Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་ཆབ་སྲིད་ནང་བཞུགས་པ་དེས་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་འགན་བཞེས་དགོས་པ་གསུངས་སོང་།

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

ད་ཆ་རྒྱགར་རྒྱལ་ཡོངས་ནང་འོས་བསྡུ་ཆེན་མོ་འགྲོ་དང་འགྲོ་མུས་ཀྱི་དུས་ཚིགས་འདིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུའང་གནས་ཡུལ་རྒྱལ་ཁབ་ཀྱི་ Voter Card ཞེས་འོས་འཕེན་པའི་ལག་ཁྱེར་བཟོས་པ་དང་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་གནང་རྒྱུར་གྲ་སྒྲིག་གནང་བཞིན་ཡོད་པའི་ཁྲོད། བོད་མིའི་སྒྲིག་འཛུགས་ངོས་ནས་བཙན་བྱོལ་བོད་མི་རྣམས་ཀྱིས་རང་ཉིད་བཙན་བྱོལ་བ་ཞིག་ཡིན་པའི་ཐོག་ནས་རྒྱ་གར་ཆབ་སྲིད་ནང་ཞུགས་པ་དེས་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་འགན་བཞེས་དགོས་པ་གསུངས་སོང་།

Voter Card

དེ་ཡང་དེ་རིང་རྒྱ་གར་གྱི་ New Indian Express གསར་ཤོག་ཐོག་རྒྱ་གར་གྱི་ Odisha མངའ་སྡེའི་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ནང་བོད་མི་ཁག་གཅིག་གིས་རྒྱ་གར་འོས་འཕེན་པའི་ལག་ཁྱེར་བཟོས་ཡོད་པ་དེ་ལྟར་ཡང་། འོས་བསྡུའི་ནང་དངོས་སུ་མཉམ་ཞུགས་གནང་ན་རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་ད་བར་གཞིས་ཆགས་ནང་ས་གནས་གཞུང་གིས་གནང་བའི་མཐུན་རྐྱེན་རྣམས་དོར་ཉེན་ལ་བརྟེན་ནས་ཅི་བྱ་གཏོལ་མེད་དུ་གྱུར་ཡོད་སྐོར་གྱི་གནས་ཚུལ་ཞིག་སྤེལ་འདུག

མ་ཟད་ཟླ་བ་འདིའི་ཚེས་ ༡༠ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བཀོད་ཁྱབ་ལམ་སྟོན་བཞིན་ས་གནས་ཀྱི་དགོན་སྡེ་ཁག་དང་སྤྱི་མི་རྣམས་ཀྱི་མཚན་ཐོག་ཏུ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་གར་འོས་བསྡུ་ཆེན་མོའི་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་རེ་ཟུང་ནས་མངོན་གསལ་དོད་པོས་ཐེ་བྱུས་བྱས་པ་སོགས་ཀྱི་གནས་ཚུལ་རིམ་པར་གོ་ཐོས་བྱུང་བཞིན་ཡོད་སྟབས། བཙན་བྱོལ་བའི་གནས་སྐབས་སུ་འགྲོ་སྡོད་སྤྱོད་གསུམ་ལ་མཁས་པོ་མ་བྱས་ཚེ་བོད་མིའི་གཞིས་ཆགས་ལ་རྒྱ་གར་ཆབ་སྲིད་ཚོགས་པ་ཁག་གིས་གཟིགས་ཚུལ་མ་ལེགས་པ་ཡོང་སྲིད་པ་དང་། དེའི་རྐྱེན་པའི་ས་གནས་སོ་སོར་དཀའ་ངལ་འཕྲད་ངེས་ཙམ་མ་ཟད། བོད་མིའི་གཞིས་ཆགས་ཁག་ལ་ཆབ་སྲིད་ཚོགས་པ་ཐམས་ཅད་ཀྱིས་བཀྲིན་གཅིག་མཚུངས་བསྐྱངས་དང་སྐྱོང་བཞིན་ཡོད་པའི་གནས་ཚུལ་གསལ་པོ་ཤེས་དགོས་ལ་མ་འོངས་ཆབ་སྲིད་ཀྱིས་རྐྱེན་པའི་དཀའ་ངལ་མ་འཕྲད་པར་བྱ་དགོས་ཞེས་ལམ་སྟོན་ཡང་གནང་འདུག

