རྒྱ་ནག་གི་དབང་བསྒྱུར་འོག་བོད་ཀྱི་སྐད་ཡིག་སྣ་མང་ཕུན་སུམ་ཚོགས་པ་དེ་ཉམས་རྒྱུའི་ཉེན་ཁ་ཡོད་པ་གསུངས་འདུག

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

ཟི་ལིང་དུ་ལོ་མང་རིང་སློབ་ཁྲིད་གནང་མྱོང་ཡོད་མཁན་ཨོ་གླིང་གི་མི་རྒྱུད་རིག་པའི་སློབ་དཔོན་ Gerald Roche ལགས་ཀྱིས་བོད་མཐོ་སྒང་དུ་སྐད་ཡིག་འདྲ་མིན་ ༦༠ ལྷག་ཡོད་པ་དང་། ད་ལྟའི་རྒྱ་ནག་གི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་སྣ་མང་ཕུན་སུམ་ཚོགས་པ་དེ་རྩ་སྟོང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་གསུངས་འདུག

Tibet’s Indigenous Languages Face Extinction as China Expands Repressive Policies

སློབ་དཔོན་ Roche ལགས་ནི་ཨོ་གླིང་གི་ Melbourne གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ La Trobe University ཞེས་པའི་གཙུག་ལག་སློབ་གཉེར་ཁང་གི་སྐད་བརྡ་རིག་པའི་སློབ་དཔོན་ཡིན་པ་དང་། དེ་སྔ་ཕྱི་ལོ་ ༢༠༠༥ ནས་ ༢༠༡༣ བར་རྒྱ་ནག་གི་འཆར་འགོད་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ས་ཟི་ལིང་དུ་བོད་ཀྱི་སྐད་ཡིག་ལ་ཞིབ་འཇུག་དང་། ས་གནས་ཀྱི་མཐོ་སློབ་ཏུ་སྐད་བརྡ་རིག་པའི་སློབ་དཔོན་གནང་མྱོང་ཡོད་པ་རེད།

ཁོང་གིས་དེ་རིང་ Asia Times ཞེས་པའི་དྲྭ་ཚིགས་ཐོག་དཔྱད་རྩོམ་ཞིག་སྤེལ་བའི་ནང་། རྒྱ་ནག་གི་བཙོན་ཁང་དུ་དཀའ་སྡུག་ཚད་མེད་མྱངས་རྗེས་དགོངས་པ་རྫོགས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོན་པོ་རྣམ་རྒྱལ་ལགས་ཀྱི་གནད་དོན་ལུང་འདྲེན་དང་འབྲེལ། འདས་པའི་མི་ལོ་ ༧༥ ཙམ་གྱི་རིང་བོད་ནང་དམ་པ་དེ་ཉིད་ལྟ་བུས་བོད་མི་མང་པོས་རྒྱ་ནག་ལ་འགོག་རྒོལ་ཤུགས་ཆེ་བྱས་པའི་ཁོངས་སུ་མང་ཆེ་བ་ཞིག་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བ་ཆགས་ཡོད་སྐོར་གསུང་བ་དང་འབྲེལ། བོད་མི་རྣམས་ཀྱིས་རང་གི་སྐད་ཡིག་སྲུང་སྐྱོབ་སླད་འབད་བརྩོན་དང་རྒྱ་ཡིག་བཙན་ཤེད་ཀྱི་ལས་དོན་ཁག་ལ་མུ་མཐུད་ངོ་རྒོལ་བྱས་ཡོད་ཀྱང་། ད་ཆ་བོད་ནང་སློབ་ཕྲུག་ཚོ་བཅའ་སྡོད་སློབ་གྲྭར་སྒྲིམ་ནས་ཧ་ལམ་རྒྱ་ཡིག་རྐྱང་པའི་ཐོག་སློབ་སྦྱོང་བྱེད་བཞིན་ཡོད་པར་བརྟེན་བོད་ཀྱི་སྐད་ཡིག་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་དང་། བདུན་ཕྲག་རེར་བོད་ཡིག་ཚོགས་ཐེངས་རེ་འགའ་ཙམ་ལས་མེད་པ་དེ་ནི་བོད་ཀྱི་སྐད་ཡིག་འཚོ་གནས་ཐུབ་པར་འདང་ངེས་ཤིག་མེད་སྐོར་གསུང་འདུག

Tibet’s Indigenous Languages Face Extinction as China Expands Repressive Policies

ཁོང་གིས་བོད་ནི་སྐད་ཡིག་མི་འདྲ་བ་མང་པོ་ཡོད་པའི་ས་ཁུལ་ཞིག་ཡིན་ཞིང་། བོད་སྐད་ཀྱི་ཁར་བོད་ཁུལ་དུ་ཡུལ་སྐད་མི་འདྲ་བའི་རིགས་ ༦༠ ཙམ་བཤད་སྲོལ་ཡོད་པ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ཕྲུག་ཡོངས་རྫོགས་ནས་རྒྱ་མིའི་སྐད་ཡིག་སློབ་སྦྱོང་བྱེད་དགོས་པའི་སྲིད་བྱུས་འོག ད་སྐབས་བོད་སྐད་ཁོ་ན་མ་གཏོགས་མ་ཤེས་མཁན་ཚོར་ལས་ཀ་འཚོལ་རྒྱུར་དཀའ་ལས་ཆེ་བ་འཕྲད་པའི་ཐོག མི་རིགས་དབྱེ་འབྱེད་དང་རྒྱ་རིགས་ནས་བཙན་གནོན་སོགས་ཀྱི་དཀའ་ངལ་འཕྲད་པ་མ་ཟད། ཉེ་ཆར་རྒྱ་གཞུང་གིས་སློབ་མ་ཚོར་སློབ་གྲྭའི་གུང་གསེང་སྐབས་སྒེར་གྱི་བོད་ཡིག་སློབ་ཚན་དང་དགེ་རྒན་བསྟེན་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་བཅས། བོད་ཀྱི་སྐད་ཡིག་དལ་བུར་ཉམས་རྒུད་འགྲོ་བཞིན་ཡོད་པ་གསུང་བ་མ་ཟད། བོད་ཀྱི་ཡུལ་སྐད་མང་དག་ཞིག་ཡོད་པ་རྣམས་ཀྱང་རིམ་པས་རྩ་སྟོང་འགྲོ་ཉེན་ཡོད་པ་གསུངས་འདུག

