Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་ཤར་ཏུར་ཀིས་ཐན་ནང་དཀའ་ངལ་ཅན་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་ཐད་རྒྱལ་ཚོགས་ནས་སྐྱོན་བརྗོད།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་གཞུང་གིས་ཤར་ཏུར་ཀིས་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་སྙན་ཐོ་འདོན་སྤེལ་གནང་ནས་ད་ཆ་ལོ་ངོ་གཉིས་འཁོར་ལ་ཉེ་བ་དང་བསྟུན། རྒྱལ་ཚོགས་ཀྱི་ལྷན་ཁང་དེའི་ངོས་ནས་རྒྱ་གཞུང་གིས་ཤར་ཏུར་ཀིས་ཐན་ནང་དཀའ་ངལ་ཅན་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་བྱེད་བཞིན་ཡོད་པར་སྐྱོན་བརྗོད་གནང་འདུག

དེ་ཡང་ཁ་སང་ཕྱི་ཚེས་ ༢༧ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཕྱི་ལོ་ ༢༠༢༣ ཟླ་ ༢ པ་ནས་བཟུང་སུད་སི་ཇི་ནི་ཝ་ནང་དུ་རྒྱ་ནག་གི་གཞུང་འབྲེལ་དཔོན་རིགས་དང་ལྷན་དུ་གྲོས་བསྡུར་རིམ་པ་བྱུང་ཡོད་སྐོར་དང་སྦྲགས། གནད་དོན་དེའི་འོག་དེ་འབྲེལ་ལྷན་ཁང་གི་གཙོ་འཛིན་ Volker Türk མཆོག་ནས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༦ ནས་ཟླ་ ༦ ཚེས་ ༡ བར་རྒྱ་ནག་ནང་དུ་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་གཏོང་བྱེད་ཐུབ་ཡོད་པ་མངོན་གསལ་གནང་འདུག་པ་མ་ཟད། ལྷན་ཁང་གི་དེ་སྔའི་སྙན་ཐོའི་ནང་རྒྱ་གཞུང་གིས་ཤར་ཏུར་ཀིས་ཐན་ནང་གི་བྱ་སྤྱོད་དེ་ནི་འགྲོ་བ་མིའི་རིགས་ལ་འཚེ་བའི་ནག་ཉེས་སུ་འགྱུར་སྲིད་པ་ཞིག་རེད་ཅེས་གསུངས་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གིས་དུས་ད་ལྟའང་ཁུལ་དེར་དཀའ་ངལ་ཅན་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་བྱེད་བཞིན་པར་སྐྱོན་བརྗོད་ནན་པོ་གནང་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐ་ལྷན་ཚོགས་ཀྱིས་མགྲིན་ཚབ་པ་ Ravina Shamdasani ལགས་ཀྱིས་འདི་ལོའི་ནང་རྒྱ་ནག་ཏུ་ཆེད་གཏོང་གནང་བའི་སྐུ་ཚབ་ཚོས་རྒྱ་གཞུང་དཔོན་རིགས་དང་ལྷན་དུ་དྲག་སྤྱོད་རིང་ལུགས་པར་འགོག་རྒོལ་སྲིད་བྱུས་དང་། ནག་ཉེས་ཅན་རྣམས་ལ་ཁྲིམས་ལུགས་ལག་བསྟར་བཅས་ཀྱི་ཐོག་གླེང་སློང་བྱེད་ཡོད་པ་མ་ཟད། རྒྱ་གཞུང་གིས་རྒྱལ་ཁབ་བདེ་འཇགས་དང་འཇིགས་སྐུལ་རིང་ལུགས་པར་འགོག་རྒོལ་ལ་ཁ་གཏད་གཅོག་པའི་ཁྲིམས་ལུགས་ཀྱི་དགོས་མཁོ་ཆ་ཚང་བསྐྱར་ཞིབ་བྱེད་དགོས་ཤིང་། གྲངས་ཉུང་མི་རིགས་རྣམས་དབྱེ་འབྱེད་ལས་སྲུང་སྐྱོབ་བྱ་དགོས་པའི་དགོས་འདུན་བཏོན་འདུག

