅང་ཐལ་དྲགས་པ་རེད་ཅེས་བརྗོད་མཁན་ཡང་འདུག

རྩ་བའི་ Weidian ཝེ་ཏན་གཙོས་པའི་དྲ་ཐོག་ཚོང་ལས་ཁང་སོགས་ནི་རྒྱ་གཞུང་གིས་བོད་འམ་ Tibet ཞེས་པའི་ཐ་སྙད་དེ་ཤི་ཙང་དུ་བཙན་བསྒྱུར་བྱ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་པའི་སྡིངས་ཆ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་འབྲེལ། རྒྱ་དམར་སྲིད་གཞུང་གི་ངོས་ནས་གནད་དོན་དེའི་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ཀྱི་གནད་དོན་ཐོག་སྐད་ཆ་བཤད་རྒྱུར་ཁེ་དབང་ཡོད་ལུགས་སོགས་བཤད་ཀྱི་ཡོད་པ་མ་ཟད། རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་གྱིས་འདི་ལོའི་ཕྱི་ཟླ་ ༨ ནང་ WeChat གླེང་སྟེགས་ཐོག་གནད་དོན་དེ་ནི་སྐད་རིགས་ཙམ་མིན་པར་ཆབ་སྲིད་ཀྱི་གནད་འགག་ཞིག་ཀྱང་ཆགས་ཀྱི་ཡོད་ཅེས་དང་། ལྷག་པར་དུ་ Tibet ཞེས་པའི་ཐ་སྙད་དེས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ཀྱི་ས་ཁྱོན་ངོས་འཛིན་བྱེད་ཕྱོགས་ལ་གོ་ནོར་ཐེབས་ཀྱི་ཡོད་ལུགས་བཤད་ཡོད་པ་རེད།

མ་ཟད་ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ Global Times དང་ People’s Daily ཞེས་མི་མང་ཉིན་རེའི་གསར་ཤོག་གི་དབྱིན་ཡིག་ཚན་པས་བོད་ལ་ཤི་ཙང་ཟེར་བའི་ཐ་སྙད་དེ་བེད་སྤྱོད་བྱས་ཡོད་སྟབས། རིམ་བཞིན་ CGTN (China Global Television Network) དང་ཤིན་ཧུཝ་གཞུང་འབྲེལ་བརྒྱུད་ལམ་སོགས་ཀྱི་ནང་དུའང་བཀོལ་སྤྱོད་བྱེད་འགོ་བཙུགས་ཡོད་པ་དང་ཆབས་ཅིག ད་བར་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དུ་ Tibet དང་ཤི་ཙང་ཐ་སྙད་གཉིས་ཀ་བེད་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་དྲ་ཚིགས་ནང་དུའང་ Tibet ཞེས་པ་དེ་ཤི་ཙང་ལས་བེད་སྤྱོད་མང་དུ་བྱས་ཡོད་པ་རེད་འདུག

འདིག་ག་རླུང་འཕྲིན་ཁང་གིས་ཉེ་ལམ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་འགན་འཛིན་ཟླ་བ་ཚེ་རིང་ལགས་སུ་གནད་དོན་དེའི་སྐོར་བཅར་འདྲི་ཞུས་སྐབས་ཁོང་གིས། རྒྱ་གཞུང་གིས་དུམ་བུར་བགོས་ནས་དབང་བསྒྱུར་བྱེད་དགོས་ཞེས་བཤད་སྲོལ་ཡོད་པ་ལྟར་བོད་འདི་དུམ་བུར་བགོས་ཐབས་དང་། Xizang ཤི་ཙང་ཞེས་པ་དེ་བོད་རང་སྐྱོང་ལྗོངས་གཅིག་པུར་གོ་དགོས་པ་བཟོ་ཆེད་ཙམ་མ་ཟད། བོད་ཆོལ་གསུམ་གྱི་ཆིག་སྒྲིལ་གནད་དོན་ལ་འཁྱོག་བཤད་བྱ་ཆེད་ཡིན་པར་བརྟེན་བོད་མི་རྣམས་ཀྱིས་གནད་དོན་དེ་ཤེས་པའི་ཐོག་ནས་གསལ་བཤད་གནང་དགོས་གལ་ཡིན་པར་གསུངས་སོང་།

གཞི་རྩའི་རྒྱ་གཞུང་གིས་གནད་དོན་དེ་དང་འབྲེལ་དེ་སྔ་ཤར་ཏུར་ཀི་སི་ཐན་ལའང་ Xinjiang ཤིན་ཅང་ཞེས་ཐ་སྙད་བཀོལ་སྤྱོད་བྱས་ཡོད་པ་དང་འབྲེལ། ད་ལྟའི་ཆར་ཐ་སྙད་དེ་ཡོངས་གྲགས་སུ་བེད་སྤྱོད་བྱེད་བཞིན་ཡོད་པར་བརྟེན། ཡུ་གུར་མི་རིགས་ཚོས་གནད་དོན་དེར་ངོ་རྒོལ་གྱི་ཐ་སྙད་དེ་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་བྱ་དགོས་པ་བཅས་གནས་ཚུལ་འབྱུང་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།