སློབ་དཔོན་ཁོང་གིས་རང་ཉིད་ཀྱི་ཞིབ་འཇུག་མང་ཆེ་བ་ནི་བོད་མདོ་སྨད་རེབ་གོང་གི་སྐད་ཡིག་སྲིད་ཇུས་ལ་དམིགས་ནས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ནས་  ༢༠༡༨ བར་བོད་མི་མང་པོར་བཅར་འདྲི་དང་། ཁ་བརྡ། མི་ཚང་བརྒྱ་ཕྲག་མང་པོར་སྐད་ཡིག་བེད་སྤྱོད་སྐོར་ལ་བརྟག་དཔྱད་བྱས་ཡོད་པའི་ཁྲོད། རེབ་གོང་ཁུལ་དུ་ས་གནས་ཀྱི་མི་རྣམས་ཀྱིས་ Manegacha མ་ནེ་ག་ཅ་ཟེར་བའི་ཡུལ་སྐད་ཅིག་བེད་སྤྱོད་བྱེད་ཀྱི་ཡོད་པ་དེ་རིམ་པས་ཉམས་རྒུད་འགྲོ་བཞིན་པ་དང་། རྒྱ་གཞུང་གིས་ཡུལ་སྐད་མ་ནེ་ག་ཅ་ལྟ་བུ་སྐད་ཡིག་བེད་སྤྱོད་དང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་རྩ་བ་ནས་སྤྲོད་ཀྱི་མེད་པ་མ་ཟད། བོད་མི་ནང་ཁུལ་སྐད་ཡིག་དེ་བེད་སྤྱོད་བྱེད་མཁན་རྣམས་ལ་མི་རིགས་དབྱེ་འབྱེད་བྱས་པའི་བྱ་སྤྱོད་རིགས་ལའང་དོ་སྣང་བྱེད་ཀྱི་མེད་པ་བརྗོད་འདུག

Tibet’s Indigenous Languages Face Extinction as China Expands Repressive Policies

སྐུ་ཞབས་ Roche ལགས་ཀྱིས་ད་དུང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་སྦྲགས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ལ་ཕེབས་རྗེས། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ཁྲོད་གྲགས་ཆེན་པོར་གྱུར་ཏེ་ནུབ་ཕྱོགས་པའི་རྒྱལ་ཁབ་མང་པོས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་། ལྷག་པར་ཕྱི་ལོ་ ༢༠༢༤ ལོར་ཨ་རིའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་ཁྲིམས་གཞི་གཏན་འབེབས་བརྒྱུད་བོད་ཀྱི་གནད་དོན་ཐད་རྒྱ་ནག་གི་འཁྱོག་བཤད་ལ་གདོང་ལེན་བྱེད་བཞིན་ཡོད་ཀྱང་། བོད་ཀྱི་གནད་དོན་ལ་ཕྱིའི་རྒྱབ་སྐྱོར་དེའི་རིགས་ཀྱིས། ཆེས་ཉག་ཕྲ་བའི་གནས་སྟངས་སུ་ལྷུང་བའི་བོད་ཀྱི་ཡུལ་སྐད་སླར་གསོའི་ཐད་ནུས་པ་བཏོན་ཐུབ་ཀྱི་མེད་པ་གསུངས་འདུག

ཁོང་གིས་མ་ནེ་ག་ཅ་ལྟ་བུ་ཡུལ་སྐད་སྤྱོད་མཁན་ཚོས་རང་གི་སྐད་ཡིག་རྒྱུན་འཛིན་བྱེད་འདོད་ཡོད་ཀྱང་ད་ལྟའི་རྒྱ་ནག་གཞུང་གི་སྲིད་ཇུས་འོག སྐད་ཡིག་དེ་བེད་སྤྱོད་བྱེད་མཁན་རྣམས་ཉུང་རུ་འགྲོ་ཡི་ཡོད་པ་འགྲེལ་བརྗོད་དང་འབྲེལ། བོད་མི་ཚོས་མ་ནེ་ག་ཅ་དང་གྲངས་ཉུང་མི་རིགས་གཞན་གྱི་སྐད་ཡིག་བཤད་མཚམས་བཞག་པ་ཡིན་ན་དེ་ནི་རྒྱ་གཞུང་གིས་བོད་ཀྱི་ངོ་བོ་དང་རིག་གཞུང་མེད་པར་བཟོ་བའི་འབད་བརྩོན་ལ་རོགས་འདེགས་བྱས་པ་ཞིག་ཏུ་འགྱུར་ངེས་ཡིན་པ་དང་། བོད་ཀྱི་སྐད་ཡིག་སོན་པོར་གནས་སྲིད་ཀྱང་། མ་ནེ་ག་ཅ་ལྟ་བུའི་བོད་ཀྱི་ཡུལ་སྐད་གཅིག་རྩ་སྟོང་འགྲོ་བ་ཡིན་ན། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པར་རྒྱལ་ཁ་ཞིག་ཆགས་ཀྱི་ཡོད་པའི་ཉེན་བརྡ་བཏང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།