Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གཞུང་གི་དཔལ་འབྱོལ་ལས་ཁུངས་ནས་དུས་དབང་སྐབས་སུ་མཐུན་འགྱུར་གནང་རྒྱུའི་ཞལ་བཞེས་གནང་པ།

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

རྒྱ་གར་དབུས་གཞུང་གི་དཔལ་འབྱོལ་ལས་ཁུངས་དང་རྒྱ་གར་གཞུང་གི་ Reserve Bank Of India དངུལ་ཁང་ཨ་མ་གཉིས་ཀྱིས་དུས་འཁོར་དབང་ཆེན་སྐབས་སུ་དངུལ་དམར་དཀོན་པོའི་དཀའ་ངལ་སེལ་ཐབས་སུ་མཐུར་འགྱུར་གནང་རྒྱུར་ཞལ་བཞེས་གནང་འདུག

དེའང་ཟླ་བ་སྔོན་མ་ཚེས་ ༨ ནས་རྒྱ་གར་གཞུང་གིས་རྒྱ་གར་ཁྱོན་ཡོངས་སུ་དངུལ་ལོར་ལྔ་བརྒྱ་དང་སྟོང་ལོར་གསར་རྙིང་བརྗེད་ལེན་དང་དངུལ་ཁང་ནས་དངུལ་དམར་ལེན་རྒྱུ་ཚད་བཀག་བཟོས་པར་བརྟེན། རྒྱ་གར་གཙོས་པའི་འཛམ་གླིང་ས་ཕྱོགས་གང་ས་ནས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་བཅར་མཁན་ཆོས་ཞུ་བ་རྣམས་ཀྱིས་གཙོས། དུས་དབང་གོ་སྒྲིག་ཚོགས་ཆུང་ལ་དཀའ་ངལ་རིམ་པ་འཕྲད་བཞིན་ཡོད་པ་རེད། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་སོགས་ཀྱིས་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་གཞུང་གི་དཔལ་འབྱོར་བློན་ཆེན་ལས་ཁུངས་ཀྱི་ཟུང་དྲུང་ Dr Saurabh Garg མཆོག་དང་མཇལ་འཕྲད་ཞུས་ནས་རིང་མིན་རྡོ་རྗེ་གདན་དུ་དུས་དབང་སྐབས་དགེ་བཙུན་རྣམས་ལ་བསྙེན་བཀུར་ཞུ་རྒྱུ་མཚོན་པའི་དཔལ་འབྱོར་དང་འབྲེལ་བའི་དུས་དབང་ལས་དོན་ཁག་ལ་དཀའ་ངལ་མི་ཡོང་བ་དང་། ཕྱི་ནང་གི་ཆོས་ཞུ་བའི་ཆེད་དུ་གནས་མཆོག་རྡོ་རྗེ་གདན་གྱི་གཡས་གཡོན་དུ་དངུལ་འདོན་སྟབས་བདེ་འཕྲུལ་ཆས་ ATM གང་མང་ཆེད་འཛུགས་གནང་ཐོག་དངུལ་མར་འདངས་ངེས་ཀྱི་མཐུན་འགྱུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།  རྒྱ་གར་གཞུང་གི་དཔལ་འབྱོར་ལས་ཁུངས་དང་དབུས་ཀྱི་དངུལ་ཁང་ཨ་མ་གཉིས་ཀྱིས་དངུལ་དམར་དཀོན་པོའི་དཀའ་ངལ་སེལ་ཐབས་དང་འདི་བཞིན་དུས་དབང་གྱི་ལས་དོན་གནང་སྒོ་ཁག་ཚགས་ཚུད་ཡོང་ཕྱིར་མཐུན་འགྱུར་རོགས་རམ་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་འདུག

གཞི་རྩའི་ཟླ་ ༡༢ ཚེས་ ༢༡ ནས་བོད་མིའི་སྒྲིག་འཛུགས་ཀྱི་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་བཅས་གནས་མཆོག་རྡོ་རྗེ་གདན་དུ་རིམ་ཕེབས་གནང་ཡོད་པ་རེད། ལྷག་དོན་ཚེས་ ༢༣ བི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Nitish Kumar མཆོག་དུས་དབང་ཚོགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་གཟིགས་ཞིབ་སླད་ཆེད་ཕེབས་གནང་རྒྱུ་ཡིན་འདུག
རྩ་བའི་ད་ལྟའི་ཆར་དུས་དབང་གི་མཛད་རིམ་སྔོན་སྒྲིག་ལྟར་ན།  ༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཟླ་ ༡༢ ཚེས་ ༢༨ ཉིན་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཀྱི་འདུག་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༣ ནས་ ༥ བར་ས་ཆོག་དང་རྡུལ་མཚོན་གྱི་དཀྱིལ་འཁོར་འབྲི་བཞེངས་སོགས་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༦ ནས་ ༨ ཉིན་༸གང་ཉིད་མཆོག་གིས་སྔོན་འགྲོའི་བཀའ་ཆོས་སྐབས་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་། སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པའི་གསུང་ཆོས་བསྩལ་རྒྱུ་ཡིན་འདུག དེ་བཞིན་ཚེས་ ༩ ཉིན་རྣམ་རྒྱལ་གྲྭ་ཚང་གིས་དུས་འཁོར་གྱི་མཆོད་གར་དང་ཚེས་ ༡༠ ནས་ ༡༣ བར་མགོན་པོ་༸གང་ཉིད་མཆོག་གིས་དུས་འཁོར་དབང་ཆེན་དངོས་གཞིའི་བཀའ་དབང་བསྩལ་གཏན་འཁེལ་འདུག་པ་མ་ཟད། ཚེས་ ༡༤ ཉིན་༸གོང་ས་མཆོག་གིས་ཕྱི་ནང་གི་དད་ལྡན་སེར་སྐྱ་ཆོས་ཞུ་བ་རྣམས་ལ་ཚེ་དབང་བསྩལ་རྒྱུ་དང་༸གང་ཉིད་མཆོག་ལ་སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།