Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ནང་ Tang Ping ཞེས་པའི་བག་ཉལ་གྱི་ལས་འགུལ་གསར་པ་སྤེལ་བཞིན་པ།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

རྒྱ་ནག་གཞུང་གིས་ཡུལ་དེའི་ནང་གི་མང་ཚོགས་རྣམ་པའི་གཞི་རྩའི་རང་དབང་ཁག་ལ་དམ་དྲག་ ཤུགས་ཆེ་བྱས་པ་མ་ཟད་གཞུང་གི་སྲིད་བྱུས་དང་ལས་གཞི་ཁག་ལ་མོས་མཐུན་མེད་སྐོར་གྱི་བསམ་ཚུལ་གསུང་མཁན་དང་དངོས་སུ་སྤྱི་ཚོགས་ཁྲོད་ཏུ་ངོ་རྒོལ་སྐད་འབོད་སོགས་གནང་མཁན་རྣམས་འཕྲལ་དུ་འཛིན་བཟུང་བྱས་ཏེ་བཙོན་འཇུག་སོགས་ཀྱི་ཁྲིམས་ཐག་གཅོད་བཞིན་ཡོད་སྟབས་ད་ཆ་རྒྱ་ནག་གི་མང་ཚོགས་ཁྲོད་དུ་ Tang Ping ཞེས་བག་ཉལ་གྱི་ལས་འགུལ་གསར་པ་ཞིག་ཁྱབ་སྤེལ་འགྲོ་བཞིན་འདུགTang Ping ཞེས་བག་ཉལ་གྱི་ལས་འགུལ་གསར་པ་དེ་ནི་འདི་ལོའི་ཕྱི་ཟླ་ ༤ པའི་ཟླ་དཀྱིལ་ཙམ་ལ་རྒྱ་ནག་ནང་དར་སྲོལ་ཆེ་བའི་ Baidu ཞེས་པའི་སྤྱི་ཚོགས་དྲ་ལམ་བརྒྱུད་དར་འཕེལ་བྱུང་བ་ཞིག་ཡིན་པ་དང་ལས་འགུལ་ནང་རྒྱ་ནག་གི་མི་རབས་གསར་པ་དང་ཚོང་གི་སྡེ་ཁག་གཙོས་སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་ནང་ཕྱག་ལས་གནང་མཁན་རྣམས་ནས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་སྐྱེ་སྒོ་བཀག་འགོག་དང་ངལ་རྩོལ་གྱི་སྲིད་བྱུས། དེ་བཞིན་ཚོང་དང་འཛུགས་སྐྲུན་གྱི་སྲིད་བྱུས་ཁག་ལ་མོས་མཐུན་མེད་པ་མ་ཟད། ལྷག་པར་དུ་སྲིད་བྱུས་དེ་དག་ལག་བསྟར་སྐབས་ལས་མི་དང་མང་ཚོགས་ཀྱི་འཚོ་བའི་བདེ་འཇགས་དང་བདེ་སྡུག་སོགས་ཀྱི་ཐད་ལ་བསམ་བློ་བཏང་མེད་སྟབས། མང་ཚོགས་རྣམས་ནས་ལས་རིགས་ནས་ཕྱིར་བཤོལ་བྱས་པ་དང་ས་ཁང་དང་སྣུམ་འཁོར་གསར་པའི་རིགས་ཉོ་མཚམས་བཞག་པ། དེ་བཞིན་གཉེན་སྒྲིག་མ་བྱས་པ་དང་རང་ཉིད་ལ་ཡོད་པའི་དཔལ་འབྱོར་རྣམས་ཚོང་གི་སྡེ་ཚན་ཁག་ལ་ཆེད་འཛུགས་གནང་རྒྱུ་འཚམས་འཇོག་སོགས་བྱས་ཏེ་གཞུང་གི་སྲིད་བྱུས་ཁག་ལ་འགོག་རྐྱེན་བཟོ་ཐབས་བྱེད་བཞིན་པའི་ལས་འགུལ་ཞིག་ཡིན་པ་རེད།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱ་ནག་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་སུ་དེ་འབྲེལ་ཐོག་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གི་སྲིད་བྱུས་སྤྱི་དང་ལྷག་པར་དུ་ཚོང