རྒྱ་དཀར་ནག་གཉིས་ཀྱིས་ལོ་དྲུག་རྗེས་འཕགས་བོད་ས་མཚམས་རྒྱུད་ཀྱི་ཚོང་ལམ་གསུམ་ཀ་སྒོ་ཕྱེ་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

རྒྱ་གར་དང་རྒྱ་ནག་གིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཕན་ཚུན་འབྲེལ་ལམ་བསྐྱར་གསོ་བྱེད་པའི་གོམ་པའི་ཆ་ཤས་སུ།  ཉེ་ལམ་རེས་གཟའ་སྤེན་པའི་ཉིན་ཡུལ་དེ་གཉིས་ཀྱི་བར་ཡོད་པའི་འཕགས་བོད་ས་མཚམས་རྒྱུད་ཀྱི་ཚོང་འབྲེལ་ལམ་ཁ་རྣ་ཐོས་ལ་དང་།  སྲིབ་སྐྱིད་ལ།  དེ་བཞིན་ལི་ཕུ་ལེཁ་གསུམ་ཀ་སྒོ་ཕྱེ་འདུག་པ་དང་།  དེ་ནི་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་ནས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དོན་རྐྱེན་དང་གཱལ་ཝན་ས་མཚམས་ཁུལ་དུ་དམག་མི་ཕན་ཚུན་གདོང་ཐུག་རྐྱེན་པས་རྒྱལ་ཁབ་གཉིས་བར་ལོ་ངོ་དྲུག་ལྷག་རིང་མཐའ་མཚམས་ཚོང་འབྲེལ་གྱི་རྒྱུན་ཆད་པ་དེ་སླར་གསོ་བྱུང་བ་ཞིག་ཡིན་པ་རེད། 

India, China Resume Cross-Border Trade through 3 Strategic Himalayan routes

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལ།  ཐེངས་འདིར་འཕགས་བོད་ས་མཚམས་རྒྱུད་ཀྱི་ཚོང་ལམ་སྒོ་ཕྱེ་པ་དང་བསྟུན་ནས།  རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་ནང་ཆགས་པའི་རྣ་ཐོས་ལ་ལྟ་བུར་ཆ་མཚོན་ན།  མཐའ་མཚམས་ཚོང་པ་ ༥༠༠ ལྷག་གི་ནང་ནས་ ༣༠༠ ཙམ་གྱིས་དེབ་སྐྱེལ་ཐོ་འགོད་བྱས་ཟིན་པར་ད་ལྟ་ཚོང་འབྲེལ་འགོ་འཛུགས་བྱ་རྒྱུ་ངང་སྒུག་བྱེད་བཞིན་ཡོད་པ་དང་།  ཐག་ཆོད་དེ་ནི་ཁོང་རྣམས་ཀྱི་འཚོ་གནས་བསྐྱར་གསོ་བྱུང་བ་མཚོན་གྱི་ཡོད་པ་གང་ལྟར་ཡང་།   ཚོང་པ་རྣམས་ཀྱི་སེམས་འཚབ་ལ་ད་ལྟའི་ཆར་སྲིད་གཞུང་གིས་གཏན་འབེབས་བྱས་པའི་དངོས་ཟོག་ཕྱིར་ཚོང་དང་ནང་འདྲེན་བྱ་ཆོག་པའི་ཐོ་གཞུང་དེ་དུས་ མཐུན་འཚམས་པ་ཞིག་མིན་པར་ཁུལ་དེའི་མཐའ་མཚམས་ཚོང་འབྲེལ་ཐོག་དེང་དུས་ཀྱི་བཟོ་གྲྭའི་ཅ་དངོས་རིགས་ཀྱང་ཐོ་གཞུང་ནང་བཅུག་དགོས་པའི་རེ་འདུན་བཏོན་བཞིན་ཡོད་པ་རེད་འདུག 

དེ་བཞིན་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ནང་གི་ཁུ་ནུའི་ས་ཁུལ་དུ་ཆགས་པའི་ཤིཔྐི་ལ་ཚོང་ལམ་གྱི་གནས་སྟངས་ལ་གཞིགས་ན། ཐེངས་འདིར་རྒྱ་ནག་གིས་མཐའ་མཚམས་ས་ཁུལ་དེ་ནས་རྒྱ་གར་ཚོང་པ་ ༢༠ ལ་མ་གཏོགས་བོད་ནང་དུ་ཚོང་འབྲེལ་སླད་བསྐྱོད་ཆོག་པའི་ཆོག་མཆན་སྤྲད་མེད་སྟབས།  ད་ལྟའི་ཆར་རྒྱ་གར་གྱི་མཐའ་མཚམས་ཚོང་པ་རུ་ཁག་དང་པོའི་ཚོང་པ་ ༡༦ བོད་ནང་དུ་བསྐྱོད་ཟིན་པ་གང་ལྟར།  ཐོག་མའི་དུས་རིམ་ནང་ཚོང་པ་ ༡༦ རྣམས་ནས་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་ས་མཚམས་ཕ་རོལ་ Taklakot ཞེས་སྤུ་རེང་ཁུལ་དུ་ཆབ་སྲིད་གནས་སྟངས་རྐྱེན་པས་དངོས་ཟོག་ལྷག་པ་རྣམས་ལ་ཞིབ་བཤེར་བྱ་རྒྱུའི་སླད་བསྐྱོད་ཡོད་པ་རེད་འདུག

