Tibetan Royal Year of 2151 | Year of the Wood Dragon

རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྲིམས་གཞི་གསར་པ་ཕྱིར་བསྒྲགས།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

རྒྱ་ནག་གཞུང་གིས་ཡུལ་དེའི་སློབ་ཕྲུག་དང་འབྲེལ་ཡོད་ནང་མིར་མེས་རྒྱལ་ལ་དགའ་ཞེན་དགོས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྲིམས་གཞི་གསར་པ་ཞིག་གསལ་བསྒྲགས་བྱས་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་ཁ་སང་རེས་གཟའ་མིག་དམར་ཉིན་རྒྱ་ནག་ཁྲིམས་བཟོ་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་སློབ་ཕྲུག་དང་ནང་མི་རྣམས་ལ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་ཞེན་དགོས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་འབྲེལ་བའི་ཁྲིམས་གཞི་གསར་པ་ཞིག་ཡོངས་གྲགས་བྱས་འདུག་པ་དང་། དེ་ནི་གཙོ་བོ་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་བདེ་འཇགས་དང་ཆིག་སྒྲིལ། ལོ་རྒྱུས་ལ་གཟིགས་མཁན་ཚོར་གདོང་ལེན་ཆེད་ཡིན་པར་བཤད་པ་དང་ཆབས་ཅིག ཁྲིམས་གཞི་དེ་རིང་མིན་ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡ ཚེས་ ༡ ནས་དངོས་སུ་སློབ་གྲྭ་དང་ཁྱིམ་ཚང་། དབུས་སའི་ལས་ཁུངས་བཅས་ཀྱི་ནང་དངོས་སུ་ལག་བསྟར་བྱ་གཏན་ཁེལ་འདུག

གཞུང་འབྲེལ་བརྒྱུད་ལམ་གྱིས་འགྲེལ་བརྗོད་བྱས་པར་ཁྲིམས་གཞི་གསར་པ་བརྒྱུད་རྒྱལ་གཅེས་རིང་ལུགས་ཐོག་ངེས་ཤེས་བརླག་མཁན་ཚོར་སློབ་གསོ་སྤེལ་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་གོང་སྤེལ་གཏོང་ཐབས་གཙོས་རྒྱ་ནག་དེ་རྒྱུ་མཚན་ལྡན་པ་དང་གུ་ཡངས་ཅན། དེ་བཞིན་འཛམ་གླིང་སྤྱིར་སྒོ་མོ་ཕྱེས་ནས་རྒྱལ་ཁབ་གཞན་གྱི་ཆོས་རིག་དར་ཁྱབ་ལ་དང་ལེན་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ངོས་ནས་རྒྱལ་ཁབ་གཞན་གྱི་ལོ་རྒྱུས་དང་རིག་གཞུང་གི་རྒྱུན་སྲོལ་དག་ལ་བརྩི་སྲུང་ཞུས་ཏེ་འགྲོ་བ་མིའི་ཆོས་རིག་དར་ཁྱབ་དང་འབྲེལ་བའི་ཁྱད་འཕགས་གྲུབ་འབྲས་དག་ལའང་སེམས་སྐུལ་བྱེད་བཞིན་ཡོད་ཚུལ་བཅས་བཤད་ཡོད།

ཁྲིམས་གཞི་དེ་ནི་རྒྱ་ནག་གཞུང་འབྲེལ་མི་སྣ་དང་ལས་བྱེད། གྲོང་གསེབ་པ། ཧོང་ཀོང་དང་ མཱེ་ཁའུ། ཐེ་ཝན་བཅས་སུ་བཞུགས་མཁན་རྣམས་ལ་ལག་བསྟར་བྱ་རྒྱུའི་དམིགས་ཚད་བཟུང་ཡོད་པ་རེད།  

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་སུ་གནད་དོན་དེའི་ཐད་ལ་བཅར་འདྲི་ཞུས་པར་ཁོང་གིས་ད་ལྟའི་ཆར་རྒྱ་ནག་དང་ནུབ་ཕྱོགས་མང་གཙོའི་རྒྱལ་ཁབ་དབར་ལ་འགལ་ཟླ་ཆེན་པོ་བྱུང་བ་དང་ལྷག་དོན་རྒྱ་ནག་རྒྱལ་ནང་དུ་དཔལ་འབྱོར་ཉམས་གུད་འགྲོ་བཞིན་པའི་ཛ་དྲག་གནས་སྟངས་ཁྲོད་རྒྱ་ནག་དང་གུང་ཁྲན་ཏང་ལ་དགའ་ཞེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྲིམས་གཞི་བརྒྱུད་གཙོ་བོ་ཏང་གི་སྲིང་དབང་དེ་མུ་མཐུད་རྒྱུན་སྐྱོང་ཐུབ་ཕྱིར་དམིགས་པ་ཞིག་ཡིན་པར་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།