རྒྱ་ནག་གཞུང་གིས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་གྱི་ཕ་ཡུལ་དཀར་མཛེས་ཁུལ་དུ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཕ་ཡུལ་བོད་མདོ་ཁམས་དཀར་མཛེས་རྫ་ཁོག་ཏུ་རྒྱ་གཞུང་གིས་བདེ་འཇགས་མི་སྣ་ཕོན་ཆེ་འགྲེམས་འཇོག་གིས་ཡུལ་མིའི་འགྲོ་འདུག་ལ་ལྟ་སྲུང་དམ་བསྒྲགས་ནན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

དཀར་མཛེས་དགོན་པ།

དེ་ཡང་ཟླ་བ་ ༧ ཚེས་ ༢ ཉིན་ཨ་རིར་གནས་བཞུགས་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་དང་། ལྷག་པར་ཟླ་བ་ ༧ ཚེས་ ༡ ནས་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་འགོ་བཙུགས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ཟེར་བར་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་བའི་རྗེས། རྒྱ་ནག་གཞུང་གིས་ཚེ་འདས་རྒྱལ་གཅེས་པ་དེ་ཉིད་ཀྱི་ཕ་ཡུལ་དཀར་མཛེས་ཁུལ་དུ་ངོ་རྒོལ་ཟིང་འཁྲུག་རིགས་མི་ཡོང་བའི་ཆེད་བདེ་འཇགས་མི་སྣ་ཕོན་ཆེ་འགྲེམས་འཇོག་གིས་ཡུལ་མིའི་འགྲོ་འདུག་ལ་ལྟ་སྲུང་དམ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་པ་འབྲེལ་ཡོད་མི་སྣ་ཞིག་གིས་ཕ་ཡུལ་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་འདུག

རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་ཀྱིས་བོད་དོན་རང་དབང་རང་བཙན་ཆེད་རང་ལུས་མེར་སྲེག་བཏང་བའི་རྗེས། ཨ་རི་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མིའི་རང་དབང་གི་མངོན་འདོད་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་ནས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་བར་གྲོས་མོལ་བྱེད་དགོས་པའི་རེ་སྐུལ་གནང་ཡོད་པ་མ་ཚད། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་རྣམས་ནས་ཀྱང་རང་བཙན་བློ་དགའ་ལགས་ཀྱི་རྒྱལ་ཞེན་བློས་གཏོང་ལ་གདུང་སེམས་མཉམ་སྐྱེ་ཞུ་བཞིན། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྤྱི་དང་། ལྷག་པར་བོད་མི་རིགས་རྩ་མེད་བཟོ་བའི་མི་རིགས་བཙན་སྒྱུར་གྱི་སྲིད་བྱུས་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་འདྲ་མིན་སྤེལ་མུས་ཡིན།

ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་གི་བོད་མི་ ༡༥༦ ལྷག་གིས་རང་ལུས་མེར་སྲེག་གི་ལམ་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་ལ་ངོ་རྒོལ་གནང་ཡོད་པས། ཉེ་ལམ་རང་བཙན་བློ་དགའ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་རང་ལུས་མེར་སྲེག་གི་ངོ་རྒོལ་གནང་བའི་རླབས་དེ། བོད་ནང་ཁྱབ་སྲིད་པའི་འཇིགས་སྣང་གིས་རྒྱ་ནག་གཞུང་གིས་རྒྱལ་གཅེས་པ་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་བསྒྲགས་བྱེད་འགོ་བཙུགས་འདུག ད་ལྟའི་ཆར་དཀར་མཛེས་ཁུལ་དུ་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དམིགས་བསལ་བདེ་འཇགས་མི་སྣས་བློ་དགའི་ནང་མིར་ལྟ་སྲུང་བྱས་ནས་བསྡད་ཡོད་དུས། ས་གནས་ཡུལ་མི་ཚོས་བློ་དགའ་ལགས་ཀྱི་ནང་མིར་འབྲེལ་བ་བྱེད་པ་ལའང་འཇིགས་སྣང་བྱེད་ཀྱི་ཡོད་སྐོར་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་འདུག

རྒྱ་ནག་གཞུང་གིས་རྒྱུན་ལྡན་ནས་ཚོར་སྣང་སྐྱེན་པའི་གནས་ཚུལ་རིགས་བྱུང་བའི་སྐབས་ས་གནས་དེ་རུ་སྔར་ལས་ལྷག་པའི་དྲག་གནོན་དང་། གནས་ཚུལ་ཁྱབ་འཕེལ་ལ་དམ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་སྟབས།  ས་གནས་ཀྱི་ཞིབ་ཕྲའི་གནས་སྟངས་དང་། རང་བཙན་བློ་དགའ་ལགས་ཀྱི་ནང་མི་སྤྲུན་མཆེད་ཚོའི་སྐོར་ཤེས་རྟོགས་དཀའ་བར་འགྱུར་ཡོད།   

གཞི་རྩའི་རྒྱལ་གཅེས་པ་བློ་བཟང་དཔལ་ལྡན་ནམ་རང་བཙན་བློ་དགའ་ལགས་ནི་ཕྱི་ལོ་ ༡༩༧༤ ཟླ་ ༦ ཚེས་ ༡ ཉིན་ཡབ་བསོད་ནམས་དར་རྒྱས་(བསོད་དགའ་)དང་། ཡུམ་རྡོ་རྗེ་ལྷ་མོ་གཉིས་ཀྱི་སྲས་སུ་བོད་མདོ་ཁམས་དཀར་མཛེས་སུ་འཁྲུངས་པ་དང་། ཆུང་དུས་ནས་རང་ཡུལ་དགོན་པར་རབ་ཏུ་བྱུང་ཞིང་། ལོ་རབས་དགུ་བཅུའི་ནང་བཙན་བྱོལ་དུ་ཕེབས་ནས་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་སྒོར་ཞུགས། དེ་རྗེས་ཨ་རིར་ཕེབས་ཏེ་ཁ་ལོ་བའི་ལས་དོན་གཉེར་མུས་ཐོག་བོད་རང་དབང་རང་བཙན་ཐོག་རྒྱུན་དུ་ལས་འགུལ་སྤེལ་ཏེ་བཞུགས་ཡོད་པ་དང་། འདི་ལོ་ ༢༠༢༦ ཟླ་བ་ ༧ ཚེས ༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ལས་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།