Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཟླ་བ་འདིའི་ནང་ཨ་རུ་ན་ཅཱལ་རྒྱ་ནག་གི་ཆ་ཤས་ཡིན་པ་ཐེངས་བཞི་བཤད་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཟླ་བ་འདིའི་འགོ་སྟོད་དུ་རྒྱ་ནག་གཞུང་གིས་རྒྱ་གར་གྱི་སྲིད་བློན་མོ་རྡི་ Modi མཆོག་བྱང་ཤར་ཨ་རུ་ན་ཅལ་ཁུལ་དུ་ཕེབས་པའི་གནད་དོན་ལ་ངོ་རྒོལ་ཤུགས་ཆེ་བྱས་རྗེས། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Jaishankar  མཆོག་གིས་རྒྱ་ནག་གིས་ཨ་རུ་ན་ཅལ་ཐོག་བདག་དབང་རྩོད་བཞིན་པ་དེ་དགོད་བྲོ་བ་ཞིག་ལ་འགྲེལ་བརྗོད་གནང་སྟབས། རྒྱ་ནག་གིས་ཉེ་ལམ་སླར་ཡང་རྒྱ་གར་ལ་སྐྱོན་འཛུགས་ནན་པོ་དང་འབྲེལ་ཨ་རུ་ན་ཅལ་དེ་བཞིན་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཞིག་ཡིན་པ་བསྐྱར་ནན་བྱས་འདུག་པ་དང་། དེ་ནི་རྒྱ་ནག་ངོས་ནས་ཟླ་བ་འདི་གཅིག་པོའི་ནང་ཨ་རུ་ན་ཅལ་དང་འབྲེལ་ནས་གཏམ་བཤད་འདི་ལྟར་བྱས་པ་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་པ་རེད་འདུག

Modi Xi Jinping
Image Credit: www.news.cn

དེ་ཡང་རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Jaishankar མཆོག་གིས་སིངྒ་པུར་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་ལྷོ་ཨེ་ཤེ་ཡའི་སློབ་གཉེར་ཁང་དུ་གཏམ་བཤད་གནང་བའི་རྗེས་སུ་ཨ་རུ་ན་ཅལ་གནད་དོན་སྐོར་གྱི་དྲི་བར་ལན་འདེབས་གནང་སྐབས་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་དེ་རྒྱ་ནག་གི་ཆ་ཤས་སུ་ཡིན་ཚུལ་རྩོད་བཞིན་པ་དེ་ནི་གནད་དོན་གསར་པ་ཞིག་མིན་པ་དང་། དེ་ནི་རྒྱ་ནག་གིས་རང་གི་བདག་དབང་རྒྱ་སྐྱེད་བྱ་ཐབས་ཤིག་ལས་གནད་དོན་དེ་ཐོག་མ་ནས་དགོད་བྲོ་བ་ཞིག་རེད་ལ་ད་ལྟའང་དགོད་བྲོ་བའི་གནད་དོན་ཞིག་ཡིན་སྐོར་བརྗོད་པ་དང་འབྲེལ། རྒྱ་གར་གྱི་ངོས་ནས་གནད་དོན་དེའི་ཐོག་བཞེངས་ཕྱོགས་བརྟན་པོ་དང་གསལ་པོ་ཡིན་པ་བརྗོད་ཡོད།

