Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་ཐེ་ཝན་སྲིད་འཛིན་མཆོག་གི་ཨ་རི་ནང་གི་ཕྱོགས་སྐྱོད་ལ་སྐྱོན་བརྗོད།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཐེ་ཝན་གྱི་སྲིད་འཛིན་ Tsai Ing-wen མཆོག་གཟའ་འཁོར་རྗེས་མར་བྱང་ཨ་རི་དང་ལྷོ་ཨ་རི་གཉིས་ཀྱི་དབུས་སུ་ཆགས་པའི་ Guatemala གུཝ་ཏི་མ་ལ་དང་ Belize སྦི་ལིཛ་རྒྱལ་ཁབ་ནང་ཕྱོགས་བསྐྱོད་གནང་རྒྱུ་ཡིན་པ་ལྟར། ལམ་བར་དུ་ཨ་རིའི་ནིའུ་ཡོག་དང་ Los Angeles ལོས་ཨེནྗ་ལིས་གྲོང་ཁྱེར་གཉིས་སུ་ཡུད་ཙམ་རིང་ཆེད་ཕེབས་གནང་འཆར་ཡོད་སྟབས། རྒྱ་ནག་གཞུང་གིས་དེར་སྐྱོན་བརྗོད་ཤུགས་ཆེ་དང་འབྲེལ་ཐེ་ཝན་གྱི་སྲིད་འཛིན་དང་ཨ་རིའི་དཔོན་རིགས་དབར་ཐུག་འཕྲད་གནང་ཚེ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལུགས་བཤད་འདུག

ཐེ་ཝན་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ Lin Yu-chan ལགས་ཀྱིས་སྲིད་འཛིན་ Tsai Ing-wen མཆོག་ཕྱི་ཟླ་ ༣ ཚེས་ ༢༩ ནས་ཕྱི་ཟླ་ ༤ ཚེས་ ༧ བར་ Guatemala དང་ Belize རྒྱལ་ཁབ་ནང་ཕྱོགས་ཕེབས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་དང་། བརྒྱུད་ལམ་ཁག་ཏུ་སྲིད་འཛིན་ Tsai Ing-wen མཆོག་ནས་ཐེངས་འདིའི་ཕྱོགས་སྐྱོད་ཁྲོད་གནམ་གྲུའི་འགྱུར་མཚམས་དང་འབྲེལ་ཡུད་ཙམ་རིང་ཨ་རིའི་ས་ཐོག་ཏུ་བསྐྱོད་འཆར་ཡོད་པ་མ་ཟད། Los Angeles ནང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ Kevin McCarthy ལགས་དང་མཇལ་འཕྲད་བྱུང་སྲིད་པའི་ཚོད་དཔག་གནང་བཞིན་ཡོད་པ་རེད་འདུག

epa08677908 Chinese Foreign Ministry spokesman Wang Wenbin speaks during a daily media briefing at the Ministry of Foreign Affairs in Beijing, China, 18 September 2020. EPA-EFE/WU HONG

ད་ལྟའི་ཆར་ཐེ་ཝན་སྲིད་གཞུང་ནས་དེ་འབྲེལ་མཛད་འཆར་ཁག་ཡོངས་གྲགས་གནང་མེད་ཀྱང་། ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Wang Wenbin ཟེར་བས་ཨ་རི་དང་ཐེ་ཝན་དབར་ཐུག་འཕྲད་དང་འབྲེལ་ལམ་སོགས་བྱས་ཚེ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལུགས་བཤད་པ་མ་ཟད། ཨ་རིས་ཐེ་ཝན་དང་ལྷན་དུ་ངན་བྱུས་ཀྱིས་རྒྱ་ནག་ལ་ཁ་གཏད་བྱེད་ཀྱི་ཡོད་སྐོར་བཤད་པ་དང་འབྲེལ། ཐེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་ཨ་རིས་རྒྱབ་སྐྱོར་བྱེད་ལུགས་དང་ཆབས་ཅིག ཐེ་ཝན་འདི་ཉིད་ཕྱིའི་སྟོབས་ཤུགས་རོགས་སྐྱོར་ལ་བརྟེན་ནས་རང་བཙན་རྩོད་རྒྱུའི་འཁྲུལ་སྣང་དེ་ལམ་ལྷོང་ཡོང་རྒྱུ་མིན་པའི་ཉེན་བརྡ་བཏང་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Vedant Patel ལགས་ཀྱིས་ཐེ་ཝན་སྲིད་འཛིན་ Tsai Ing-wen མཆོག་ཨ་རིའི་ས་ཐོག་ཏུ་གནམ་གྲུའི་འགྱུར་མཚམས་ཁེལ་བ་དེ་ལུགས་མཐུན་ཞིག་ཆགས་ཀྱི་ཡོད་པ་དང་འབྲེལ། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་རྣམས་ཀྱང་དེ་སྔོན་ཨ་རིའི་ས་ཐོག་ཏུ་གནམ་གྲུ་འགྱུར་མཚམས་ཁེལ་ཡོད་པ་ལྟར་ད་ལྟའི་སྲིད་འཛིན་ Tsai ལྟ་བུ་མཚོན་ན་ཁོང་ཕྱི་ལོ་ ༢༠༡༦ ལོར་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་ཐེངས་ ༦ ཙམ་དེ་ལྟར་འགྲུལ་བཞུད་གནང་ཡོད་ཅེས་གསུངས་འདུག

