རྒྱ་ནག་གིས་མཚོ་སྔོན་ཞིང་ཆེན་ཟེར་བ་ནས་རྒྱ་ནག་ལྷོ་ངོས་ཀྱི་གྲོང་ཁྱེར་ཆེ་ཁག་བར་ཡུལ་སྐོར་བའི་མེ་འཁོར་ཐོག་མ་དེ་འགོ་འཛུགས།

Tibetan News Headlines

  • Dalai Lama Grants Audience to 380 Devotees, Says Life’s Purpose Is to Help Others
  • 49-Day Prayer Service for Late Ngari Rinpoche Held in Dharamshala
  • 9th Non-Sectarian Seminar on Great Canonical Texts Begins at Pal Shenten Menri Ling
  • Tibetan Advocacy Group Condemns Nepal International Film Festival for Screening ‘Xizang Panorama’ China-Backed Propaganda Films on Tibet
  • 31st GCMGC Football Tournament Kicks Off in Kollegal Dhondenling
  • New York Hosts First North American Tibetan Weekend Schools Art and Literary Competition Honoring Dalai Lama’s 90th Birthday

ཪེས་གཟའ་ཟླ་བ། ༢༠༢༦།༠༤།༠༦

  • འགྲོ་བ་མི་སྤྱི་ལ་ཕན་ཐོགས་བྱ་རྒྱུ་ནི་མི་ཚེའི་སྙིང་པོ་ཡིན་པ་བཀའ་སྩལ་བ།
  • བཞུགས་སྒར་དུ་མངའ་རིས་རིན་པོ་ཆེ་མཆོག་གི་ཞེར་དགུའི་མཆོད་འབུལ་སྨོན་ལམ།
  • གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ འགོ་འཛུགས།
  • བལ་ཡུལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ལ་རང་དབང་ཡོད་ཚུལ་བཤད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༣༡ པ་འགོ་འཛུགས་དང་འབྲེལ་ཉིན་གཉིས་པའི་རྩེད་འགྲན་གནང་བཞིན་པ།
  • བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པའི་གཟའ་མཇུག་སློབ་གྲྭ་ཁག་དབར་གྱི་རིག་རྩལ་འགྲན་བསྡུར་ཐེངས་དང་པོ།

ཕྱི་ལོ་ ༢༠༢༦ ལོའི་དཔྱིད་ཀའི་དུས་ཀྱི་ཡུལ་སྐོར་དུས་སྟོན་སླེབས་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་གིས་ཟླ་བ་འདིའི་ཚེས་ ༡༦ ཉིན་རྒྱ་གཞུང་གིས་དབྱེ་བའི་བོད་མཚོ་སྔོན་ཞིང་ཆེན་ནས་འགོ་བཙུགས་ཏེ། རྒྱ་ནག་ལྷོ་ངོས་ཀྱི་ Guangdong གོ་ཝང་དོང་དང་ཧོང་ཀོང་། མེ་ཀའོ། དེ་བཞིན་ཧེ་ནན་སོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་ཁག་ཏུ་བསྐྱོད་མཁན་གྱི་ཡུལ་སྐོར་བའི་མེ་འཁོར་ཐོག་མ་དེ་འགོ་བཙུགས་འདུག

པར་དབང་། Bastille Post Global

དེ་ཡང་ཉེ་ཆར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་གནས་ཚུལ་སྤེལ་བར་གཞིགས་ན། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་བོད་དང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་བར་གྱི་ཡུལ་སྐོར་བའི་མེ་འཁོར་དེ་དངོས་སུ་འགོ་བཙུགས་ཡོད་པ་དང་། དེའང་བོད་མཚོ་སྔོན་ཞིང་ཆེན་ཟེར་བའི་ཟི་ལིང་མེ་འཁོར་འབབ་ཚུགས་ནས་འགོ་བཙུགས་ཏེ་ཡུལ་སྐོར་བ་རྣམས་ལ་ཉིན་གྲངས་ ༡༤ རིང་མེ་འཁོར་དང་རྒྱ་ལམ། དེ་བཞིན་མཚོ་ཐོག་བཅས་འགྲུལ་བཞུད་ཀྱི་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གིས་ཆང་ཤ་གྲོང་ཁྱེར་དང་། Guangzhou གོ་ཝང་ཀྲུ། Shenzhen ཤེན་ཇན། Hong Kong ཧོང་ཀོང་། Macao མེ་ཀའོ། Zhuhai ཇུ་ཧཡེ། དེ་བཞིན་ Haikou ཧཡེ་ཀའོ་སོགས་རྒྱ་ནག་དབུས་དང་ལྷོ་ཕྱོགས་ཀྱི་ཞིང་ཆེན་འདྲ་མིན་ནང་གི་གྲོང་ཁྱེར་ཆེ་ཁག་ཏུ་འགྲིམ་འགྲུལ་བྱེད་ཀྱི་ཡོད་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་བའི་མི་འཁོར་འདི་ལོངས་སུ་སྤྱོད་མཁན་རྒྱ་རིགས་བརྒྱ་ཆ་ ༧༠ ལྷག་ལོ་ན་ ༦༥ ཡས་མས་ཀྱི་རྒན་གྲས་ཤ་སྟག་ཡིན་པ་དང་། དེའི་ནང་ནས་ལོ་ཆེ་ཤོས་དེ་ ༨༡ ཡིན་པ། འགྲུལ་བཞུད་སྐབས་ཡུལ་སྐོར་བ་རྣམས་ལ་བཅའ་དངོས་དང་སྟབས་བདེ་བའི་འགྲུལ་བཞུད་སླད་དུ་མཐུན་རྐྱེན་འདྲ་མིན་སྦྱོར་བཞིན་ཡོད་པ་རེད་འདུག

རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་བར་གྱི་ཡུལ་སྐོར་བའི་མེ་འཁོར་གྱི་ལས་གཞི་འདིའི་ཁྲོད། བོད་མཐོ་སྒང་དང་རྒྱ་ནག་གི་འཛུགས་སྐྲུན་དང་ཡུལ་སྐོར་དཔལ་འབྱོར་གྱི་ལྟེ་གནས་སུ་གྲགས་པའི་ས་ཁུལ་དེ་དག་མཐུད་པའི་བརྒྱུད། རྒྱ་ནག་གི་མང་ཚོགས་རྣམས་བོད་ལ་ལས་སླ་པོའི་ཐོག་བསྐྱོད་ཐུབ་པའི་ས་ཁུལ་ཞིག་ཏུ་གྱུར་ཏེ། བོད་དེ་ལུང་ཁུག་ཡིན་པའི་གནས་བབ་ལ་འགྱུར་བ་གཏོང་བཞིན་ཡོད་པ་མ་ཟད། དེའང་ཕུག་རྒྱང་རིང་པོའི་ནང་བོད་དེ་རྒྱ་ནག་གི་གྲོང་ཁྱེར་གཞན་ཁག་ལ་མ་རྟེན་དཀའ་མེད་བཟོ་རྒྱུ་དང་། བོད་ཐོག་འཛིན་སྐྱོང་སྟངས་འཛིན་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་དང་མཐུན་གྱི་ཡོད་པ་མངོན་རྒྱུ་འདུག དེ་བཞིན་བོད་ནང་དུ་ཕྱི་ཕྱོགས་རྒྱ་རིགས་མི་འབོར་མང་དུ་སླེབས་པ་དང་འབྲེལ་ནས་རྒྱ་ཡིག་རྒྱ་སྐད་བཀོལ་སྤྱོད་ཤུགས་ཆེ་རུ་འགྲོ་རྒྱུ་དང་། དེ་སྔ་ལྷ་ས་དང་ཉིང་ཁྲི་མཚོ་སྔོན་ཞིང་ཆེན་གྱི་ས་གནས་གཞན་ཁག་གཅིག་ལ་བྱུང་ཟིན་པ་བཞིན། ས་གནས་བོད་མི་མང་ཚོགས་ཀྱི་རིག་གཞུང་རྣམས་འཁྲབ་སྟོན་གཟིགས་འབུལ་ཙམ་གྱི་གནས་སུ་གྱར་ཉེན་ཡོད་པ་དང་། ས་གནས་སུ་ཕྱོགས་ཡོངས་ནས་རིན་གོང་ཆེ་རུ་ཕྱིན་སྟེ། ས་གནས་མང་ཚོགས་ལ་དཔལ་འབྱོར་དཀའ་ངལ་འཕྲད་གཞི་ཆགས་ཉེན་ཡོད་པ་རེད།

འདི་གའི་གསར་འགོད་པས་རྒྱ་ནག་གི་ཡུལ་སྐོར་བའི་མེ་འཁོར་ལས་གཞི་འདིའི་དམིགས་ཡུལ་དང་དེའི་བོད་ཐོག་ཤུགས་རྐྱེན་གྱི་སྐོར་ལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ད་ལྟའི་ལས་གཞི་དེ་བཞིན་རྒྱ་ནག་གི་བཙན་རྒྱལ་རིང་ལུགས་རྒྱ་སྐྱེད་གཏོང་རྒྱུའི་དམིགས་ཡུལ་དང་མཐུན་པ་ཞིག་གཟིགས་ཀྱི་ཡོད་པ་དང་། ཡུལ་སྐོར་སྤྲོ་འཆམ་དེ་ཁ་དཀྲིས་ས་ཁོ་ན་ཡིན་ཞིང་། དོན་དངོས་ཐོག་མི་དང་མིའི་འབྲེལ་བའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་གཏོང་ཐབས་ཀྱི་བྱུས་ངན་ཡིན་པའི་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་པ་སོགས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།