Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་འཇིགས་སྐུལ་ལ་ལྟོས་མེད་སྲིད་འཛིན་ Tsai Ing-wen ཨ་རིའི་ནིའུ་ཡོག་ཏུ་འབྱོར་བ།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

རྒྱ་ནག་གཞུང་གི་དྲག་པོའི་འཇིགས་སྐུལ་ལ་ལྟོས་མེད་ཐེ་ཝན་གྱི་སྲིད་འཛིན་ལྕམ་ Tsai Ing-wen བྱང་ཨ་རི་དང་ལྷོ་ཨ་རི་གཉིས་ཀྱི་དབུས་སུ་ཆགས་པའི་ཐེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་ Guatemala དང་ Belize གཉིས་སུ་ཕྱོགས་སྐྱོད་གནང་སླད་ཁ་སང་རེས་གཟའ་ལྷག་པའི་ཕྱི་དྲོར་ཨ་རིའི་ནིའུ་ཡོག་ཏུ་འབྱོར་ཡོད་པ་དང་། རྒྱ་ནག་གཞུང་གིས་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་འབྲེལ་ཐེ་ཝན་གྱི་སྲིད་འཛིན་དང་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ Kevin McCarthy ལགས་རྣམ་གཉིས་ཐུག་འཕྲད་གནང་ཚེ་རྒྱ་ནག་གིས་དེར་ལན་འདེབས་ནན་པོ་སློག་རྒྱུ་ཡིན་ཞེས་སྡིགས་ར་སྐུལ་འདུག

སྲིད་འཛིན་ལྕམ་ Tsai Ing-wen ཐེ་ཝན་ནས་མ་ཕེབས་གོང་སྟེ་ཐེ་ཝན་རྒྱལ་སྤྱིའི་གནམ་ཐང་དུ་ཨ་རིའི་རྒྱལ་ཁབ་ Guatemala དང་ Belize གཉིས་ཀྱི་གཞུང་ཚབ་པ་དང་ལྷན་དུ་གསར་འགོད་པར་གཏམ་བཤད་གནང་སྐབས་ཐེ་ཝན་རྒྱལ་སྤྱིའི་ལས་དོན་ནང་ཞུགས་པར་ཕྱི་ཕྱོགས་ནས་བཀག་འགོག་ནམ་ཡང་མི་ཐུབ་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་འབྲེལ་བ་གནང་བར་བཀག་འགོག་དེ་བས་ཀྱང་ཐུབ་ཀྱི་མ་རེད་ཅེས་གསུངས་པ་དང་འབྲེལ། ཐེ་ཝན་གྱི་འཁྲུག་རྩོད་སློང་བའི་བྱ་སྤྱོད་སྤེལ་གྱི་མེད་ལ་ལྷིང་འཇགས་དང་ཞི་བདེ། རང་དབང་དང་མང་གཙོ་ལ་བརྩི་སྲུང་ཞུས་པའི་སྒོ་ནས་སྐྱོད་རྒྱུ་དང་། ལྷག་དོན་ཐེ་ཝན་འཛམ་གླིང་དང་མཉམ་དུ་མདུན་སྐྱོད་བྱ་རྒྱུ་དང་བཞུད་ལམ་འདི་རྩུབ་པོ་ཞིག་ཡིན་ཀྱང་ཐེ་ཝན་ཁེར་རྐྱང་མིན་ཞེས་གསུངས་ཡོད། 

ལྕམ་སྐུ་ཁོང་ཨ་རིར་མ་འབྱོར་གོང་ཨ་རི་ཕོ་བྲང་དཀར་པོའི་བདེ་འཇགས་མགྲིན་ཚབ་པ་ John Kirby ལགས་ཀྱིས་ Reuters གསར་ཁང་བརྒྱུད་སྲིད་འཛིན་ Tsai མཆོག་གི་ཨ་རི་ནང་གི་འཚམས་གཟིགས་དང་འབྲེལ་ནས་རྒྱ་གཞུང་གིས་ཨ་རིར་སྙད་འདོགས་བྱ་རྒྱུ་མེད་པར་འགྲེལ་བརྗོད་གནང་འདུག

སྲིད་འཛིན་ལྕམ་ Tsai  མཆོག་གི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་གཉིས་སུ་ཉིན་བཅུའི་རིང་འཚམས་གཟིགས་གནང་སླད་ཁ་སང་ཕྱི་དྲོ་ཨ་རིའི་ནིའུ་ཡོག་ཏུ་འབྱོར་ཡོད་པ་དང་ཁུལ་དེར་རེས་གཟའ་སྤེན་པ་བར་བཞུགས་གནང་འཆར་ཡོད་པ་དང་། སྲིད་འཛིན་མཆོག་ཨ་རི་ནས་ཐེ་ཝན་ལ་ཕྱིར་ཕེབས་སྐབས་ཨ་རི་ Los Angeles གྲོང་ཁྱེར་དུ་ཡུད་ཙམ་ཆེད་ཕེབས་གནང་འཆར་དང་སྐབས་དེར་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ Kevin McCarthy ལགས་དང་ཐུག་འཕྲད་གནང་སྲིད་པར་གསུངས་ཡོད་ཀྱང་། ད་བར་གཞུང་འབྲེལ་ཐོག་ནས་གཏན་ཁེལ་གནང་མེད་པ་རེད།

སྲིད་འཛིན་ Tsai མཆོག་གི་ཨ་རི་ནང་གི་ཐེངས་འདིའི་འཚམས་གཟིགས་དང་འབྲེལ་ནས་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་ཟེར་བའི་མགྲིན་ཚབ་པ་ Zhu Fenglian ཡིས་ཐེ་ཝན་གྱི་སྲིད་འཛིན་དང་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་རྣམ་གཉིས་ནས་མཇལ་འཕྲད་གང་ཞིག་གནང་ཡང་དེ་ནི་ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་མེད་རྡོག་རོལ་གྱིས་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་ཞིག་ཡིན་པར་མ་ཟད། ཐེ་ཝན་གྱི་ཞི་བདེ་དང་བརྟན་ལྷིང་གཏོར་བཤིག་བཏང་བ་ཞིག་ཡིན་ཀྱང་རེད་ཅེས་བཤད་དེ་སྲིད་འཛིན་ Tsai Ing-wen དང་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ Kevin McCarthy མཆོག་རྣམ་གཉིས་དངོས་སུ་མཇལ་འཕྲད་གནང་ཚེ་དེ་ལ་གཞིགས་ཏེ་རྒྱ་ནག་གིས་དེར་ལན་འདེབས་ནན་པོ་སློག་རྒྱུ་ཡིན་ཞེས་སྡིགས་ར་སྐུལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།