Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་རྒྱུ་མཚན་གང་ཡིན་གསལ་ཁ་མེད་པར་གནས་དབྱུང་།  

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

རྒྱ་ནག་གིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་གནས་དབྱུང་བཏང་ཟིན་རྗེས་འདི་ལོའི་ཕྱི་ཟླ་ ༨ ནས་གར་སོང་ཆ་མེད་དུ་གྱུར་བའི་རྒྱལ་སྲུང་བློན་ཆེན་ཡང་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་དང་། གནད་དོན་དེ་ནི་ཨ་རིའི་རྒྱལ་སྲུང་སྐུ་ཚབ་རུ་ཁག་རྒྱ་ནག་ཏུ་མ་ཕེབས་པའི་ཉིན་ཤས་སྔོན་ལ་བྱུང་བ་ཞིག་ཆགས་ཀྱི་འདུག

ཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་འདི་ལོའི་ཕྱི་ཟླ་གསུམ་པ་ནང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་དུ་བསྐོ་གཞག་བྱས་པའི་ Li Shangfu  གནས་དབྱུང་བཏང་བར་མ་ཟད། རྒྱ་ནག་རྒྱལ་དོན་ལྷན་ཚོགས་དང་དབུས་དམག་དོན་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་ལས་གནས་ཡོངས་ནས་གནས་དབྱུང་བཏང་ཡོད་པ་རེད།  ཐག་གཅོད་དེར་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལས་ཁུངས་ཀྱིས་ཀྱང་ངོས་ལེན་བྱས་ཡོད་པ་བཀོད་འདུག

རྩ་བའི་ Li Shangfu འདི་ལོའི་ ཟླ་ ༨ ཚེས་ ༢༩ ཉིན་རྒྱ་ནག་དང་ཨ་ཕི་རི་ཀ་ཞི་བདེའི་ལྷན་ཚོགས་ཐོག་མཉམ་ཞུགས་བྱས་རྗེས་མཐོང་ཐོས་མེད་པར་གྱུར་ཡོད་པ་དང་། རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཁོ་པ་གནས་དབྱུང་བཏང་ཟིན་པ་ལས། དེ་ལྟར་ཐག་གཅོད་དོན་དང་ཁོ་པའི་ཚབ་ཏུ་གང་ཟག་སུ་བསྐོ་གཞག་བྱེད་ཀྱི་ཡོད་མེད་སོགས་ཁ་གསལ་གང་ཡང་བཀོད་མེད་ཀྱང་། དེ་སྔ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཁོ་པར་དམག་གི་གོ་མཚོན་ཚོང་གཉེར་ཁྲོད་ལྐོག་ཟ་རུལ་སུངས་བྱས་པའི་གནད་དོན་ལ་རྟོག་ཞིབ་བྱེད་མུས་ཡིན་པ་རེད།

རྒྱ་ནག་ཏུ་ཉེ་ཆར་ཕྱི་སྲིད་བློན་ཆེན་དང་ད་ལྟ་རྒྱལ་སྲུང་བློན་ཆེན་བཅས་བློན་ཆེན་གཉིས་གཅིག་རྗེས་གཉིས་མཐུད་དུ་ཕྱིར་འབུད་བཏང་བའི་ཁྲོད་ཞི་ཅིན་ཕིང་གིས་དབང་ཆ་གཅིག་བསྡུས་དང་མཉམ་དུ་གཞུང་འཛིན་གྱི་འགྲོ་ལུགས་རྣམས་ཕྱི་གསལ་ནང་གསལ་རྩ་བ་ནས་མེད་པ་བཟོ་བཞིན་པ་སོགས་ཁོ་པའི་གཞུང་འཛིན་བྱེད་སྟངས་ལ་དོགས་འདྲི་མང་དག་ཅིག་གནང་བཞིན་པར་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་རྣམས་དང་མི་མཐུན་པའི་ཆ་མང་དུ་ཕྱིན་པ་དང་འབྲེལ་ནས་ཞི་ཅིན་ཕིང་གིས་རྒྱལ་སྲུང་གི་ལས་དོན་ཤུགས་ཆེ་རུ་བཏང་ནས་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འཛིན་ལ་ཉེན་ཁའི་གཞི་ཡོད་ཚད་རྩ་མེད་བཟོ་རྒྱུའི་བྱ་འགུལ་ཤུགས་ཆེར་སྤེལ་བཞིན་པ་སོགས་ལ་དཔྱད་པ་གནང་མཁན་མང་པོ་འདུག

BEIJING, CHINA – APRIL 14: Chinese Foreign Minister Qin Gang speaks during a joint press conference with German Foreign Minister Annalena Baerbock (not pictured) at the Diaoyutai State Guesthouse on April 14, 2023 in Beijing, China. (Photo by Suo Takekuma – Pool/Getty Images)

ཕྱོགས་གཞན་ཞིག་ལ་ Li Shangfu ཁོ་པ་དེ་སྔ་རྒྱ་ནག་གིས་ཨུ་རུ་སུ་ནས་དམག་གི་གོ་མཚོན་ཉོ་བའི་གནད་དོན་དང་འབྲེལ་ཨ་རི་གཞུང་གིས་སྲིད་དོན་ཉེས་ཆད་ཕོག་པའི་གང་ཟག་ཞིག་ཡིན་པ་ལྟར། ཁོ་པ་ད་ཆ་ལས་གནས་ནས་ཕྱིར་འབུད་བཏང་བ་དེས་ཨ་རི་དང་རྒྱ་ནག་གཉིས་དབར་ལ་ཚད་མཐོའི་དམག་དོན་གྲོས་མོལ་གྱི་ལམ་བུ་ཕྱེས་ཡོད་པར་གསུངས་འདུག

ད་ལྟའི་ཆར་ Qin Gang དང་ Li Shangfu གཉིས་ཀྱི་དམར་ཤོག་ཚོགས་པ་ནང་གི་གོ་གནས་འཕྲོག་མེད་ཀྱང་དབྱེ་ཞིབ་པ་རྣམས་ཀྱིས་རིང་མིན་དམར་ཤོག་ཚོགས་པའི་ཚོགས་ཆེན་འཚོགས་ལ་ཉེ་བའི་ཐོག་དེ་ལྟར་ཡོང་སྲིད་པར་གསུང་མཁན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།