Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གཞུང་ནས་༸གོང་ས་མཆོག་ཨ་རུ་ན་ཅལ་ནང་ཕེབས་རྒྱུའི་ཆོག་མཆན་ཕུལ་འདུག

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

རྒྱ་གར་བྱང་ཤར་ ཨ་རུ་ན་ཅལ་ མངའ་སྡེའི་སྤྱིའི་ཁྱབ་བློན་ཆེན་སྐུ་ཞབས་ པདྨ་མཁའ་འགྲོ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་སྒྱུར་གསོལ་འདེབས་ཞུས་ཡོད་པ་ལྟར། ཉིནhh4-680x365-300x161་ཤས་གོང་རྒྱ་གར་དབུས་གཞུང་ནས་མགོན་པོ་མཆོག་མངའ་སྡེ་དེ་གར་ཆིབས་སྒྱུར་བསྐྱངས་ཆོག་པའི་ཆོག་མཆན་ཕུལ་འདུག
དེ་རིང་ Deccan Herald སོགས་རྒྱ་གར་གྱི་གསར་གནས་ཁག་ཅིག་གི་ཐོག་གནས་ཚུལ་ཐོན་པར། ཉིན་ཤས་གོང་སྟེ་ཕྱི་ཚེས་ ༢༡ ཉིན་རྒྱ་གར་ནང་གི་ཨ་རིའི་གཞུང་ཚབ་པ་ཆེན་མོ་སྐུ་ཞབས་ Richard Verma མཆོག་ཨ་རུ་ན་ཅལ་རྟ་དབང་དུས་སྟོན་དུ་ཕེབས་པའི་ཐད་རྒྱ་ནག་གཞུང་ནས་ཨ་རི་དང་རྒྱ་གར་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པའི་དུས་མཚམས་འདིར། རྒྱ་གར་དབུས་གཞུང་ནས་༸གོང་ས་མཆོག་མངའ་སྡེ་དེ་གར་ཆིབས་སྒྱུར་བསྐྱངས་ཆོག་པའི་ཆོག་མཆན་ཕུལ་ཡོད་སྟབས་རྒྱ་ནག་གཞུང་ཁོང་ཁྲོ་ལངས་ངེས་ཡིན་པ་གསུངས་འདུག
རྩ་བའི་རྒྱ་ནག་གཞུང་ནས་ད་རེས་ཨ་རིའི་གཞུང་ཚབ་པ་ཆེན་མོ་ཨ་རུ་ན་ཅལ་དུ་ཕེབས་པའི་ཐད་ལ་སྐྱོན་བརྗོད་ཤུགས་ཆེ་ཡོད་སྐོར་བཤད་པ་དང་སྦྲགས། ས་ཁུལ་དེ་ནི་རྒྱ་དཀར་ནག་གཉིས་དབར་རྩོད་གཞི་ཅན་ཆགས་ཡོད་པ་བཤད་འདུག འོན་ཀྱང་རྒྱ་གར་གཞུང་ནས་པེ་ཅིང་གི་གང་བཤད་པ་ལ་ཁས་ལེན་མ་བྱེད་པར་ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ས་མཚམས་མངའ་ཁུལ་ཞིག་ཡིན་པ་གསུངས་འདུག    ད་དུང་པེ་ཅིང་ནས་ད་རེས་ཨ་རིས་རྒྱ་དཀར་ནག་གཉིས་དབར་ཐེས་བྱུས་བྱས་པ་དེས་ད་བར་ཕྱོགས་གཉིས་བར་ལ་ལྷིང་འཇགས་པའི་ས་མཚམས་ཀྱི་དཀའ་རྙོག་དེ་སླར་ཡང་དཀྲུག་ནས་ཉེན་འཚབ་ཆེ་རུ་གཏོང་རྐྱེན་ཞིག་ཏུ་བཤད་པའི་ཐད་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་་ཚབ་པ་ Vikas Swarup མཆོག་གིས་རྒྱ་གར་ནང་གི་ཨ་རིའི་གཞུང་ཚབ་ཆེན་མོ་ཞིག་རྒྱ་གར་ས་ཁུལ་ཞིག་ཏུ་ཕེབས་པ་ལ་ཧ་སངས་དགོས་ཡག་གང་ཡང་ཡོད་མ་རེད་ཅེས་ལན་འདེབས་གནང་འདུག
ད་རེས་ཨ་རིའི་གཞུང་ཚབ་པ་ཆེན་མོ་མཆོག་དང་དེ་བཞིན་༸གོང་ས་མཆོག་ཨ་རུ་ན་ཅལ་མངའ་སྡེར་ཆིབས་སྒྱར་བསྐྱང་རྒྱུའི་གནད་དོན་ལས། སླར་ཡང་རྒྱ་དཀར་ནག་གཉིས་དབར་དུས་ཡུན་རིང་ཞིག་ནས་ལྷག་ཡོད་པའི་ས་མཚམས་ཀྱི་དཀའ་རྙོག་ཐོག་དོ་སྣང་དང་གླེང་སློང་བྱུང་གཞི་ཞིག་ཏུ་གྱུར་འདུག
གཞི་རྩའི་༸གོང་ས་མཆོག་ལོ་རྗེས་མའི་ཕྱི་ཟླ་༣ པའི་ནང་ཨ་རུ་ན་ཅལ་མངའ་སྡེར་ཆིབས་བསྐྱང་གི་ཡོད་པ་དེ་ནི་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཐེངས་གཉིས་པ་ཆགས་ཀྱི་འདུག དེ་སྔ་༢༠༠༩་ལོར་ད་ལྟའི་སྤྱི་ཁྱབ་བློན་ཆེན་པདྨ་འགྲོ་མཆོག་གིས་ཡབ་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་སྐབས་སུ་༸གོང་ས་མཆོག་ས་གནས་སུ་གདན་འདྲེན་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།