Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་དཔོན་རིགས་ཐོག་ Magnitsky ཁྲིམས་གཞི་ལག་བསྟར་དགོས་པའི་ཞུ་སྐུལ། 

Tibetan News Headlines

  • Dalai Lama urges devotees to practice warmheartedness and embrace concept of emptiness
  • Sikyong engages with parliamentarians from Austria and Italy, urging them to advocate for Tibet
  • PRC continued to restrict and seek to control religious practices of Tibetans: CECC
  • China: Overseas students face harassment and surveillance in campaign of transnational repression
  • CTA urges caution as Tibetans seek voting rights amidst Indian election
  • Hunsur Rabgayling gears up for the 29th GCM football tournament

རེས་གཟའ་ཟླ་བ། ༢༠༢༤།༠༥།༡༣

  • བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་མ་ཎི་གསོག་སྒྲུབ་གནང་དགོས།
  • ཨོ་སི་ཊྲི་ཡ་དང་ཨི་ཊ་ལི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • རྒྱ་གཞུང་གིས་བོད་མིའི་ཆོས་དད་ལ་མུ་མཐུད་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱས་པ་མངོན་གསལ།
  • རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་ར་སྤྲོད།
  • རྒྱ་གར་ཆབ་སྲིད་ནང་ཞུགས་ཏེ་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་འགན་བཞེས་དགོས་པ།
  • རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པ་གནངས་ཉིན་ནས་དབུ་འཛུགས།

ཁ་སང་ཁེ་ན་ཌ་གྲོས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཉན་ཞིབ་ལས་རིམ་ཞིག་ཚོགས་སྐབས་བོད་མིའི་སྐུ་ཚབ་ཀྱིས་བོད་མིའི་ཐོག་དྲག་གནོན་བྱེད་མཁན་རྒྱ་ནག་དཔོན་རིགས་ཚོར་ Global Magnitsky Act  ཁྲིམས་གཞི་ལག་བསྟར་དགོས་པའི་ཞུ་སྐུལ་གནང་འདུག

ཁེ་ན་ཌ་གྲོས་ཚོགས་ནང་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Ali Ehsassi ལགས་ཀྱིས་གཙོ་སྐྱོང་གནང་སྟེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཉན་ཞིབ་ལས་རིམ་ཞིག་ཚོགས་འདུག་པ་དང་། ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངེས་སྟོན་པ་ཤེས་རབ་མཐར་ཕྱིན་ལགས་ཀྱིས་གཙོས་པའི་རྒྱ་ནག་གི་གདུག་རྩུབ་འོག་མནར་གཅོད་མྱོང་བཞིན་པའི་མང་ཚོགས་ཀྱི་སྐུ་ཚབ་བཅས་མཉམ་ཞུགས་གནང་འདུག

ཤེས་རབ་ཐར་ཕྱིན་ལགས་ཀྱིས་བོད་ནང་རྒྱ་གཞུང་གིས་གདུག་རྩུབ་འོག་མནར་གཅོད་མྱངས་ནས་འདས་གྲོངས་སུ་གྱུར་བའི་བོད་མིའི་ཆབ་སྲིད་བཙོན་པ་གྲྭ་འཇིགས་མེད་རྒྱ་མཚོ་ལགས་དང་དཀོན་མཆོག་སྦྱིན་པ་ལགས། དེ་བཞིན་གྲྭ་བསྟན་འཛིན་ཉི་མ་ལགས། ལྷ་མོ་ལགས་བཅས་ཀྱི་གནད་དོན་མངོན་གསལ་གནང་སྟེ། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་མནར་གཅོད་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་ཡོད་པ་ཐེར་འདོན་གནང་བ་དང་ཆབས་ཅིག་བོད་མིའི་ཐོག་དྲག་གནོན་བྱེད་མཁན་རྒྱ་ནག་དཔོན་རིགས་ཚོར་ Global Magnitsky Act  ཁྲིམས་གཞི་ལག་བསྟར་དགོས་པའི་ཞུ་སྐུལ་གནང་འདུག

ཤེས་རབ་མཐར་ཕྱིན་ལགས་ཀྱིས་ད་དུང་གོང་གསལ་བཙོན་པ་རྣམས་ལ་གཅིག་འགྱུར་གྱི་གནད་དོན་ཡོད་པ་ལས་རྒྱ་གཞུང་གིས་བོད་མི་རྣམས་བཙན་བཟུང་དང་དྲང་བདེན་གྱི་ཁྲིམས་གཅོད་མེད་པའི་ཁར་ནང་མི་སྤུན་མཆེད་དང་ཐུག་འཕྲད་ཀྱི་ཆོག་མཆན་མ་སྤྲད་པ་སོགས་ གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་མངོན་གསལ་གནང་བ་དང་སྦྲགས་ཏེ། ཁོང་རྣམས་དྲག་སྤྱོད་པ་དང་ཁ་བྲལ་རིང་ལུགས་པ་གང་ཡང་མིན་པར་གསལ་བཤད་དང་གནད་དོན་ཆུང་ཚགས་རྐྱེན་གྱིས་འཛིན་བཟུང་དང་ཁྲིམས་ཆད་ནན་པོ་བཏང་བ་ཞིག་ཡིན་པར་གསུངས་འདུག

ལྷག་པར་ཁོང་གིས་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་ཀྱི་ཛ་དྲག་གནས་སྟངས་དེ་ཉིན་ལས་མ་འདས་པར་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་དང་། རིག་གཞུང་། སྐད་ཡིག དེ་བཞིན་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ཐོབ་ཐང་ཁག་རིམ་བཞིན་ཉམས་རྒུད་དུ་འགྲོ་བཞིན་པར་ཐུགས་འཚབ་གནང་སྟེ་ཁྲིམས་གཞི་འདིའི་ཐོག་ནས་བོད་ནང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འཕྲལ་མར་མཚམས་འཇོག་དགོས་ཞེས་ནན་པོ་གསུངས་ཡོད་པ་རེད།

གཞི་རྩའི་ Magnitsky Act ཞེས་པའི་ཁྲིམས་འཆར་དེ་དེ་སྔ་ཨུ་རུ་སུའི་ནང་དུ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ཐེར་འདོན་གནང་མཁན་ཡུལ་དེའི་ཁྲལ་བསྡུའི་སློབ་སྟོན་པ་ Sergei Magnitsky ལགས་ཕྱི་ལོ་ ༢༠༠༩ ལོར་ཨུ་རུ་སུའི་བཙོན་ཁང་ཞིག་གི་ནང་དུ་སྐུ་གྲོངས་པའི་དོན་རྐྱེན་ལ་དྲན་གསོ་མཚོན་ཆེད་དུ་ཨ་རིའི་སྲིད་འཛིན་སྐུ་ཞབས་ Obama མཆོག་གིས་ཕྱི་ལོ་ ༢༠༡༢ ལོར་ཨ་རི་ནང་དུ་ Magnitsky Act ཞེས་པ་ཞིག་གཏན་འབེབས་ཐོག་ཨུ་རུ་སུས་གཙོས་པའི་རྒྱལ་སྤྱི་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏང་མཁན་དཔོན་རིགས་ཚོར་ཉེས་ཆད་གཏོང་བཞིན་ཡོད་པ་དང་། རིམ་བཞིན་ཁེ་ན་ཌ་དང་དབྱིན་ཡུལ། ཨིས་ཊོ་ལི་ཡ་སོགས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གཅིག་ཀྱིས་དེ་མཚུངས་ཁྲིམས་འཆར་གཏན་འབེབས་ཐོག་ནས་ཕྱག་བསྟར་གནང་མུས་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།