ཁོང་གི་ད་དུང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ Volker Türk མཆོག་དང་ཁོང་གི་ལས་ཁུངས་ནས་རྒྱ་ནག་དང་ལྷན་དུ་བོད་དང་ཤར་ཏུར་ཀིས་ཐན་ནང་སྲིད་བྱུས་ལག་བསྟར་བརྒྱུད་ཤུགས་རྐྱེན་ངན་པ་ཇི་བྱུང་ཐོག་གོ་བསྡུར་བྱས་ཡོད་པ་དང་། དེ་བཞིན་ཧོང་ཀོང་གི་གནད་དོན་ཐད་སེམས་འཚབ་ཀྱི་རྣམ་པ་མངོན་གསལ་གནང་བའི་ཐོག རྒྱ་ནག་གི་བཙན་ཤེད་འོག་རང་དབང་མེད་པ་རྣམས་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་ཡོད་པ་གསུངས་འདུག

རྩ་བའི་ཕྱི་ལོ་ ༢༠༢༢ ཟླ་ ༨ ཙེས་ ༣༡ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐབས་དེའི་ཚོགས་གཙོ་ལྕམ་ Michelle Bachelet མཆོག་གིས་རྒྱ་གཞུང་གིས་ཤར་ཏུར་ཀིས་ཐན་ནང་ཡུ་གུར་ཁ་ཆེའི་མི་རིགས་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་སྙན་ཐོ་འདོན་སྤེལ་གནང་ནས་ཟླ་བ་འདིའི་ཚེས་ ༣༡ ཉིན་ལོ་གཉིས་འཁོར་གྱི་ཡོད་སྟབས། ཁ་སང་ཕྱི་ཚེས་ ༢༧ ཉིན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྒྱ་ནག་གཞུང་གིས་ཤར་ཏུར་ཀིས་ཐན་ནང་དུ་ཡུ་གུར་དང་ཏུར་ཀིཀ་ཁ་ཆེ་བ་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མུ་མཐུད་བྱེད་བཞིན་ཡོད་པའི་ཐོག་སྐྱོན་འཛུགས་རྣམས་ཁས་ལེན་བྱེད་ཀྱི་མེད་སྟབས། དེ་འབྲེལ་མནར་གཅོད་སོགས་འགོག་ཐབས་སུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་རྒྱལ་ཁབ་ཁག་ནས་རྒྱ་ནག་ལ་གནོན་ཤུགས་ཇེ་ཆེར་སྤྲོད་དགོས་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཐོག་གི་ཟུང་སྦྲེལ་འགན་འཛིན་ Maya Wang ལགས་ཀྱིས། རྒྱ་གཞུང་གིས་ཤར་ཏུར་ཀིས་ཐན་ནང་ནག་ཉེས་ཇི་འདྲ་བསགས་པ་དེ་ཡིག་ཆར་གསལ་པོ་འཁོད་པ་རྣམས་ལ་ཁས་ལེན་བྱེད་ཀྱི་མེད་པ་དེར་ཧང་སངས་དགོས་དོན་མེད་པ་དེ་ལྟར་ཡང་། གནད་དོན་དེའི་བརྒྱུད་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གཙོས་པའི་ཚོགས་མི་རྒྱལ་ཁབ་རྣམས་ནས་ནུས་པ་དང་ལྡན་པའི་རྗེས་འདེད་མཇུག་སྐྱོང་གནང་དགོས་པ་མཚོན་གྱི་ཡོད་ཅེས་ནན་བརྗོད་གནང་འདུག

མ་ཟད་ཟླ་བ་རྗེས་མ་སྟེ། ཕྱི་ཟླ་ ༩ ཚེས་ ༩ ནས་ཕྱི་ཟླ་ ༡༠ ཚེས་ ༡༡ བར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༧ པ་འཚོགས་རྒྱུ་ཡིན་པ་དང་བསྟུན། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱལ་ཁབ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་ལ་གནད་དོན་དེའི་ཐོག་གདོང་ལེན་གྱི་བསྒྲགས་གཏམ་ཞིག་སྤེལ་དགོས་ངེས་ཡིན་པ་ཞིང་། རྒྱལ་ཚོགས་ཀྱི་ཆེད་མཁས་པ་ ༥༠ ལྷག་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བརྒྱ་ཕྲག་དུས་མས་དེ་འབྲེལ་སྐུལ་འདེབས་གནང་བ་ལ་གཞིགས་ནས་རྒྱ་ནག་ལ་འདྲི་རྩད་གནང་དགོས་པའི་དགོས་འདུན་ཡང་བཏོན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།