དེ་འབྲེལ་ཁ་སང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Lin Jian གྱིས་སྐུ་ཞབས་ S Jaishankar ལགས་ཀྱི་བཀའ་མོལ་དེ་ཁུངས་མེད་དང་གསལ་ཁ་མེད་པ་ཞིག་ཡིན་པའི་ལན་འདེབས་བྱས་པ་དང་འབྲེལ། རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་གནད་དོན་དེ་གསལ་པོ་དང་གཙང་མ་ཞིག་ཆགས་མེད་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱ་དཀར་ནག་དབར་ཤར་ཕྱོགས་ཀྱི་ས་ཁུལ་དང་བར་མའི་ས་ཁུལ། དེ་བཞིན་ནུབ་ཕྱོགས་ཀྱི་ས་ཁུལ་དང་འབྲས་ལྗོངས་ཀྱི་ས་ཁུལ་ཞེས་ངེས་མེད་དུ་ཕྱེས་པ་ལས་ས་མཚམས་བཅད་མྱོང་མེད་པ་དང་། ལྷག་པར་དུ་ Zangnan ཞེས་ཨ་རུ་ན་ཅལ་མངའ་སྡེའི་ཤར་ཕྱོགས་ཀྱི་ས་ཁུལ་དེ་རྒྱ་ནག་ལ་བདག་དབང་ཡོད་པའི་ས་སྡེ་ཞིག་ཡིན་པ་དང་། ས་ཁུལ་དེ་རྒྱ་གར་གྱིས་ཁྲིམས་འགལ་གྱིས་ཐོག་ནས་བཙན་བཟུང་མ་བྱས་བར་དུ་རྒྱ་ནག་གིས་ནུས་ཤུགས་ལྡན་པའི་འཛིན་སྐྱོང་གི་དབང་ཚད་འོག་ཡོད་པའི་ས་ཁུལ་ཞིག་ལ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་རྩོད་ལེན་བྱ་རྒྱུར་གཞི་རྩའི་དངོས་ཡོད་གནས་ལུགས་དང་མཐུན་གྱི་མེད་ཚུལ་བརྗོད་འདུག

Jaishankar

རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Lin Jian གྱིས་ད་དུང་དེ་སྔ་ ༡༩༨༧ ལོར་རྒྱ་གར་གྱི་བཙན་འཛུལ་དང་ཁྲིམས་འགལ་གྱི་ཐོག་ནས་ཨ་རུ་ན་ཅལ་མངའ་སྡེ་དེ་གསར་འཛུགས་བྱས་ཡོད་པ་དང་། རྒྱ་གཞུང་གིས་དེ་མ་ཐག་ཏུ་རྒྱ་གར་གྱི་བཙན་འཛུལ་བྱས་པའི་གསལ་བསྒྲགས་རིམ་པར་སྤེལ་བ་བཞིན་རྒྱ་ནག་གཞུང་གི་ལངས་ཕྱོགས་དེ་དུས་ད་ལྟའང་འགྱུར་བ་མེད་པར་རང་སོར་གནས་ཡོད་པ་བརྗོད་འདུག

གཞི་རྩའི་ཟླ་བ་འདིའི་ནང་རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེའི་ཐོག་བདག་དབང་རྩོད་ལེན་ཐེངས་བཞི་བྱས་ཡོད་པ་མ་ཟད། ཉེ་ལམ་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་ཁུལ་དེར་གཞུང་འབྲེལ་ཕྱོགས་སྐྱོད་ཕེབས་པར་རྒྱ་གཞུང་གིས་དགག་བྱ་ཤུགས་ཆེ་བྱས་པ་དང་། རྒྱ་གར་གྱིས་དེར་ངོས་ལེན་མེད་པའི་ལན་འདེབས་གནང་བ་མ་ཟད། རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ Randhir Jaiswal ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དེ་བོད་ལྷོ་ཕྱོགས་ཀྱི་ཆ་ཤས་ཡིན་ཚུལ་དང་དེར་ཁྲིམས་འགལ་ཐོག་ནས་ Zangnan ཞེས་མིང་བཏགས་ཡོད་པ་སོགས་ལུང་འདྲེན་གྱིས་ཨ་རུ་ནཱ་ཅལ་མངའ་སྡེ་ནི་འདས་མ་ད་གསུམ་ནས་རྒྱ་གར་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་སྟབས་རྒྱ་གཞུང་གིས་ཁུལ་དེའི་ས་གནས་ཁག་ལ་མིང་གསར་པ་བཏགས་པ་དང་སྲིད་བློན་ Modi  མཆོག་གི་ཕྱོགས་བསྐྱོད་ལ་གཞུང་འབྲེལ་སྐྱོན་བརྗོད་ཀྱི་ལས་དོན་ཁག་གིས་དངོས་ཡོད་གནས་བབ་ལ་འགྱུར་བ་གང་ཡང་གཏང་ཐུབ་ཀྱི་མ་རེད་ཅེས་གསུངས་ཡོད་ལ། སྐབས་དེར་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ Zhang Xiaogang ཡིས་སླར་ཡང་ཨ་རུ་ན་ཅལ་མངའ་སྡེའི་ཐོག་བདག་དབང་ཡོད་ལུགས་བསྐྱར་བཤད་བྱས་ཡོད།

