རྒྱ་གར་ནང་སླར་ཡང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་ཡོད་ཀྱང་དངངས་སྐྲག་གི་གནས་སྟངས་མེད་པ་གསུངས་འདུག

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

རྒྱ་གར་ནང་སླར་ཡང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དུ་འགྲོ་བཞིན་པའི་ཁྲོད།  ད་ལྟའི་ཆར་ནད་པ་ ༡༠༠༠ ལྷག་ཙམ་ཐོ་འགོད་བྱུང་ཡོད་པའི་ཁོངས་ནས་ནད་པ་ ༧༥༢ ལ་ནད་གཞི་ཡོད་པ་ར་འཕྲོད་དང་། ཏོག་དབྱིབས་གཉན་རིམས་དང་འབྲེལ་བ་ཡོད་པའི་ནད་པ་འདས་གྲོངས་སུ་ཕྱིན་པ་ ༧ བྱུང་འདུག་ཀྱང་དངངས་སྐྲག་གི་གནས་སྟངས་མེད་པ་གསུངས་འདུག

རྒྱ་གར་ནང་སླར་ཡང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་ཡོད་ཀྱང་དངངས་སྐྲག་གི་གནས་སྟངས་མེད་པ་གསུངས་འདུག

དེ་ཡང་དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་གཅིག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།  The Union Ministry of Health and Family Welfare འམ་རྒྱ་གར་དབུས་གཞུང་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་དང་འབྲེལ་བའི་དྲྭ་རྒྱའི་ཐོག་གྲངས་ཐོ་ཞིག་མངོན་གསལ་གནང་བའི་ནང་དུ། རྒྱ་གར་གྱི་མངའ་སྡེ་ཀེ་རེ་ལའི་ནང་དུ་ཏོག་དབྱིབས་ ༡༩ ཡི་གཉན་རིམས་ཕོག་པའི་ནད་པ་མི་གྲངས་ ༤༣༠ དང་བཅས་གྲངས་འབོར་མང་ཤོས་དང་། མ་ཧཱ་རཱཥྚ་མངའ་སྡེ་ནང་ནད་པ་ ༢༠༩།  རྒྱལ་ས་ལྡི་ལི་ནང་དུ་ནད་གཞི་ཕོག་པ་ ༡༠༤ དང་། གུ་ཇུ་རཊ་མངའ་སྡེ་ནང་ ༨༣། ཊ་མིལ་ནཱ་ཌུ་མངའ་སྡེ་ནང་ ༦༩ དང་། ཀར་ནཱ་ཊ་ཀའི་མངའ་སྡེ་ནང་ ༤༧། མ་ཟད་ཨུ་ཏར་པྲ་དེཤ་མངའ་སྡེ་ནང་དུ་ ༡༥ དང་། ར་ཇཱསི་ཐཱན་མངའ་སྡེ་ནང་ ༡༣། ནུབ་བྷང་གལ་མངའ་སྡེ་ནང་ ༡༠།  དེ་བཞིན་མ་དྷྱ་པྲ་དེཤ་མངའ་སྡེ་ནང་དུ་ནད་པ་ ༢ བཅས་ར་སྤྲོད་བྱུང་ཡོད་པ་འཁོད་འདུག

ལྷག་པར་དུ་ཟླ་འདིའི་ཕྱི་ཚེས ༡༩ ནས་བཟུང་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགོ་འཛུགས་ཁྲོད། རྒྱ་གར་རྒྱལ་ཡོངས་ནང་ནད་གཞི་དེ་དང་འབྲེལ་བ་ཡོད་པའི་འདས་གྲོངས་སུ་ཕྱིན་པའི་མི་གྲངས་ ༧ བྱུང་ཡོད་པ་དེ་ལྟར་ཡང་། རྒྱ་གར་དབུས་གཞུང་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལས་ཁུངས་ངོས་ནས་རྐྱེན་འདས་སུ་གྱུར་པའི་གྲངས་འབོར་དེ་དག་གཞུང་འབྲེལ་གྱི་ར་སྤྲོད་གནང་རྒྱུ་ཡིན་པ་མ་ཟད། གནས་ཚུལ་ནང་གསལ། རྐྱེན་འདས་སུ་གྱུར་བའི་ནད་པ་ཕལ་ཆེ་བ་ལ་དེ་སྔོན་ནས་གཅིན་སྙི་དང་གློ་ནད་སོགས་ཀྱི་ནད་གཞི་རིགས་གཉིས་ལས་མང་བ་ཡོད་པ་ཤ་སྟག་རེད་འདུག

