Tibetan Royal Year of 2151 | Year of the Wood Dragon

བོད་མིའི་ཚོགས་པ་བཞིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དྷ་ས་རིགས་སློབ་མ་ལག སེར་བྱེས་ཧར་གདོང་ཁང་ཚན། རྫོང་འགོ་ལྷ་ངམ་ཕུན་གསུམ། དེ་བཞིན་བོད་མིའི་ཚོང་ལས་བདེ་ཚོགས་བཅས་ཚོགས་པ་བཞིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།

ཕྱི་ཚེས་ ༡༩ ཉིན་ནས་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༢༥ བར་ཁྱོན་གཟའ་འཁོར་གཅིག་རིང་རྡོ་རྗེ་སློབ་དཔོན་ཞྭ་སེར་བསྟན་པའི་མངའ་བདག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་༸སྐུ་ཚབ་ཏུ་སེ་ར་ཧར་གདོང་ཀེའུ་ཚང་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་༸སྐུ་ཚེ་ཚེ་སྒྲུབ་སྔོན་དུ་བཏང་བའི་ཐོག དེ་རིང་བོད་ཟླ་ ༩ ཚེས་ ༡༡ དང་། ཕྱི་ཟླ་ ༡༠ ཚེས་ ༢༥ སྟེ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་དངོས་གཞི་བསྟར་འབུལ་གྱིས་སྔ་དྲོ་ཆུ་ཚོད་ ༨༌༠༠ ཐོག་མགོན་པོ་༸གང་ཉིད་མཆོག་ཕོ་བྲང་གཟིམ་སྒོ་ནས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་སྐུ་ཚབ་ནས་སྤོས་སྣེ་དང་། རྣམ་གྲྭའི་སྤྱན་རྒྱས་སྤོས་འཛིན་པ་སོགས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ། གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་མཚམས་དབུ་བཞུགས་རྡོ་རྗེ་སློབ་དཔོན་ཞྭ་སེར་བསྟན་པའི་མངའ་བདག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་དང་། རྒྱུ་ཆགས་གསུམ་པ་དབུ་འཛུགས་གནང་བའི་ཐོག་ནས་བརྟན་བཞུགས་གྱི་ཆོ་ག་རྒྱས་པར་བསྐྱངས་སོང་།

དེ་རིང་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་སྐུ་བཞེངས་ཀྱིས་ཚེ་མདའ་ཕུལ་བ་དང་དེ་བཞིན་སེ་ར་ཧར་གདོང་ཀེའུ་ཚང་རིན་པོ་ཆེ་མཆོག་གིས་བཀའ་དྲིན་གཏང་རག་གི་མཎྜལ་རྟེན་གསུམ་འདེགས་འབུལ་དང་། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་སྦྱིན་བདག་རྣམས་ནས་མཇལ་ཁ་ཞུས་ཤིང་། མཐར་བདེན་ཚིག་སྨོན་ལམ་བཅས་གསུང་འདོན་གྲུབ་མཚམས་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་ཡོད་པ་དང་། དེ་རིང་༸གོང་ས་༸སྐྱབས་མགོན་ནས་བརྟན་བཞུགས་དང་འབྲེལ་བའི་དམིགས་བསལ་བཀའ་སློབ་གང་ཡང་སྩལ་མ་སོང་།

གཞན་ཡང་བརྟན་བཞུགས་སྐབས་གཙང་སྟོད་ལྷ་ངམ་ཕུན་གསུམ་གྱི་ཚོགས་པའི་ངོས་ནས་མགོན་པོ་གང་ཉིད་མཆོག་༸སྐུ་ཚེ་སྐལ་བརྒྱར་བརྟན་པའི་མཆོད་དབྱངས་ཕུལ་བར་མ་ཟད། གཙུག་ལག་ཁང་གི་དབུ་གཡབ་ཏུ་མང་ཚོགས་རྣམས་ལ་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་ཡོད་པ་རེད།

གཞི་རྩའི་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་མཛད་འཆར་ཡོངས་གྲགས་གནང་བར་གཞིགས་ན། ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགུལ་ཆམ་བཞེས་པ་དྭངས་སྐྱེད་བྱུང་ཡོད་རུང་། སྔོན་འཆར་ལྟར་དུས་ཐུང་ནང་ཕྱོགས་མཐར་ཆིབས་བསྒྱུར་གནང་ཚེ་སྐུ་གཟུགས་ལ་བརྡབ་གསིག་དང་། འདུ་འཛོམས་ཆེ་སར་ཆམ་རིམས་སོགས་ཀྱི་ཉེན་ཁའང་ཆེ་རྐྱེན། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་དང་། སྐུའི་བླ་སྨན་པ་རྣམས་ནས་ཀྱང་དུས་ཡུན་རིང་ཙམ་སྐུ་ངལ་གསོ་གལ་ཆེ་བའི་གསོལ་འདེབས་ཞུས་དོན་ལྟར།  ཕྱི་ལོ་ ༢༠༢༣ ཟླ་ ༡༡ ནང་སྒང་ཏོག་ཏུ་ཕེབས་རྒྱུའི་ཆིབས་སྒྱུར་མཛད་འཆར་དང་། ཕྱི་ཟླ་ ༡༡ ཟླ་དཀྱིལ་ནས་ཕྱི་ཟླ་ ༡༢ ཟླ་དཀྱིལ་བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་། ཧུན་སུར་བཅས་ཀྱི་མཛད་འཆར་རྣམས་ཕྱིར་འཐེན་ཞུས་པ་དང་། འོན་ཀྱང་། ཕྱི་ཟླ་ ༡༢ ཟླ་དཀྱིལ་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་བསྐྱང་རྒྱུའི་མཛད་འཆར་ལ་ད་ལྟའི་ཆར་འགྱུར་བ་མེད་པར་ཕྱི་ཟླ་ ༡༢ ཚེས་ ༢༩ དང་ ༣༠ བཅས་ཉིན་གཉིས་ཀྱི་སྔ་དྲོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། ཚེས་ ༣༡ ཉིན་གྱི་སྔ་དྲོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུ། དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད།

༸སྐུ་པར། དགའ་ལྡན་ཕོ་བྲང་།

འབྲེལ་ཡོད་གསར་གནས།

གསར་གནས།