Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གྱི་ཨ་རུ་ན་ཅལ་ནང་ཆུ་གློག་གསར་རྒྱག་གི་ལས་གཞིར་རྒྱ་ནག་ནས་སྐྱོན་བརྗོད།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

རྒྱ་གར་གཞུང་གིས་འཕགས་བོད་ས་མཚམས་ཉེ་འཁྲིས་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆུ་ཤུགས་གློག་འདོན་ ༡༢ འཛུགས་བསྐྲུན་གྱི་ལས་གཞི་མྱུར་དུ་གཏོང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པའི་ཁྲོད། རྒྱ་ནག་གཞུང་གིས་རྒྱ་གར་ལ་རྩོད་གཞི་ཅན་གྱི་ས་ཁུལ་དེའི་ཐོག་འཛུགས་སྐྲུན་ལས་གཞི་རིགས་སྤེལ་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་ཅེས་སྐྱོན་བརྗོད་བྱས་འདུག

India China Arunachal Dispute
Hydro Power Station

དེ་ཡང་ཁ་ཉིན་ Reuters གསར་ཁང་གིས་རྒྱ་གར་གཞུང་ནས་ཨ་རུ་ན་ཅལ་ཁུལ་དུ་ Hydro Power Station འམ་ཆུ་ཤུགས་གློག་འདོན་གྱི་བསྟི་གནས་ ༡༢ གསར་རྒྱག་གི་ལས་གཞི་མྱུར་དུ་བཏང་ཆེད་ཨ་སྒོར་ཐེར་འབུམ་ ༡ འགྲོ་སོང་གཏང་འཆར་ཡིན་པའི་གནས་ཚུལ་སྤེལ་རྗེས། དེ་རིང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་དེར་ལན་འདེབས་ནང་། བོད་ལྷོ་ཕྱོགས་ཀྱི་ཁུལ་ལམ་ཨ་རུ་ན་ཅལ་རྒྱ་ནག་གི་ས་ཁོངས་ཡིན་ཚུལ་བཤད་པ་མ་ཟད། རྒྱ་གར་ལ་འཕགས་བོད་ས་མཚམས་སུ་དེ་ལྟ་བུའི་འཛུགས་སྐྲུན་གྱི་ལས་གཞི་བརྒྱག་ཆོག་པའི་ཐོབ་ཐང་གཏན་ནས་མེད་པའི་འགྲེལ་བརྗོད་བྱས་པ་དང་ཆབས་གཅིག རྒྱ་གར་གྱིས་ཨ་རུ་ན་ཅལ་ལ་བདག་དབང་རྩོད་བཞིན་པ་ནི་ཁྲིམས་མཐུན་མིན་པ་དང་ནུས་མེད་ཡིན་པ་བརྗོད་འདུག

རྒྱ་ནག་གིས་སྐྱོན་བརྗོད་བྱས་པ་དེར་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་ལམ་སེང་ལན་འདེབས་བྱས་མེད་པ་དེ་ལྟར་ཡང་རྒྱ་གར་གཞུང་ནས་ཨ་རུ་ན་ཅལ་དེ་ཉིད་རྒྱ་གར་གྱི་བྲལ་ཐབས་མེད་པའི་ཆ་ཤས་གཅིག་ཡིན་པ་དང་། རྒྱ་ནག་ནས་ཨ་རུ་ན་ཅལ་དེ་ཉིད་བོད་ལྷོ་ཕྱོགས་ཀྱི་ཆ་ཤས་ཡིན་སྐོར་བཤད་པ་དང་འབྲེལ་ཁུལ་དེར་འཛུགས་སྐྲུན་གྱི་ལས་གཞིར་རྒྱ་གཞུང་ནས་ངོ་རྒོལ་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད།

Subrahmanyam Jaishankar
Subrahmanyam Jaishankar

སྤྱིར་གཟའ་འཁོར་སྔོན་མ་ Kazakhstan དུ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Subrahmanyam Jaishankar ལགས་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་ཐུག་འཕྲད་ཀྱིས། ཕྱོགས་གཉིས་དབར་ས་མཚམས་རྩོད་རྙོག་གི་གནད་དོན་སེལ་ཐབས་ཐད་ཤུགས་བསྐྱོན་གྱི་ཡིན་པའི་ཁས་ལེན་བྱས་ཡོད་པ་རེད།

རྒྱ་གར་གྱི་ Daily Star གསར་ཤོག་ཐོག་མིང་གསལ་མ་བྱས་པའི་གཞུང་འབྲེལ་མི་སྣ་གཉིས་ནས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་གར་དབུས་གཞུང་གི་དཔལ་འབྱོར་བློན་ཆེན་ Nirmala Sitharaman ལགས་ཀྱི་འཛིན་སྐྱོང་འོག་ཉེ་ཆར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆུ་ཤུགས་གློག་འདོན་ཁང་རེར་ཧིན་སྒོར་ཐེར་འབུམ་ ༧་༥ ཙམ་གྱི་སྔོན་རྩིས་མ་དངུལ་བཀའ་འཁྲོལ་ཐོབ་པ་དང་། ལས་གཞི་དེའི་ཐོག་གློག་ཁང་ ༡༢ ལ་ཁྱོན་ཧིན་སྒོར་ཐེར་འབུམ་ ༩༠ ཙམ་འགྲོ་སོང་གཏང་འཆར་ཡོད་པ་མ་ཟད། ལས་གཞི་དེའི་ཞིབ་ཕྲའི་འཆར་གཞི་སྲིད་བློན་མོ་དྷིས་ཟླ་བ་འདིའི་ཕྱི་ཚེས་ ༢༣ ཉིན་དབུ་འབྱེད་གནང་རྒྱུའི་ཕྱི་ལོ་ ༢༠༢༤-༢༠༢༥ འི་སྲིད་གཞུང་གི་སྔོན་རྩིས་འཆར་འབུལ་སྐབས་མངོན་གསལ་གནང་རྒྱུ་ཡིན་པའི་འགྲེལ་བརྗོད་བྱས་འདུག

Nirmala Sitharaman
Nirmala Sitharaman

རྩ་བའི་རྒྱ་དཀར་ནག་ཕྱོགས་གཉིས་དབར་ཨ་རུ་ན་ཅལ་དང་འབྲེལ་ས་མཚམས་རྩོད་རྙོག་ཁྲོད་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༧ ནས་བཟུང་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་ ༦༢ ལ་མིང་གསར་དུ་བཏགས་ཏེ་བདག་དབང་རྩོད་བཞིན་པ་དང་། དེར་ལན་འདེབས་ཀྱི་ཚུལ་དུ་རྒྱ་གར་གཞུང་ནས་ཀྱང་དེ་ལྟར་བོད་ཀྱི་ས་ཁུལ་ཁག་ ༣༠ ལ་མིང་གསར་པ་གདགས་རྒྱུའི་ཐག་གཅོད་ཟིན་ཡོད་པ། ཕྱོགས་མཚུངས་ཟླ་ཤས་གོང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ཁུལ་དེར་ཆེད་ཕེབས་ཀྱིས་གསར་རྒྱག་ཟིན་པའི་ཟེ་ལ་ཕུག་ལམ་དབུ་འབྱེད་གནང་སྐབས་རྒྱ་གཞུང་གིས་དགག་བྱ་ཤུགས་ཆེར་བྱས་ཡོད་པ་དེར། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་སྐྱོན་བརྗོད་ནན་པོ་བྱས་ཡོད་པ་མ་ཟད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཀྱང་དེ་འབྲེལ་གནད་དོན་ཐོག་རྒྱ་གར་ལ་རྒྱབ་སྐྱོར་གྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།