Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་རྒྱལ་ཡོངས་ཀྱི་འགྲེམས་སྟོན་ཁང་དུ་སྟོན་པའི་མཛད་རྣམ་དང་འབྲེལ་བའི་དེང་དུས་སྒྱུ་རྩལ་གྱི་འགྲེམས་སྟོན་དབུ་འབྱེད།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཁ་སང་ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་དབུས་སུ་ཡོད་པའི་རྒྱ་གར་རྒྱལ་ཡོངས་དེང་དུས་རྒྱུ་རྩལ་གྱི་འགྲེམས་སྟོན་ཁང་ National Gallery of Modern Art ཞེས་པའི་ནང་ BuddhamSaranamGacchami ཞེས་བདག་ཅག་གི་སྟོན་པའི་མཛད་རྣམ་དང་འབྲེལ་བའི་དེང་དུས་རི་མོ་དང་བཅས་པའི་སྒྱུ་རྩལ་གྱི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་། 

འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི། སྟོན་པ་བཅོམ་ལྡན་འདས་ཀྱིས་ཡོངས་གྲགས་སུ་བཀའ་སྩལ་མཛད་པ་བྱམས་པ་དང་སྙིང་རྗེ། འཚེ་བ་མེད་པ། ཞི་བདེ་སོགས་ཀྱི་རིན་ཐང་གོང་སྤེལ་གནང་ཐབས་སུ་དམིགས་པ་ཞིག་ཡིན་པ་རེད།

འགྲེམས་སྟོན་དེ་ནི་རྒྱ་གར་དབུས་གཞུང་རིག་གཞུང་བློན་ཆེན་ལས་ཁུངས་ཀྱི་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ཁ་སང་ཕྱི་དྲོ་རྒྱ་གར་དབུས་གཞུང་གི་ཕྱི་སྲིད་དང་རིག་གཞུང་བློན་ཆེན་གཞོན་པ་ལྕམ་སྐུ་ Meenakshi Lekhi མཆོག་དང་ཀུན་བདེ་གླིང་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་འགྲེམས་སྟོན་དེ་ཉིད་དབུ་འབྱེད་གནང་ཡོད་པ་རེད།  

དབུ་འབྱེད་ཀྱི་མཛད་སྒོ་ཐོག་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་ཁག་གཅིག་དང་ལྡི་ལི་ཁུལ་དུ་ཡོད་པའི་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་སོགས་ཕེབས་འདུག

སྐུ་མགྲོན་གྱི་གཙོ་བོ་རྒྱ་གར་དབུས་གཞུང་གི་ཕྱི་སྲིད་དང་རིག་གཞུང་བློན་ཆེན་གཞོན་པ་ལྕམ་སྐུ་ Meenakshi Lekhi མཆོག་གིས་ལོ་ངོ་ ༢༥༠༠ ལྷག་གི་གོང་དུ་བཀའ་སྩལ་མཛད་པའི་སྟོན་པའི་ལམ་སྟོན་ཁག་དུས་ད་ལྟའང་ཕན་ཐོགས་ཆེན་པོ་ཡོད་པ་དང་།

སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་ཡུལ་བལ་ཡུལ་དང་སངས་རྒྱས་ཡུལ་གནས་མཆོག་རྡོ་རྗེ་གདན་ཆགས་ཀྱི་ཡོད་ཀྱང་།  རྒྱལ་ཁབ་གཉིས་དབར་ཐུན་མོང་གྱི་འབྲེལ་བ་ཞིག་མུ་མཐུད་གནས་ཡོད་པར་མ་ཟད། ལྷག་པར་རྒྱ་གར་འཕགས་པའི་ཡུལ་འདི་ནི་ནང་པའི་ལྟ་གྲུབ་དང་རིག་གཞུང་གི་ལྟེ་གནས་ཤིག་ཡིན་སྟབས། རྒྱ་གར་གཞུང་མང་གཉིས་ལ་ནང་པའི་རིག་གནས་ཀྱི་རིན་ཐང་དེ་དག་འཛམ་གླིང་ཀུན་ལ་ཁྱབ་སྤེལ་གནང་རྒྱུའི་ལས་འགན་ཡོད་སྐོར་སོགས་གསུངས་ཡོད།