མ་ཟད་རྒྱ་གར་ཨུ་ཏར་ཁན་ཌིའི་ལི་པུ་ལེཁ་ཚོང་ལམ་ལ་ཆ་མཚོན་ན།  ཁུལ་དེ་ནི་བོད་དང་། རྒྱ་གར། བལ་ཡུལ་བཅས་རྒྱལ་ཁབ་གསུམ་གྱི་ས་མཚམས་ཁེལ་སའི་ས་ཚིགས་ཤིག་ཡིན་པ་དང་།  ས་ཁུལ་དེ་ནི་མཐའ་མཚམས་ཀྱི་ཚོང་ལམ་ཞིག་ཡིན་པ་མ་ཟད།  གངས་རིན་པོ་ཆེར་གནས་མཇལ་གྱི་ཕེབས་ལམ་ཞིག་ཀྱང་ཆགས་ཡོད་པ་རེད།  ད་ལྟའི་ཆར་ས་ཁུལ་དེའི་ནང་གི་ཚོང་འབྲེལ་སྐོར་གྱི་གནས་ཚུལ་ཁ་གསལ་མེད་ཀྱང་།  འདས་པའི་ཕྱི་ཟླ་ ༦ པའི་ནང་དུ་ཁུལ་དེ་ནས་མཐའ་མཚམས་ཚོང་འབྲེལ་བསྐྱར་གསོ་བྱེད་པའི་གནས་ཚུལ་ཐོན་ཡོད་པ་ལྟར།  ཚོང་པ་ ༡༧ དང་ལས་རོགས་ ༩ བཅས་ཁྱོན་མི་གྲངས་ ༢༦ ལ་ཚོང་ལས་ཆོག་མཆན་གྱི་ལག་ཁྱེར་སྤྲད་ཟིན་པ་རེད་འདུག  

སྤྱིར་ལོ་རྒྱུས་རང་བཞིན་གྱི་འཕགས་བོད་ས་མཚམས་རྒྱུད་ཀྱི་ཚོང་ལམ་བསྐྱར་གསོ་བྱས་པ་དེས་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ལ་རེ་བ་གསར་པ་ཞིག་བསྐྲུན་ཡོད་པ་མ་ཟད།  རྒྱ་དཀར་ནག་གཉིས་བར་ཡུན་རིང་ནས་ཐག་མ་ཆོད་པའི་ས་མཚམས་ཀྱི་རྩོད་གཞི་གནས་བཞིན་པ་ལ་ལྟོས་མེད་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་དཔལ་འབྱོར་འབྲེལ་ལམ་ཐད་རིམ་པས་ཡིད་ཆེས་སླར་གསོ་བྱེད་བཞིན་པ་མཚོན་གྱི་ཡོད་པ་རེད།   

རྩ་བའི་དུས་རབས་མང་པོའི་རིང་མཐའ་མཚམས་ས་ཁུལ་དེ་དག་ནས་བལ་དང་།  འབྲས། ཚ། ཇ། རས་ཆ།  སྨན་རྫས།  ཞིང་ལས་དང་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་སོགས་ཚོང་འབྲེལ་བྱས་ཡོད་པ་དེ་ལྟར་ཡང་།  ད་ལྟའི་ཆར་དེང་དུས་ཀྱི་བཟོ་གྲྭའི་ཅ་དངོས་རིགས་ཀྱང་དགོས་མཁོའི་ཚོང་འབྲེལ་ཁོངས་སུ་ཚུད་ཀྱི་ཡོད་སྟབས།  ས་གནས་དེ་དག་གིས་ཚོང་པ་རྣམས་ལ་སྲིད་གཞུང་གིས་དེ་སྔ་ཕྱིར་ཚོང་གི་གྲངས་འབོར་ ༣༦ ཙམ་དང་ནང་འདྲེན་ཆོག་པའི་ཚོང་ཟོག་གི་གྲངས་འབོར་ ༢༣ ཙམ་གཏན་འབེབས་བྱས་པ་དེར་བསྒྱུར་བ་གཏོང་མེད་པའི་རྐྱེན་གྱིས་སེམས་འཚབ་ཡོད་ལ།  ཚོང་པ་རྣམས་ཀྱིས་འབྲེལ་ཡོད་ལས་ཁུངས་ཁག་ལ་ཚོང་ཟོག་གི་ཐོ་གཞུང་རྒྱ་སྐྱེད་གཏོང་དགོས་པའི་ཞུ་སྙན་རིམ་པ་ཕུལ་ཡོད་ཀྱང་དེ་འབྲེལ་ཐག་ཆོད་ཀྱི་གནས་ཚུལ་ཐོན་མེད་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།