་ལས་དང་འབྲེལ་བའི་སྲིད་བྱུས་ཁག་གི་འོག་ཏུ་ལས་མི་དང་ས་གནས་མང་ཚོགས་རྣམས་མི་ཡིན་པའི་སྤོབས་པ་ཙམ་ཞིག་གནང་རྒྱུ་མེད་པར་དུས་ལྟར་ཏུ་རྒྱ་ནག་གི་སྲིད་བྱུས་དེ་དག་གི་ལག་ཆ་དང་བྲན་གཡོག་ལྟ་བུར་བེད་སྤྱོད་བྱེད་བཞིན་པར་མོས་མཐུན་མེད་པའི་རྣམ་པ་ཆེད་བཏོན་གནང་ཡོད་པར་གསུངས་ཡོད།དེ་བཞིན་བརྒྱུད་ལམ་ཁག་ཅིག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་རྒྱ་ནག་གི་ཆབ་སྲིད་ཐོག་ཉམས་ཞིབ་གནང་མཁན་ Wu Qiang ལགས་ནས་རྒྱ་ནག་ནང་ཡོད་པའི་ན་གཞོན་དང་ལས་རིགས་ཁག་ཏུ་བཞུགས་པ་རྣམས་ནས་འདས་པའི་ལོ་ངོ་དགུ་ལྷག་གི་རིང་ལ་རྒྱ་ནག་ནང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འགྱུར་བའི་ཁྲོད་དུ་སྲིད་གཞུང་ལ་དངོས་སུ་ངོ་རྒོལ་བྱེད་རྒྱུའི་ཐོབ་ཐང་དང་བསམ་ཚུལ་བཤད་རྒྱུའི་རང་དབང་གཉིས་མེད་པའི་ཚོར་སྣང་དང་ཉམས་མྱོང་ཤུགས་ཆེན་པོ་ཞིག་བྱུང་ཡོད་སྟབས། མང་ཚོགས་ནས་གཞུང་གི་ལས་གཞི་ཁག་ལ་མཉམ་ཞུགས་མ་བྱས་པར་བག་ཉལ་བྱས་ནས་བསྡད་རྒྱུ་ནི་གདམ་ཀ་གཅིག་པོ་དེ་རེད་ཅེས་གསུངས་འདུག

རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་ Tang Ping ཞེས་བག་ཉལ་གྱི་ལས་འགུལ་དེར་རྒྱ་ནག་གི་གཞོན་སྐྱེས་ཚོས་དོ་སྣང་བྱེད་ཀྱི་མ་རེད། ཌརྒྱ་ནག་གི་གཞོན་སྐྱེས་ཚོ་ལས་ཀ་བྱེད་རྒྱུར་འདོད་པ་ཆེན་པོ་ཡོད་མཁན་རེད་སོགས་འགྲེལ་བརྗོད་བྱེད་བཞིན་པ་འདུག་ཀྱང་འཇར་མ་ནི་ནང་རྒྱ་ནག་གི་ཆབ་སྲིད་ཐོག་ཉམས་ཞིབ་གནང་མཁན་ Valarie Tan ལགས་ཀྱིས་ Tang Ping ཞེས་པའི་ལས་འགུལ་དེས་རྒྱ་ནག་གཞུང་ནས་སེམས་འཚབ་བྱེད་དགོས་པ་ཞིག་བཟོས་ཡོད་པ་དང་། ལྷག་པར་དུ་ལས་འགུལ་འདི་རིམ་པས་སྤྱི་ཚོགས་དྲ་ལམ་བརྒྱུད་དར་ཁྱབ་ཆེན་པོ་བྱུང་ཚེ་ཟླ་བ་རྗེས་མར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༡༠༠ པའི་ཉིན་མོར་སྲུང་བརྩི་བྱེད་སྐབས་ཆབ་སྲིད་ཀྱི་ལས་འགུལ་ཤིག་ཏུ་ངོ་བོ་བསྒྱུར་སྲིད་སྟབས། ད་ཆ་རྒྱ་ནག་གཞུང་ནས་ལས་འགུལ་འདི་དང་འབྲེལ་བའི་ཐ་སྙད་རྣམས་སྤྱི་ཚོགས་དྲ་ལམ་ནས་བཀག་འགོག་བྱེད་རྒྱུ་དང་དེ་འབྲེལ་གྲོས་བསྡུར་གྱི་གླེང་སྟེགས་ཁག་སྒོ་རྒྱག་དགོས་པ་སོགས་ཀྱི་དམ་དྲག་བྱེད་བཞིན་ཡོད་པར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།