   མཛད་སྒོའི་དམིགས་བསལ་སྐུ་མགྲོན་ཀུན་བདེ་གླིང་རྟ་ཚག་རིན་པོ་ཆེ་མཆོག་གིས་བདག་གི་སྟོན་པར་སྐྱབས་སུ་འགྲོ་བ་ཙམ་མིན་པར་ཉིན་རེའི་བྱ་གཞག་ནང་ལམ་སྟོན་ཇི་ལྟར་མཛད་པ་བཞིན་ཉམས་ལེན་གནང་ཐབས་ཤིག་དང་ལྷག་པར་འཛམ་གླིང་ཕན་ཚུན་དབར་ཆོས་ལུགས་མཐུན་འབྲེལ་ཡོང་ཐབས་གནང་གནད་ཆགས་ཡོད་པ་སོགས་ལམ་སྟོན་གནང་སོང་།    

གཞི་རྩའི་རྒྱ་གར་དབུས་གཞུང་རིག་གཞུང་བློན་ཆེན་ལས་ཁུངས་ཀྱིས་དེ་སྔོན་གནས་རྟེན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་དུས་ཆེན་སྐབས་སུའང་རྒྱལ་ཡོངས་འགྲེམས་སྟོན་ཁང་དུ་མཛད་སྒོ་ཞིག་གོ་སྒྲིག་གནང་ཡོད་པ་ལྟར་འགྲེམས་སྟོན་ཁང་གི་ནང་དུ་བཞུགས་སུ་གསོལ་བའི་སྟོན་པའི་སྐུ་གདུང་རིང་བསྲེལ་རིན་པོ་ཆེར་མཆོད་འབུལ་དང་མཇལ་ཁ་སོགས་ཀྱི་ལས་རིམ་གོ་སྒྲིག་གནང་ཡོད་པ་རེད།

ཧི་མཱ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་འགན་འཛིན་བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱིས་འདི་ལས་སུ་ད་ལྟའི་རྒྱ་གར་གཞུང་གི་ངོས་ནས་སྟོན་པའི་ལྟ་གྲུབ་ཐོག་དམིགས་བསལ་ཐུགས་སྣང་གནང་གི་ཡོད་སྐོར་གསུངས་སོང་།

རྒྱ་གར་རྒྱལ་ཡོངས་དེང་དུས་རྒྱུ་རྩལ་གྱི་འགྲེམས་སྟོན་ཁང་ National Gallery of Modern Art ནང་ཁ་སང་ནས་དབུ་འཛུགས་གནང་བའི་ BuddhamSaranamGacchami ཞེས་བདག་ཅག་གི་སྟོན་པའི་མཛད་རྣམ་དང་འབྲེལ་བའི་དེང་དུས་རི་མོ་དང་བཅས་པའི་སྒྱུ་རྩལ་གྱི་འགྲེམས་སྟོན་དེ་ཟླ་ ༦ ཚེས་ ༡༠ བར་མུ་མཐུད་གནང་གི་ཡོད་པ་དང་འགྲེམས་སྟོན་ཁོངས་སུ་ནང་པའི་རྒྱལ་ཁབ་ཤྲི་ལངྒ་དང་མ་ཡན་མར་སོགས་ཀྱི་ཚོན་བྲིས་རི་མོ་ཁག་གཅིག་བཤམས་སྟོན་གནང་འདུག་པར་མ་ཟད། སྒྱུ་རྩལ་བ་གྲགས་ཅན་ Nandalal Bose དང་ BireswarSen དེ་བཞིན་ Nicholas Roerich བཅས་ཀྱི་སྒྱུ་རྩལ་ཁག་གཅིག་བཤམས་སྟོན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།