རྒྱ་གར་ནང་སླར་ཡང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་ཡོད་ཀྱང་དངངས་སྐྲག་གི་གནས་སྟངས་མེད་པ་གསུངས་འདུག

དེ་འབྲེལ། རྒྱ་གར་དབུས་གཞུང་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལས་ཁུངས་ནས། ད་ལྟའི་ཆར་དངངས་སྐྲག་གི་གནས་སྟངས་གང་ཡང་མེད་པ་དང་ནད་གཞི་ཕལ་ཆེ་བ་ཛ་དྲག་མིན་པས་སྨན་ཁང་དུ་འཇུག་དགོས་པའི་དགོས་མཁོ་ཡང་མེད་པ། གང་ལྟར་ན་ཡང་མངའ་གཞུང་སོ་སོ་ནས་རྒྱུན་དུ་གཟབ་གཟབ་བྱེད་དགོས་པ་དང་། ཏོག་དབྱིབས་གཉན་རིམས་ ༡༩ འགོག་ཐབས་དང་འབྲེལ་བའི་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་ལེན་སྒྲིག་གཞི་གཞིར་བཟུང་ཕྱག་ལས་གནང་དགོས་པ་གསུངས་འདུག

རྩ་བའི་ཐེངས་འདིའི་ཏོག་དབྱིབས་ ༡༩ ཡི་གཉན་རིམས་ཁྱབ་གདལ་དུ་འགྲོ་བཞིན་པ་དེ་ཕྱི་ལོ་ ༢༠༢༣ ནས་ཁྱབ་ཆེ་བའི་ JN.1 གཉན་སྲིན་ལས་བྱུང་བའི་ཏོག་གསར་རིམས་ནད་ NB.1.8.1 དང་ LF.7 ཞེས་པ་དེ་གཉིས་ཀྱིས་རྐྱེན་བྱས་པ་ཞིག་ཡིན་པ་བཀོད་འདུག་པ་མ་ཟད། World Health Organization འམ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱི་གཉན་སྲིན་གཉིས་པོ་འདི་དག་ནི་ལྟ་རྟོག་འོག་ཞིབ་འཇུག་བྱེད་བཞིན་པ་ཞིག་དང་སེམས་འཚབ་གནང་མི་དགོས་པ་བརྗོད་འདུག

རྒྱ་གར་ནང་སླར་ཡང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་ཡོད་ཀྱང་དངངས་སྐྲག་གི་གནས་སྟངས་མེད་པ་གསུངས་འདུག

དེའི་བར་ན། ཁ་སང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཉེ་ཆར་ཏོག་དབྱིབས་གཉན་རིམས་ ༡༩ ཡི་རྣམ་པ་འགྱུར་བའི་ནད་འབུ་ད་ཆ་རྒྱ་ནག་དང་། རྒྱ་གར་ས་གནས་ཁག་ཅིག  ཨེ་ཤི་ཡའི་ཡུལ་གྲུ་ཁག་ཅིག་གི་ནང་ཁྱབ་གདལ་འགྲོ་བཞིན་ཡོད་པར། ནད་གཞི་དེ་ཛ་དྲག་གི་གནས་སྟངས་མེད་ནའང་བོད་མིའི་འདུ་སྡོད་ས་གནས་ཁག་ནང་ཁྱབ་གདལ་མི་འགྲོ་བའི་སླད། དེ་སྔ་སྔོན་ཁབ་བརྒྱབ་མེད་པ་དང་། དུས་རྒྱུན་ནས་ན་ཚ་མང་དག་མནར་བཞིན་པ་ནད་གཅོང་ཅན། ལུས་ཟུངས་ནུས་པ་ཞན་པ་རྣམས་ལ་འགོ་སླ་བ་ཡོད་པའི་གནས་སྟངས་འདུག་པར་མི་མང་ཚང་མས་ཐུགས་སྣང་དགོས་གལ། ནད་གཞིའི་ནད་རྟགས་དེ་བཞིན་དེ་སྔའི་ཏོག་དབྱིབས་གཉན་རིམས་ལྟར་གློ་རྒྱག་པ་དང་།  ཚ་བ་འབར་བ།  སྣ་ཁུག་འགག་པ། དབུགས་གཏོང་རྒྱུ་དཀའ་ངལ་སོགས་ཡོད་པའི་མང་ཚོགས་ནས་ཡིད་གཟབ་གནང་དགོས་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།