Voter Card
Photo: The New Indian Express

འདི་ག་རླུང་འཕྲིན་ཁང་ནས་དེ་རིང་བོད་མིའི་སྒྲིག་འཛུགས་ལ་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་སྐབས། མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། བོད་མི་ཚོས་གནས་ཡུལ་རྒྱལ་ཁབ་ཀྱི་ Voter Card ཞེས་འོས་འཕེན་པའི་ལག་ཁྱེར་དང་ Passport ཞེས་རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་ཁྱེར་བཅས་པ་བཞེས་ཆོག་དང་མ་ཆོག་ཅེས་པ་ནི་རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་ཞིག་ཡིན་པའི་ཆ་ནས་སྒྲིག་འཛུགས་ནས་ལམ་སྟོན་གནང་རྒྱུ་ལས་ཆོག་དང་མ་ཆོག་གི་ཐོག་ལ་བཙན་བཀའ་གཏང་རྒྱུ་གང་ཡང་མེད་ནའང་། རྒྱ་གར་གཞུང་ནས་བཙན་བྱོལ་བོད་མི་རྣམས་ལ་རྒྱ་གར་གཏན་སྡོད་ལག་ཁྱེར་དང་ཕྱི་བསྐྱོད་ལག་དེབ་སེར་པོ་ཁོ་ན་གནང་བཞིན་ཡོད་པས། Voter Card དང་ Passport ཞེས་པ་གཉིས་ནི་རྒྱ་གར་མི་སེར་གྱི་ལག་ཁྱེར་ཞིག་ཆགས་ཀྱི་ཡོད་སྟབས་གཟབ་གཟབ་གནང་དགོས་པ་དང་། རྒྱ་གར་ཆབ་སྲིད་ནང་ཞུགས་པ་དེས་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་བོད་མི་ཚོས་འགན་བཞེས་དགོས་པ་གསུངས་སོང་།

རྩ་བའི་ཉེ་བའི་ལོ་ཤས་གོང་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ཕྱི་ལོ་ ༡༩༥༧  ནས་ ༡༩༨༧ བར་གྱི་དུས་བཀག་ཁྲོད་རྒྱ་གར་ནང་སྐྱེས་པའི་བོད་མི་གང་རུང་དང་། དེ་དག་གི་བུ་ཕྲུག་སུ་འདྲ་ཞིག་ཡིན་ཡང་ཡུལ་དེའི་ཕྱི་བསྐྱོད་ལག་ཁྱེར་སྤྲོད་དགོས་པའི་བཀོད་ཁྱབ་བཏང་ཡོད་ཀྱང་། ཕྱི་བསྐྱོད་ལག་ཁྱེར་ཞུ་མཁན་གྱི་བོད་མི་དོ་བདག་ནས་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཐོབ་ཁུངས་ཁག་ནང་ཞུགས་མི་ཆོག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་གནང་བཞིན་པ་ཁག་ལོངས་སུ་སྤྱོད་མི་ཆོག་པ་སོགས་ཀྱི་ཆ་རྐྱེན་ཁག་གཅིག་བཏོན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་གཞིས་ཆགས་ཀྱི་ཐོབ་ཁོངས་ཡོད་མེད་ལ་མ་ལྟོས་པར་བཙན་བྱོལ་བོད་མི་རྒྱ་གར་གྱི་མི་སེར་ལག་ཁྱེར་བཟོ་མཁན་ཚོས་སྐྱབས་བཅོལ་བོད་མིའི་ཁེ་དབང་ལེན་ཆོག་གི་མེད་པ་གསུངས་ཡོད་པ་རེད།

Voter Card

དེ་འབྲེལ་རྒྱ་གར་ནང་གནས་སྡོད་བཙན་བྱོལ་བོད་མིའི་ཁྲོད་ཁྲིམས་ཡིག་ནང་གསལ་རྒྱ་གར་གྱི་ཕྱི་བསྐྱོད་ལག་ཁྱེར་ཞུས་ཏེ་དེ་སྔ་བོད་མིར་གནང་བའི་ཕྱི་བསྐྱོད་ལག་དེབ་སེར་པོ་དང་། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་ RC བཅས་པ་ཕྱིར་བསློགས་གནང་མཁན་མི་ཉུང་བ་ཡོད་པ་དེ་ལྟར་ཡང་། གནས་ཡུལ་རྒྱལ་ཁབ་ཀྱི་ Voter  Card འམ་འོས་འཕེན་པའི་ལག་ཁྱེར་བཟོ་ཕྱོགས་དང་། ལྷག་པར་ལག་འཁྱེར་དེ་བཟོས་པ་ཙམ་གྱིས་སྐྱབས་བཅོལ་བོད་མིའི་ཐོབ་ཐང་ལོངས་སུ་སྤྱོད་ཆོག་མིན་ཐད་གསལ་ཁ་གང་ཡང་མེད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།