སྤྱིར་སྔ་ལོའིོ་ཕྱི་ཟླ་ ༨ པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་སྐབས་དེའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རུ་ཁག་ཅིག་ཐེ་ཝན་དུ་ཕེབས་སྐབས། རྒྱ་ནག་ངོས་ནས་ཁུལ་དེའི་མཚོ་གླིང་ཡོངས་སུ་བསྐོར་ཏེ་དམག་སྦྱོང་བརྒྱུད་ཉེན་བརྡ་བཏང་ཡོད་པ་རེད།

གསར་འགྱུར་བརྒྱུད་ལམ་ཁག་ནས་ཐའེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ Po Horng-huei ལགས་ཀྱིས་ཐེངས་འདིར་ཐའེ་ཝན་གྱི་སྲིད་འཛིན་ཨ་རིར་ཕེབས་སྐབས་རྒྱ་ནག་ནས་སྔ་ལོ་བཞིན་མཚོ་ཁར་དམག་གི་ལས་དོན་སྤེལ་ཚེ་དེར་གནང་འཆར་ཇི་ཡོད་སྐོར་བཀའ་འདྲི་ཞུ་སྐབས། ཁོང་གིས་རྒྱ་ནག་གི་དམག་ཐབས་ཇི་འདྲ་ཞིག་སྤེལ་རུང་ཐེ་ཝན་ནས་དེར་འགོག་རྒོལ་བྱ་རྒྱུའི་གྲ་སྒྲིག་ཡོད་པ་གསུངས་འདུག

གཞི་རྩའི་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ཐེ་ཝན་གྱི་སྲིད་འཛིན་ Tsai Ing-wen མཆོག་ཨ་རི་བརྒྱུད་ནས་ Guatemala དང་ Belize རྒྱལ་ཁབ་ནང་ཕེབས་དགོས་དོན་ནི་ཟླ་བ་སྔོན་མར་རྒྱལ་ཁབ་དེ་གཉིས་དང་ས་འབྲེལ་དུ་ཡོད་པ་ Honduras རྒྱལ་ཁབ་ཀྱིས་ཟླ་བ་སྔོན་མའི་ནང་རྒྱ་ནག་དང་ལྷན་དུ་གཞུང་འབྲེལ་གྱི་ཐོག་ནས་འབྲེལ་ལམ་གནང་རྒྱུ་ཡིན་སྐོར་བཤད་ཡོད་སྟབས། ཐེ་ཝན་ལ་ད་ལྟའི་ཆར་ Guatemala དང་ Belize རྒྱལ་ཁབ་གཉིས་རྩིས་པའི་རྒྱལ་ཁབ་ ༡༤ ལ་མ་གཏོགས་གཞུང་འབྲེལ་འབྲེལ་ལམ་མེད་རྐྱེན་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་སྲིད་པའི་ཉེན་ཁ་དང་ཆབས་ཅིག རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུའང་ཐེ་ཝན་འདི་ཉིད་རྒྱ་ནག་གི་ལྡོག་ཏུ་མེད་པའི་ཆ་ཤས་ཤིག་ཡིན་པ་བཤད་ཀྱི་ཡོད་པ་བཅས་ཀྱི་གནད་དོན་ལ་གཞིགས་ཏེ་ཕེབས་རྒྱུ་ཡིན་སྐོར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།