Lin_Jian_Spokesperson

རྒྱ་ནག་གཞུང་གིས་ད་རེས་ཨ་རུ་ན་ཅལ་ཐོག་བདག་དབང་སྟུད་མར་རྩོད་བཞིན་པ་དེའི་ཁྲོད། རྒྱ་གར་གྱི་ཕྱོགས་འགལ་རྒྱལ་ཡོངས་ Congress ཚོགས་འི་ཚོགས་གཙོ་ Mallikarjun Kharge ལགས་ཀྱིས་རང་ཉིད་ཀྱི་ Twitter དྲ་ལམ་ཐོག རྒྱ་གར་གྱི་བདག་དབང་དང་ས་ཁོངས་གོང་བུ་སྲུང་སྐྱོབ་ཐད་གཞུང་འཛིན་དང་ལྷན་དུ་ལངས་ཕྱོགས་བརྟན་པོ་ཡོད་པ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གིས་ཨ་རུ་ཅལ་ཐོག་བདག་དབང་རྩོད་བཞིན་པ་དེ་དགོད་བྲོ་བ་དང་གཞི་རྩ་མེད་པ་ཞིག་ཡིན་པ་ནན་བཤད་གནང་བ་མ་ཟད། རྒྱ་གར་གྱི་སྲིད་བློན་མཆོག་ནས་རྒྱ་ནག་ལ་བསྟུན་མཁས་ཀྱི་སྲིད་བྱུས་མཚམས་འཇོག་དང་། ཨ་རུ་ན་ཅལ་གནད་དོན་ཐད་རྒྱ་ནག་གི་ལངས་ཕྱོགས་ལ་ལན་འདེབས་དྲག་པོ་གནང་དགོས་པའི་ཞུ་སྐུལ་གནང་འདུག

རྩ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་ཁུལ་ཁག་གཅིག་བོད་ལྷོ་ངོས་ཀྱི་ས་ཁུལ་ཡིན་ལུགས་དང་འབྲེལ་མངའ་སྡེ་དེའི་ས་ཁུལ་དྲུག་ལ་མིང་གསར་བཟོ་འམ་བཟོ་བཅོས་བྱས་ཏེ་དྲིལ་བསྒྲགས་བྱས་ཡོད་པ་དང་དེ་ནས་ཕྱི་ལོ་ ༢༠༢༡ ལོར་མངའ་སྡེའི་ས་ཁུལ་ ༡༥ མིང་བསྒྱུར་གྱིས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་དྲིལ་བསྒྲགས་སྤེལ་བར་མ་ཟད། སྔ་ལོར་ས་ཁུལ་ ༡༡ མིང་བསྒྱུར་གྱིས་ས་ཁུལ་དེ་དག་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་ཀྱི་ས་ཁུལ་མཚོ་སྣ་རྫོང་དང་ལྷུན་རྩེ་རྫོང་། མེ་ཏོག་རྫོང་བཅས་ཀྱི་ཁོངས་སུ་ཚུད་ཀྱི་ཡོད་པར་བཤད་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།